ལམ་གྲོགས་བུ་མོ།(ཞར་བཀོད་གཅིག་ཡོད)

ཚེ་ཤིས་ལྷ་དོན།(གཙོས) 琼迈文学网 2023-07-11
འཛུམ་མདངས་ཀྱི་ཉི་འོད་ཡག་ཅིང་།
ཞི་དུལ་གྱི་མཛེས་པ་ཞིམ་ལ་ནེམ།
བག་ཆགས་ཀྱིས་བསླེས་པའི་སྐྲ་ལོ་སྟུག་པོ།
སྐབས་དོན་དང་འཛིང་བས་འཕྱང་ཞིང་འཚུབ་ནའང་།
ཁྱེད་ནི་མེ་ཏོག་མིག་མཛེས་ཤིག་གམ་བྱུ་རུའི་ཆག་འཕྲོ་ཞིག

ཚོད་ཚོད་ལ་ཧད་འགྲོ་བའི་གཟུགས་རིས་དེ།
ཁོར་ཡུག་གི་ལྷམ་ཆུང་དོག་པས་ཡིན་ནམ།
སྐྱོ་བ་ཡི་ཁུག་མ་ལྕི་བས་ཡིན།
གང་ལྟར་ཉི་ནུབ་རྗེས་ཀྱི་འཇིག་རྟེན་ན།
མོའི་སྙིང་ལ་ཉེ་བའི་ནང་སེམས་ཀྱི་བྱིས་པ་ཚོ་དགོད་ཅིང་མཆོང་བཞིན་ཡོད་ལས་ཆེ་ཨང་།
དེ་ལྟར་བསམ་ནས་བསྐྱར་དུ་བལྟས་ན།
ཁྱེད་ནི་གསེར་སྐུ་བརྡུང་འཕྲོ་ཞིག་གམ་མཆོད་རྟེན་བཞེངས་འཕྲོ་ཞིག

སྐྱོ་བ་མེད་པའི་འཇིག་རྟེན་མི་སྲིད་ཅིང་།
སྨྲེང་བ་སྟོང་བའི་འཚོ་བ་མི་རྙེད་པས།
འཕུར་སྟབས་ལས་མྱུར་བའི་ཕྱག་རྒྱ་ནག་པོ་དག་ནི་མཐོང་སྣང་ལས་འགོངས་ཏེ།
ཡིད་ཆད་དང་གདུང་བ་དག་ནི་འདམ་མྱག་བཞིན་རྫོབ་ལ་སྟུག
མཚམས་མཚམས་སུ་རྐང་བརྡབ་རྒྱག་ཅིང་བྱིངས་འདྲེད་ཤོར་བ་འང་ཆོས་ཉིད་དོ།
འུ་ཅག་རྐང་རྗེན་ལ་སླེབས་ཤིང་ལྷམ་གོན་ལ་བྲེལ་བས།
ལྷམ་གྱི་ཆ་ཡ་ནོར་ལ།
ཕྱི་རྟིང་རྣག་གིས་ཟིན་པའང་དེ་བཞིན་ན།
ཁྱེད་ནི་ལམ་ནོར་ཨ་སྐྱོ་ཞིག་གམ་མགྲོན་པོ་རྒྱུས་མེད་ཅིག

འཚོ་བའི་རྐང་མཐིལ་ལ་རྨ་དྲེགསཆགས་པ་ནས།
ང་ཚོས་རང་སྲུང་གི་འཐབ་འཛིང་ལྷུར་ཏུ་བླངས་གྱུར་རུང་།
གདོས་བཅས་ཀྱི་ལུས་པོ་ཆུང་ཞིང་འགྱུར་ལྡོག་གི་འཇིག་རྟེན་ཆེ་དྲགས་པས་སམ།
དཔུང་བ་གཉོམ་པོ་ཞིག་གིས་སེམས་པ་ལྕི་མོ་ཞིག་ཐེག་དཀའ་བའམ།
དུང་བ་གཤའ་མ་ཞིག་གིས་བརྩེ་བ་རུལ་བ་ཞིག་གསོ་མ་ནུས་བས།
ང་ཚོ་སྐྱོ་ལ་ང་ཚོ་དངངས།
ང་ཚོ་འཇིགས་ཤིང་ང་ཚོ་སྐྲག
འཁོར་བའི་ལག་མཐིལ་གྱི་ཉམས་ཆུང་བའི་འུ་ཅག་སྙིང་ཉེ་ནའང་།
སྙིང་རྗེ་མེད་པའི་འཇིག་རྟེན་ནག་པོས་ཁྱོད་ལ་དཀར་འཇམ་འཇམ་ཀྱི་གནས་མལ་ཅིག་གང་ནས་སྟེར།
དེས་ན་ཁྱེད་ནི་རྣམ་ཤེས་ལྡོམ་པོ་ཞིག་གམ་གྱི་ལིང་མགོ་འཁོར་ཞིག

