སེམས་ཀྱི་མདུད་པ།(སྙན་ཚོམ)

ཀླུ་ཚང་སྨྱུག་རྩེན།(རྩེ་ཁོག) 琼迈文学网 2023-07-26
 གལ་ཏེ།

གལ་ཏེ། དགྲ་བོ་དང་ལམ་ཐུག་བརྒྱབ་ན།
གལ་ཏེ། འཐབ་ནས་མི་ཐུབ་ན་བྲོས་ན་ལེགས་སོ།།
གལ་ཏེ། ལག་ཏུ་ཆུད་ཚེ་ཞུ་བ་གྱིས་ལ་ཕྱག་ཚོལ་ཅིག
གལ་ཏེ། དགྲ་བོ་བྱང་སེམས་ཅན་ཞིག་ཡིན་ཚེ།
གལ་ཏེ། ཁྱོད་རང་ཚེ་ཐར་དུ་གཏོང་ཡང་སྲིད་དོ།

གལ་ཏེ། འཆི་བ་རང་ཐོག་ཏུ་བབས་ཚེ།
གལ་ཏེ། འཆི་བ་དེ་ཕ་རོལ་པོ་ལའང་ཡོད་པར་སོམས་ཤིག
གལ་ཏེ། སྐྲག་ཀྱང་བླ་མ་འཐོར།
གལ་ཏེ། ཁྱོད་རང་ལམ་ནོར་ཐེབས་ཚེ།
གལ་ཏེ། དག་ཞིང་གང་ཞིག་ནས་སྐྱེ་ཡང་སྲིད་དོ།
                    
ཐེ་ཚོམ་གྱི་དྲི་བ།

ནམ་མཁའ་འདི་འཁོར་ལོ་རྩིབས་བརྒྱད་ཡིན་པ་བདེན་ན།
ས་གཞི་འདི་པད་མ་འདབ་བརྒྱད་ཡིན་པ་བདེན་ན།
གངས་རི་འདི་ཤེལ་གྱི་མཆོད་རྟེན་ཡིན་པ་བདེན་ན།
མཚོ་མོ་འདི་གཡུ་ཡི་མེ་ལོང་ཡིན་པ་བདེན་ན།
ནགས་ཚལ་འདི་སྲིད་པའི་སྐྲ་ལོ་ཡིན་པ་བདེན་ན།

སྦྲ་ནག་གན་གསེར་གྱི་རུས་སྦལ་ཡིན་པ་བདེན་ན།
ལུག་ཁྱུ་གན་སྐར་མ་སྟོང་ལྡན་ཡིན་པ་བདེན་ན།
ནོར་ནག་གན་དགོང་ཁའི་གྲིབ་སོ་ཡིན་པ་བདེན་ན།
རྟ་མཆོག་འདི་འདོ་བ་ཅང་ཤེས་ཡིན་ཡིན་པ་བདེན་ན།
ཨ་ཕོ་ངའི་ལས་སྣང་དག་ནས་འདུག་གོ།
                          
  ངའི་རྣར་མི་འགྲོ

ཁྱོད་རང་ནར་སོན་པའི་རྐྱེན་གྱིས།
ང་རང་རྒས་ཀྱིན་པ་བདེན་ནམ།
ང་ཡི་འགྲོ་འདུག་སྟབས་བདེ་མིན་པ་འདི།
ང་རང་རྒས་ཀྱིན་པའི་རྟགས་རེད་ཟེར་བ་བདེན་ནམ།
ཉི་མ་རེ་རེར་ཉི་མ་གསར་པ་རེ་ཤར་བས།
གྲིབ་སོ་ཐམས་ཅད་ང་ལ་ཕོག་པ་བདེན་ནམ།
ཁ་སང་ངས་ལབ་པའི་འཇིག་རྟེན་གྱི་ཆོས་ཉིད་དེ་དག
དེ་རིང་ངས་གཏན་ནས་དྲན་གྱིན་མི་འདུག་ཟེར་བ་བདེན་ནམ།
སང་ཉིན་ང་རང་རྒ་བའི་ཁུར་གྱིས་ནོན་ཞིང་།
འཆི་ཁའི་འཕག་འཚག་ཁྲོད།
ད་དུང་སྐྱིད་པའི་གླུ་ལེན་ཞིང་།
དགའ་བའི་བྲོ་འཁྲབ་ངེས་ཟེར་བའང་བདེན་ནམ།

ངའི་རྣར་མི་འགྲོ་བ་ཞིག་ལ།
སྔ་མ་ཞིག་ལ་ཤི་སོང་བའི་སྐྱེ་བ་ཞིག་ངས་དྲིན་གྱིན་མི་འདུག་ལ།
ཚེ་འདིར་ཇི་ལྟར་ཡོང་བའང་ངས་དྲན་གྱིན་མི་འདུག
ངས་དྲན་དུས་ང་རྒས་ནས་ཚད་འདིར་སླེབས་འདུག

གལ་ཏེ། ཕྱིར་ལོག་ཆོག་ཚེ།

གལ་ཏེ། ཕྱིར་ལོག་ཆོག་ཚེ།
ང་རང་ཕྱིར་ལང་ཚོ་འབར་བའི་ལོ་ཟླའི་ནང་ལོག་སྟེ།
འཇིག་རྟེན་ལ་ད་དུང་སྣང་བ་རྩོད་འདོད།

གལ་ཏེ། ཕྱིར་ལོག་ཆོག་ཚེ།
ང་རང་ཕྱིར་བྱིས་པའི་འཇིག་རྟེན་དུ་ལོག་སྟེ།
ཕ་མ་ལ་ད་དུང་གཡེར་བག་བྱེད་འདོད།

གལ་ཏེ། ཕྱིར་ལོག་ཆོག་ཚེ།
ང་རང་ཕྱིར་ཨ་མའི་མངལ་དུ་ལོག་སྟེ།
ཟླ་ཤས་ལ་ད་དུང་ངལ་གསོ་བྱེད་འདོད།
               2023.7.22

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སེམས་ཀྱི་མདུད་པ།(སྙན་ཚོམ)

2023-07-26 ཀླུ་ཚང་སྨྱུག་རྩེན།(རྩེ་ཁོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།