ཉིན་ཞག(ཞར་བཀོད་གཅིག)
རྒྱང་རིང་རྒྱང་རིང་ཞིག
ཚོད་མི་ཐིག་པའི་མངོན་ལྐོག་རེས་མོས
མིག་ཆུ་ཡུར་བར་དྲངས་ཏེ
བྱམས་བརྩེའི་མྱུ་གུ་འབུས་པར་རེ་ནའང
ཡིད་འགྱུར་གྲང་མོ་འདི་ཡིས
སུ་ཡང་སྲོ་ཐབས་མེད་པས
ཉི་མའི་ངོགས་སུ་གཅིག་པུར
འཆམ་འཆམ་ལ་འགྲོ
གཞས་ལ་ཆགས་པའི་ཨམ་འབྱོག
རི་མོའི་གཟུགས་སུ་གྲུབ
སྡོད་ཤག་གླས་མའི་ནང་གི
གྲེ་བར་བསྐྱིལ་བའི་ཁེར་རྐྱང
གྱང་ངོས་ཀྱི་སྒྲེན་གཟུགས
ཉི་ངོགས་ན་འཚེར
ངག་གིས་རྨས་པ་གྲངས་མེད
དཀོན་ཅོག་ལ་མིག་ཆུ་ཕྱུང་བ་གྲངས་མེད
རྨི་ལམ་གྱི་ཡལ་གའི་ཁོང་སྨེ
ཡིད་ཀྱི་ན་ཚའི་ངོས་སུ་ཞོགས
ཉལ་བའི་སྔས་འགྲམ་ནས
གློ་བུར་གློ་བུར་ངང
འཐོར་ཞིག་ཏུ་གྱུར་བ་གང་ཞིག
མཛུབ་རྩེ་ནས་བགྲང་ཁོམ་མ་བྱུང
༢༠༢༣།༠༦།༠༦ཉིན་ལ།
མིང་མེད་སྙན་ངག་ཅིག
ང་ཚོ་ཇེ་ཡང་ནས་ཇེ་ཡང་ངང རླུང་གིས་ཡོམ་པའི་ཁུར་མོང་ལྟར
ཤ་ཁྲག་གི་རྩིག་པའི་ནང་གི་སྲ་མཁྲེགས་ཇེ་ཉུང་དུ་འགྲོ་བཞིན་འདུག
ང་ཚོ་རང་གི་རྐང་འོག་ཁོ་ནའི་རྡུལ་འཚུབ་ནང་ཡིད་ཆགས་ཏེ
མགོ་ཐོག་གི་སྤྲིན་པ་དང་རླུང་བུ་དང་སྐྲ་ལོ་བརྗེད་ཀིན་འདུག
རྒོད་པོ་དང་ནམ་མཁའི་ང་རྒྱལ་དག་ཀྱང་རིམ་པར་བརྗེད་ཀིན་འདུག
ང་ཚོ་ཟས་ཅོག་གཅིག་ཏུ་སོ་སོའི་ཁ་གཏད་དུ་འགྲེང་བསྡད་ཀྱང
སོ་སོའི་ཉམ་ཉེས་པའི་སྐད་ཆ་དག་རྙེད་ཐུབ་ཀྱི་མི་འདུག
ང་ཚོ་གསོལ་ཚིགས་རེ་རེའི་ཐུན་མཚམས་སུ་ཡང་ཡང་འཛོམས་ནའང
སྨྲ་བ་ཇེ་ཁེགས་སུ་ལྡབ་ཅིག་ཕྱིན་འདུག
ཁོ་ཚོའི་ལག་ཏུ་ད་ལྟ་བའི་རང་ཉིད་འབྱིད་བྱེད་ཀྱི་མེ་ལོང་རེ་ཐོགས་ཏེ
རང་གི་གདོད་མའི་ངོ་གདོང་ལ་བཟོ་བཅོས་སྣ་ཚོགས་རྒྱག
༢༠༢༣།༠༦།༠༢ ཞོགས་པར།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།