དམ་བཅའ་འདུས་བྱས་ཡིན་པས་འཇིག(ཞར་བཀོད་གསུམ་ཡོད)
ལེགས་པར་གོམས་པའི་འདོད་པའི་ཆོས།
རང་མགོ་རང་གིས་གཡོགས་པའི་གཡོ་དང་སྒྱུ།
མུན་དོང་གི་བརྩེ་བའི་ཆ་ཤས་རེ་རེ།
བསྐལ་པ་དུ་མར་གོམས་པར་བྱས་པའི་སྟོན་འབྲས་སུ་མཐོང་།
བདག་ཅག་གིས་སང་ཉིན་འཚོ་བ་མི་ཤེས་བཞིན་གསོན་པར་འདོད།
ཕྱི་དྲོ་འཚོ་བ་མི་ཤེས་བཞིན་འཆར་འགོད་ལ་གཞོལ།
སྤྱོད་ལམ་རྣམ་བཞིར་རབ་ཏུ་ཆགས་པའི་འཇམ་གཤིས།
གནས་ངན་ལ་མོས་ཤིང་རྩིང་སྤྱོད་ཀྱི་བདེན་སྣང་དུ་མཐོང་།
སེམས་བསྐྱེད་ཀྱི་སྤོབས་པ་ཡོངས་སུ་དོར་བས།
སྤྱོད་པས་བཙན་ཁྲིད་དུ་མཐོང་བའི་ཞེ་མེར་བའི་བརྡ།
རང་མོས་རང་གིས་མི་འཁྱོངས་བཞིན།
གཞན་བརྟེན་གྱི་བརྩེ་བ་འཕྲུལ་སྣང་གིས་བསྐྱངས།
ཀུན་རྫོབ་ཀྱི་བློ་བརྟན།
འཇིག་སླ་བའི་འདུན་པ།
སྣུམ་ཟད་མར་མེས་སྙོན་ངེས་ཀྱི་སྲེད་པ་མང་དུ་དྲངས།
སྒྱུ་མའི་རྟགས་དང་ལྟད་མོ་སེམས་ཀྱི་སྒེའུ་ཁུངས་ཁར་འཚང་།
སྐྱོ་བ་འདྲེན་པ་དག
མི་རེ་རེ་མགྲོན་པོ་བཞིན།
མི་རེ་རེ་དབུགས་ཀྱི་རྒྱུ་བ་ལྟར།
མི་རེ་རེ་མི་འདོད་པའི་རྣམ་འགྱུར་སྟོན་པའི་རྒྱུ་ཞིག
མགྲོན་པོ་རེ་རེ་དང་གྱེས་དུས།
ངོ་ཕྲད་པའི་རྣམ་འགྱུར་བརྗེད་པར་གྱུར།
འཚོ་གནས་ཀྱི་དུས་ཡུན་ཟད་པར་འགྱུར།
སྐྱེ་འཆི།
སྐྱེ་འཆིའི་གཤོག་པར་བཀོད་པའི་ཚེ་སྲོག་གི་མར་མེ།
མེ་མདའ་ཞིག་ཏུ་བསམས་ཀྱང་ཞིབ་ཏུ་བལྟས་ཚེ་ཉམ་ཆུང་བ་ལ་ཨང་།
གཟུགས་ཀྱི་མཛེས་པར་ཆགས་པའི་རྣམ་རྟོག་གི་རྟ་ཁྱུ།
དྲི་བཞོན་བཞིན་དུ་བསྒོམས་ཀྱང་།
ཉི་ཟླའི་འཕེལ་འགྲིབ་དང་རྒྱབ་ཀྱིས་ཕྱོགས་འདྲའི་འདུ་ཤེས་ཟ་ཟི།
ནམ་མཇུག་སྡུད་པའི་ལྗོན་ཤིང་གེལ་བ་དང་ཡང་དག་མཚུངས་ཨང་།
མི་རྟག་རྟག་ལ་སྣང་བ།
ཁེར་རྐྱང་ནི་ཁྱོད་ཉིད་མཚོན་བྱེད་ཀྱི་མུན་ནག་བཞིན།
མི་ཚོགས་ཀྱི་འུར་ཟིང་དང་འགྲོགས་ཐབས་མེད།
དེ་ནི་ཉི་འོད་དང་མཉམ་དུ་གཤིབ་མི་ནུས་པའི་དཀར་ཁུང་དང་འདྲ།
ཞེ་ལ་སྡུག་ཡུས་ཀྱི་ཤྭ་འོད་བརྡོལ་བའི་དགོས་པ་ཆུང་།
ཟག་བཅས་ཀྱི་ཕུང་པོ་གང་ཞིག
འཇིག་རྟེན་འདིའི་གྲུ་ཟུར་ཞིག་ཏུ།
རང་ལ་དབང་བའི་ཉི་འོད་དེ་སྲུང་བཞིན་གདའ།
ཡིན་ཡང་གྲང་ངར་གྱིས་རབ་ཏུ་གཙེས་པའི་དགུན་གཞུང་འདིར།
ཁྱོད་ཉིད་ཁེར་ཧྲེང་ལ་འཇིགས་པ་སྐྱེ་དགོས་དོན་མེད་དེ།
ནང་སེམས་སུ་ལྷིང་འཇགས་ཀྱི་གངས་རི་ཞིག་ཉར་རྗེས།
ཨུ་ཚུགས་ཀྱིས་བདེ་བ་ཉི་ཚེ་བ་ཞིག་ལ་ཆགས་པར་མི་བྱའོ།།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།