མིང་མེད།(ཞར་བཀོད་གཉིས་ཡོད)

ཟླ་བ་ཁྲི་སྐྱིད།(ཧྲན་ཏུང) 琼迈文学网 2023-09-13
མིང་མེད།

ངས་རང་ཉིད་ལ་རྟག་ཏུ་གླུ་ལེན་བཞིན་ཡོད།
ལན་རེར་མཚན་མོའི་སྐར་མདའ་ལ་བལྟས།
རྨོ་ལགས་ཀྱི་ལྷ་སྒྲུང་ནང་གི་མི་དག་ལ་རྒྱང་རིང་དང་བརྩེ་དུང་ཡོད་མེད་དྲིས།
གྲོང་ཁྱེར་ནི་འཚོ་བ་རོལ་ས་ཡིན་མིན་ལ་འདང་བརྒྱབ།
སྐྱེ་འཆིའི་བར་དུ་དོན་སྙིང་གིས་ཟིན་པ་ག་ཙམ་ཡོད་མེད་བཙལ།
རྣམ་དག་གིས་ལས་འབྲས་སྙོར་མཁན་ལ་མཛུབ་རྩིས་བརྒྱབ།
བལྟས་འཕྲོར་ལུས་པའི་དཔེ་དེབ་ཀྱི་ཤོག་གྲངས་རྩིས།
གཏི་མུག་དང་འདོད་པས་ཟིན་པའི་ཉིན་མཚན་ལ་མིག་ཆུ་བཏང་།
ཁྱོད་ཀྱིས་མི་ཤེས་པ་ཐག་གིས་ཆོད་དེ།
འཇིག་རྟེན་གྱི་དབང་དགོས་ཤིང་མི་དགོས་པ་དག་ལ་ངས་ཀྱང་ཧབ་ཐོབ་བྱས་མྱོང་།

མིང་མེད།

ངས་ཁྱོད་ཀྱིས་སྙན་ངག་འབྲི་བར་སྒུག
ངས་ད་དུང་ཁྱོད་ཀྱིས་ང་ལ་གཅེས་ཨེ་ཡོང་ལ་རེ།
ངས་ཁྱོད་རང་མི་སྣ་བསམ་ཤེས་ཅན་ཞིག་ཏུ་གྱུར་པར་ཉན།
ངས་ཁྱོད་ཀྱིས་རྒྱུ་འབྲས་ཀྱི་དཀར་ནག་ལ་ཉེ་རིང་མི་བྱེད་ངེས་བསམ།

མིང་མེད།

འཁོར་བ་སྡུག་བསྔལ་གྱི་བག་ཆགས་སུ་སྐྱེས།
ངས་རང་ཉིད་ཡང་ཡང་དེ་ཉིད་ཁོར་ནར་འཇུག་རྩིས་བྱེད།
ང་རང་ཁེར་རྐྱང་ལ་སྐྲག་གིན་ཡོད་པ་འདྲ་ཡང་།
ཁེར་རྐྱང་ཁོ་ནས་ང་ལ་འཐོབ་བྱ་མང་དུ་བསྐྱེད་བྱུང་།
བུ་མོ།    ཁེར་རྐྱང་ལ་སྐྲག་མ་གནངས།
མི་ནི་སྐྱེ་འཆི་གཉིས་ཀ་ཁེར་རྐྱང་གིས་འཇུག་འགྲོ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མིང་མེད།(ཞར་བཀོད་གཉིས་ཡོད)

2023-09-13 ཟླ་བ་ཁྲི་སྐྱིད།(ཧྲན་ཏུང) ཀློག་གྲངས། མཆན ཡོད།
མིང་མེད།

ངས་རང་ཉིད་ལ་རྟག་ཏུ་གླུ་ལེན་བཞིན་ཡོད།
ལན་རེར་མཚན་མོའི་སྐར་མདའ་ལ་བལྟས།
རྨོ་ལགས་ཀྱི་ལྷ་སྒྲུང་ནང་གི་མི་དག་ལ་རྒྱང་རིང་དང་བརྩེ་དུང་ཡོད་མེད་དྲིས།
གྲོང་ཁྱེར་ནི་འཚོ་བ་རོལ་ས་ཡིན་མིན་ལ་འདང་བརྒྱབ།
སྐྱེ་འཆིའི་བར་དུ་དོན་སྙིང་གིས་ཟིན་པ་ག་ཙམ་ཡོད་མེད་བཙལ།
རྣམ་དག་གིས་ལས་འབྲས་སྙོར་མཁན་ལ་མཛུབ་རྩིས་བརྒྱབ།
བལྟས་འཕྲོར་ལུས་པའི་དཔེ་དེབ་ཀྱི་ཤོག་གྲངས་རྩིས།
གཏི་མུག་དང་འདོད་པས་ཟིན་པའི་ཉིན་མཚན་ལ་མིག་ཆུ་བཏང་།
ཁྱོད་ཀྱིས་མི་ཤེས་པ་ཐག་གིས་ཆོད་དེ།
འཇིག་རྟེན་གྱི་དབང་དགོས་ཤིང་མི་དགོས་པ་དག་ལ་ངས་ཀྱང་ཧབ་ཐོབ་བྱས་མྱོང་།

མིང་མེད།

ངས་ཁྱོད་ཀྱིས་སྙན་ངག་འབྲི་བར་སྒུག
ངས་ད་དུང་ཁྱོད་ཀྱིས་ང་ལ་གཅེས་ཨེ་ཡོང་ལ་རེ།
ངས་ཁྱོད་རང་མི་སྣ་བསམ་ཤེས་ཅན་ཞིག་ཏུ་གྱུར་པར་ཉན།
ངས་ཁྱོད་ཀྱིས་རྒྱུ་འབྲས་ཀྱི་དཀར་ནག་ལ་ཉེ་རིང་མི་བྱེད་ངེས་བསམ།

མིང་མེད།

འཁོར་བ་སྡུག་བསྔལ་གྱི་བག་ཆགས་སུ་སྐྱེས།
ངས་རང་ཉིད་ཡང་ཡང་དེ་ཉིད་ཁོར་ནར་འཇུག་རྩིས་བྱེད།
ང་རང་ཁེར་རྐྱང་ལ་སྐྲག་གིན་ཡོད་པ་འདྲ་ཡང་།
ཁེར་རྐྱང་ཁོ་ནས་ང་ལ་འཐོབ་བྱ་མང་དུ་བསྐྱེད་བྱུང་།
བུ་མོ།    ཁེར་རྐྱང་ལ་སྐྲག་མ་གནངས།
མི་ནི་སྐྱེ་འཆི་གཉིས་ཀ་ཁེར་རྐྱང་གིས་འཇུག་འགྲོ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།