ཨ་ཕ།(ཞར་བཀོད་གཉིས་ཡོད)

ཆོས་འབྱོར་རྒྱ་མཚོ། 琼迈文学网 2023-04-01
ནམ་མཁའི་དབྱིངས་སུ་བདག་མེད་དུ་ཤོར་བའི་ཤེས་པ་རེ་འགའ
རྒྱང་རིང་གི་གནས་ཚང་ལ་མ་ཤོང་སྟེ
སྐྱོ་གདུང་འགམས་ནས་ཡུན་རིང་སོང་རྗེས
གྱང་ཁང་དེར་ཁྱེད་ཀྱིས་གཙང་སྒྲ་བྱས་ཤིང་
དེ་རུ་རང་གི་ཨ་མ་འདྲ་བའི
ཤེས་པ་ལྡན་པའི་རྣམ་ཤེས་མང་པོའི་སྲོག་རྩ་ལ
ལྡུམ་རའམ་སྐྱེད་ཚལ་བསྐྲུན་ཡོད
ཨ་མ།

ནམ་མཁའི་ངོས་སུ་སེམས་ཅན་གྱི་རྣམ་ཤེས་འཁྱམས་དུས
བདག་མེད་དག་ལ་བདག་འཛིན་ཆེ་བ་དེས
ནམ་མཁའི་ལྗོངས་སུ་གནས་པའི་ལྷ་ཚོགས་དག
ཁྱེད་ལ་དགའ་ཞིང་དད་སྟོབས་འབར་བྱུང་
ནམ་མཁའི་གང་སར་ཁྱབ་པའི་བུ་མོ

རང་ཉིད།
རྣམ་ཤེས  འབྱུང་ལྔ་ལ་གཡར་ནས་བསྐྲུན་པའི་ཕུང་པོ
གནམ་འོག་ན     ཅིག་ཤོས་དང་ཆགས་སྡང་ཞིག
ཅིག་ཤོས་བྱམས་བརྩེ་འབར་བའི་འོད་ཅིག

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཨ་ཕ།(ཞར་བཀོད་གཉིས་ཡོད)

2023-04-01 ཆོས་འབྱོར་རྒྱ་མཚོ། ཀློག་གྲངས། མཆན ཡོད།
ནམ་མཁའི་དབྱིངས་སུ་བདག་མེད་དུ་ཤོར་བའི་ཤེས་པ་རེ་འགའ
རྒྱང་རིང་གི་གནས་ཚང་ལ་མ་ཤོང་སྟེ
སྐྱོ་གདུང་འགམས་ནས་ཡུན་རིང་སོང་རྗེས
གྱང་ཁང་དེར་ཁྱེད་ཀྱིས་གཙང་སྒྲ་བྱས་ཤིང་
དེ་རུ་རང་གི་ཨ་མ་འདྲ་བའི
ཤེས་པ་ལྡན་པའི་རྣམ་ཤེས་མང་པོའི་སྲོག་རྩ་ལ
ལྡུམ་རའམ་སྐྱེད་ཚལ་བསྐྲུན་ཡོད
ཨ་མ།

ནམ་མཁའི་ངོས་སུ་སེམས་ཅན་གྱི་རྣམ་ཤེས་འཁྱམས་དུས
བདག་མེད་དག་ལ་བདག་འཛིན་ཆེ་བ་དེས
ནམ་མཁའི་ལྗོངས་སུ་གནས་པའི་ལྷ་ཚོགས་དག
ཁྱེད་ལ་དགའ་ཞིང་དད་སྟོབས་འབར་བྱུང་
ནམ་མཁའི་གང་སར་ཁྱབ་པའི་བུ་མོ

རང་ཉིད།
རྣམ་ཤེས  འབྱུང་ལྔ་ལ་གཡར་ནས་བསྐྲུན་པའི་ཕུང་པོ
གནམ་འོག་ན     ཅིག་ཤོས་དང་ཆགས་སྡང་ཞིག
ཅིག་ཤོས་བྱམས་བརྩེ་འབར་བའི་འོད་ཅིག

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།