ཡིན་ནའང་།
ནོར་བུའི་གཟི་བྱིན་ཤེས་པས་ཟིན་ཅིང་།
རྒྱུ་ཡི་རིན་ཐང་མཁོ་བས་གཞལ་ན།
ཡང་འགྲིག་གི་ཉལ་ཁྲི་དེ་རུ་ཆ་འགྲིག་གི་མི་བདག་ཅིག་གནས་ཚེ།
ཁྱེད་ནི་རྙེད་དཀའི་ནོར་བུ་ཞིག་གམ་སྙིང་གི་དུམ་བུ་ཞིག
              ༢༠༢༣ .༥ .༦ཉིན།

རླུང་ལྡང་ཚུལ་ཞིག
 
སྨུག་པ་སྤྱི་གཙུག་ནས་ལྡང་སྟེ།
རྫ་ལུང་སྨག་གིས་བཟུང་སོང་།
འཇིག་རྟེན་གྱི་རྫུ་བག་མཐའ་དག་ལོ་ན་རྒས་བས།
ལོ་ཆུང་ཚོ་དགའ་བས་བཟི།
སྤང་ན་རྒྱུ་བའི་གཡང་དཀར་དག་གི་ཁོག་པ་འབུས་བཀང་རྗེས།
འཕྲོད་བསྟེན་གྱི་ཆོ་ག་དེ་ཚོ་གར་སྟེགས་ལས་མཆོང་ཞིང་རྩེན།
ཝི་ཆང་ལྟ་བུའི་དབུགས་རྒྱགས་མང་པོ་ཞིག་གཞི་གྲངས་ཀྱི་བར་ན་འགད་ལ་ཁད།

ལོ་ཟླ་དེ་དག་ཞེན་པས་བཟས་ཕྱིར།
ས་ཟ་མ་ཚོའི་རླུང་རྟ་རྦད་དེ་དར།
གཏམ་དང་གནས་ལུགས།
ཆོས་དང་བདེན་པ།
འགྲོ་འོང་རིག་པ།
གློད་འགོག་ནུས་བ།
ཐ་ན་བུ་ཚ་འཁྲུངས་སྟངས་ནས།
བུ་མོ་རྩེབས་ཚུལ་སོགས་རྦབ་དུ་འགྲིལ་ལ།
བརྙན་དུ་བརྐོས།

བསྐལ་བ་བཟང་སོང་ལོ།
རྒྱུ་དང་ནོམ་པ་བྱུར་བུར་གཏམས།
ལུགས་ཀྱི་བསྟན་བཅོས་ཕམ་པར་རྒྱབ།
བསྐལ་བ་བཟང་སོང་ལོ།
བདུད་རྩིའི་རྔམས་ཁ་ནས་འཇིག་རྟེན་བདག་གིར་བཞེས་ཏེ།
མོ་ཡག་ཚོ་གསང་ཡུམ་དུ་སྦས་རྗེས།
ཁེར་རྐྱང་གི་རྒྱལ་སྲས་དག་ཁེར་རྐྱང་གི་བརྗིད་ཀྱིས་རྒྱགས་ཤིང་སྦོས།

སྔོན་ཆད་ན་ཟླ་ཚོ་གླུ་ཞིག་ལོངས་དང་ཅེ་ན།
གླུ་ནི་གླུ་དང་།
ངག་ནི་ངག་མོད།
ད་ལྟ་ན་མཉམ་ཚོ་གཞས་ཞིག་གཏོང་དང་སྐད་ན།
གཞས་ནི་ལ་གཞས་དང་ངག་ནི་ངུ་ངག་གོ།

སྨུག་པ་སྤྱི་གཙུག་ནས་ཆས་ཏེ།
རྫ་རིའི་རྔམ་ཟིལ་བརླག་སོང་།
འཆད་སྐྱེན་ཀྱང་སྟོབས་ཟད་པའི་མི་བུ་བདག་ལྟ་དག་ནི།
རྡུལ་ཕྲན་ནམ།
ལོ་མའམ་ཤིང་ཤུན་ནམ།
ཡོད་པས་མི་གནོད་ལ་མེད་ན་མི་སྐྱོན་པའི།
རྡོ་སོལ་སྟེང་ལ་ཨོང་བའམ།
ཨོང་བའི་སྟེང་ལ་ཆ་མ་ལྟ་བུའི་ལྷག་མའོ།།
ལྷག་མའི་ལྷག་མའོ།།
    ༢༠༢༣ལོའི་སྤྱི་ཟླ་༤བའི་༢༦ཉིན་གྱི་དགོང་དྲོའི་ཆུ་ཚོད་བཞི་པར་ཐོལ་བྲིས་བྱས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལམ་གྲོགས་བུ་མོ།(ཞར་བཀོད་གཅིག་ཡོད)

2023-07-11 ཚེ་ཤིས་ལྷ་དོན།(གཙོས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།