ཁྱོད་ཀྱི་དབྱར་ཁ་གང་དུ་བྲོས་སམ།(ཞར་བཀོད་གཉིས་ཡོད)
དབྱར་ཁ་ནི།
རྨི་ལམ་གྱི་གཙང་ཆུའི་ཁར་བབཀྲག་མདངས་ཀྱིས་བཞད་པའི།
མེ་ཏོག་དེ་ཡིན་འོས་ཀྱང་།
ད་ནི་ལོ་རེ་ནས་ལོ་རེར།
ཁྱོད་ཀྱི་དབྱར་ཁ་རབ་རིབ་ཏུ་འགྲོ་བཞིན་འདུག
མགོ་བོ་ཟླ་གམ་གྱི་ཁུད་ནས་འཕྲོག་སྟེ།
མིག་ཟུང་བར་སྣང་ལ་ཅི་ཙམ་གཏད་ཀྱང་།
ཉི་ཟེར་གྱི་ཁོང་གསེང་ནས་བརྡོལ་བའི།
དྭངས་གཙང་གི་དྲོལ་ཁོལ་མཐོང་དུ་མེད་དེ།
མིག་ལམ་དུ་རྒྱུ་བ་ནི་པགས་པའི་སྐྱིབས་ལ་འབྱར་བའི་གྲང་ལྷགས་ཁོ་ན་རེད།
ཨ་ཁ།
མིའི་རིགས་ཀྱི་རྒྱང་བསྐྱོད་རིང་མོའི་ཁྲོད་ནས།
ཁྱོད་ཀྱི་དབྱར་ཁ་གང་དུ་བྲོས་སམ།
༢༠༡༩-༥-༦-༡༦ཿ༡༤།
ངའི་མིང་གིས་འབོད་རོགས། ཨ་ཅེ་དབྱངས་ཅན།
ངའི་མིང་གིས་འབོད་རོགས། ཨ་ཅེ་དབྱངས་ཅན།
ང་ས་རྡུལ་ཁྲོད་ཟགས་ལ་ཉེ།
མདངས་མེད་པའི་ཉི་ཟེར་འདི་དག་གིས།
ངའི་སོར་མོ་དམ་དུ་བསྡམས་སོང།
ད་ནི་ང་ལ་རླབས་ཆེ་བའི་དབྱངས་ཀྱི་འགྱུར་ཁུག་མི་འདུག་སྟེ།
ངའི་མིག་ལམ་དུ་ཕལ་བའི་རླུང་འཚུབ་ལྡང་བྱུང་།
ག་ལ་རུང་ཨང་། ཨ་ཅེ་དབྱངས་ཅན།
ཕལ་བའི་ནམ་མཁའ་འདི་ངའི་དབུ་སྟེང་དུ་ག་ལ་བསྙེས་རུང་།
ང་རླབས་ཆེ་བའི་ཕྱིར་དུ་འཇིག་རྟེན་གནམ་འོག་ཏུ་འོང་བ་མ་ཡིན་ནམ།
ང་ལ་འཇིག་རྟེན་འདི་བཀྲུ་བྱེད་ཀྱི་དབྱངས་ཀྱི་འགྱུར་ཁུག་དགོས།
ངའི་མིང་གིས་འབོད་རོགས། ཨ་ཅེ་དབྱངས་ཅན།
ངས་ཕལ་བའི་ནམ་མཁའ་འདི་ཚལ་བར་གཤག་དགོས།
༢༠༡༩-༧-༡༦-༡༢ཿ༤༠།
མཚར་བ་ལ།
གཟུགས་མེད་པའི་རླུང་ལྡང་སོང་ཟེར་བ་བདེན་ནམ།
མ་རེད་དེ།
ཆུ་ཕོར་བ་གང་བསྐྱིལ་སོང་།
མ་རེད་དེ།
མེ་སྤར་མོ་གང་སྦར་སོང་།
ཅི་ཙམ་སོང་བས་དེ་ཙམ་གྱིས་མཐའ་མི་མཐོང་སྟེ།
དབྱར་དགུན་དུས་ལྟར་སླེབ་འོང་གིན་འདུག
འཕྲེད་ཤིང་གིས་བཅད་པའི་ལམ་བུ་མེད་ཀྱང་ཆོག་སྟེ།
རྐང་རྗེས་སྔར་བཞིན་གཏོར་ཆོག་གིན་འདུག
མཐའ་མར་སུ་ཡང་སྔར་གྱི་ལམ་ལ་ཞུགས་དགོས་པར་འདུག
གཅེར་བུར་ཡུལ་ལ་ལོག་དགོས་པར་འདུག
ཨ་ཁ། མཚར་བ་ལ། མི་ཚེ།
༢༠༡༩-༩-༡༡-༡༤ཿ༤༩།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།