ཚོར་བ་རབ་རིབ།(ཞར་བཀོད་གཉིས་ཡོད)
མཚན་མོ་རེ་རེར
སྙན་ངག་པ་ཚོ་ངུ་ཞིང་དགོད
ཚོར་འདྲེས་ཀྱི་ཐ་སྙད་དེ་དག
མུན་པ་བཞིན་ཡིད་དུ་འོང
དུས་ཚོད་ལ་བཙའ་ཆགས་རྗེས
སྐད་མཐོན་པོས་གླུ་གཞས་ཤིག་ཀྱང་གཏོང་ཐབས་བྲལ
དབྱར་ཁ་འདིར ཤིན་ཏུ་འཁྱག་པའི་དབྱར་ཁ་འདིར
གངས་རི་དང་རྩྭ་ཐང་ཡང་སྐྱོ་ཞིང་བཤུམས
༢༠༢༣-༦-༧མཚན་མོར།
གཉོམ་དྲག་པའི་སེམས་པ་དེ
མིག་ཆུ་དང་འདྲེས་རྗེས
ང་རང་དུས་ཚོད་གཅིག་གི་མདུན་དུ
སྐྱེ་འཆི་བརྒྱ་ཡི་མགྲོན་པོར་གྱུར
སྙིང་ཉེ་བའི་བྱེའུ་ལགས
ཁྱོད་རང་བག་ཕེབས་པོར་འཕུར་དང
ང་ཡི་ནམ་མཁའ་དྭངས་ཤིང་གཙང
ཁྱོད་ཀྱི་མིག་མདུན་གྱི་ཁོ་བོ་ནི་རི་མོ་ཙམ་སྟེ
འཇིག་རྟེན་འདི་ཡི་སྣང་བརྙན་མ་ལུས་མཚོན་པར་དཀའ
ཁྱོད་ཉིད་དལ་བ་དལ་བར
ལག་པས་མི་ཟིན་པའི་སེམས་པ་དེར་གཅོར་དང
ཁྱོད་རང་མཚོན་པའི་ཐ་སྙད་ཁོ་ན་དེ་རུ་སྦས་འདུག
༢༠༢༣-༦-༡༢ཉིན།
ཐ་སྙད་གསེད་བཀྲོལ།
མིག་ནང་དུ་མཛེས་པའི་ཡི་གེ་འདི་དག
ཡི་གེའི་ཁྲོད་ཀྱི་སྐད་ཆ་དང་ཐ་སྙད་རེ་རེ
དམ་པོར་སྙིང་ལ་བཅངས་ནས
ངས་མཐར་ཐུག་གི་རང་ཉིད་ལ་དབུལ་བར་བྱ་འོ
ཐ་སྙད་གཅིག་གི་ནང་དུ
རང་ཉིད་མ་ལུས་པར་བྲིས་ཡོད
སྐར་ཆ་གཅིག་གི་ནང་དུ
ང་དང་ཁྱོད་ཀྱི་འཇིག་རྟེན་མཐའ་དག་བྲིས་ཡོད
སྟོང་པར་ལུས་པའི་མུན་པ་འདི་དང
སྙིམ་པར་བཅངས་པའི་ཐ་སྙད་རེ་རེ
ནམ་མ་གསལ་གོང་དུ
རང་ཉིད་ཁོ་ནར་དབང་བའི་མེ་ལོང་དུ་བྲི་བར་བྱའོ
༢༠༢༢-༡༢-༡༥ཞོགས་པར།
སྙན་ངག་པ་ཚོ་ངུ་ཞིང་དགོད
ཚོར་འདྲེས་ཀྱི་ཐ་སྙད་དེ་དག
མུན་པ་བཞིན་ཡིད་དུ་འོང
དུས་ཚོད་ལ་བཙའ་ཆགས་རྗེས
སྐད་མཐོན་པོས་གླུ་གཞས་ཤིག་ཀྱང་གཏོང་ཐབས་བྲལ
དབྱར་ཁ་འདིར ཤིན་ཏུ་འཁྱག་པའི་དབྱར་ཁ་འདིར
གངས་རི་དང་རྩྭ་ཐང་ཡང་སྐྱོ་ཞིང་བཤུམས
༢༠༢༣-༦-༧མཚན་མོར།
ཕྱི་ནང་།
གཉོམ་དྲག་པའི་སེམས་པ་དེ
མིག་ཆུ་དང་འདྲེས་རྗེས
ང་རང་དུས་ཚོད་གཅིག་གི་མདུན་དུ
སྐྱེ་འཆི་བརྒྱ་ཡི་མགྲོན་པོར་གྱུར
སྙིང་ཉེ་བའི་བྱེའུ་ལགས
ཁྱོད་རང་བག་ཕེབས་པོར་འཕུར་དང
ང་ཡི་ནམ་མཁའ་དྭངས་ཤིང་གཙང
ཁྱོད་ཀྱི་མིག་མདུན་གྱི་ཁོ་བོ་ནི་རི་མོ་ཙམ་སྟེ
འཇིག་རྟེན་འདི་ཡི་སྣང་བརྙན་མ་ལུས་མཚོན་པར་དཀའ
ཁྱོད་ཉིད་དལ་བ་དལ་བར
ལག་པས་མི་ཟིན་པའི་སེམས་པ་དེར་གཅོར་དང
ཁྱོད་རང་མཚོན་པའི་ཐ་སྙད་ཁོ་ན་དེ་རུ་སྦས་འདུག
༢༠༢༣-༦-༡༢ཉིན།
ཐ་སྙད་གསེད་བཀྲོལ།
མིག་ནང་དུ་མཛེས་པའི་ཡི་གེ་འདི་དག
ཡི་གེའི་ཁྲོད་ཀྱི་སྐད་ཆ་དང་ཐ་སྙད་རེ་རེ
དམ་པོར་སྙིང་ལ་བཅངས་ནས
ངས་མཐར་ཐུག་གི་རང་ཉིད་ལ་དབུལ་བར་བྱ་འོ
ཐ་སྙད་གཅིག་གི་ནང་དུ
རང་ཉིད་མ་ལུས་པར་བྲིས་ཡོད
སྐར་ཆ་གཅིག་གི་ནང་དུ
ང་དང་ཁྱོད་ཀྱི་འཇིག་རྟེན་མཐའ་དག་བྲིས་ཡོད
སྟོང་པར་ལུས་པའི་མུན་པ་འདི་དང
སྙིམ་པར་བཅངས་པའི་ཐ་སྙད་རེ་རེ
ནམ་མ་གསལ་གོང་དུ
རང་ཉིད་ཁོ་ནར་དབང་བའི་མེ་ལོང་དུ་བྲི་བར་བྱའོ
༢༠༢༢-༡༢-༡༥ཞོགས་པར།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།