སྣང་བ་རྟུལ་རྟུལ་བོ།(ཞར་བཀོད་གཅིག་ཡོད)

མཐོང་གྲོལ།(ནག་ཆུ) 琼迈文学网 2024-01-01

ཏག་ཏག་ང་རང་ནི་ལས་ཀྱིས་ག་སར་སྤུར་འགྲོ་བའི་རྣམ་ཤེས་དེ།
རླུང་བུ་གཡུག་ཙམ་གྱིས་ག་སར་འདེད་འགྲོ་བའི་ཤོག་བྱ་དེ།
མེ་ལོང་གི་རྒྱལ་ཁམས་འགྲིམ་པའི་དུས་རབས་ཀྱི་ཡུལ་གྱར་བ།

ང་ཡི་དགོད་སྒྲ་འཚོལ་བའི་གནའ་བོའི་སྐྱ་མི་དེ།
ང་ཡི་ན་ཟུག་འགམ་པའི་བྱེ་མའི་སྨིག་རྒྱུ་དེ།
ང་ཡི་མིག་མདངས་ལ་ཆགས་པའི་གོང་བ་དམར་སྐྱ་ཅན་དེ།
ཏག་ཏག་ང་ཡི་བེམ་ཤེས་ཀྱི་རིང་ས་ནས་ང་ལ་བཅར་་མཁན་དེ།

ལམ་འདི་ནས་ཁྱོད་རང་ཡང་ཡང་དྲན།
                             
                    
ཉི་ཟླའི་འོད་དཀར་ལ་མུན་ནག་གི་ཡོལ་བས་བྲན་དུས།
ནང་སེམས་ལ་གྱེས་བྲལ་གྱི་རྨ་ཁ་བཞག
རྨི་ལམ་ལས་བདག་གིས་ཉལ་ཤག་ཏུ་ཉི་མར་ལྡེ་སྟེ།
རྟོག་བཏགས་སུ་ཐུག་འཕྲད་དང་བྱིལ་བྱིལ་གནང་རུང་།
ཐག་རིང་གི་ན་ཟུག་དང་སྨྲེང་བ་མཐའ་དག
དུས་ཚོད་ཀྱིས་བཙན་ཤེད་ཁྲོད་ནས་ག་ལེར་ཕམ་འགྲོ།
ཁྱོད་ཀྱི་འཛུམ་མདངས་ཆ་མེད་ལ་འཐིམས།
ང་ཡི་དྲན་གདུང་ཡང་བཙག་རླུང་གིས་དེད་དུས།
རྒྱུས་ཡོད་ཀྱི་དྲན་གདུང་དེའང་རྒྱུས་མེད་ལ་སིམས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྣང་བ་རྟུལ་རྟུལ་བོ།(ཞར་བཀོད་གཅིག་ཡོད)

2024-01-01 མཐོང་གྲོལ།(ནག་ཆུ) ཀློག་གྲངས། མཆན ཡོད།

ཏག་ཏག་ང་རང་ནི་ལས་ཀྱིས་ག་སར་སྤུར་འགྲོ་བའི་རྣམ་ཤེས་དེ།
རླུང་བུ་གཡུག་ཙམ་གྱིས་ག་སར་འདེད་འགྲོ་བའི་ཤོག་བྱ་དེ།
མེ་ལོང་གི་རྒྱལ་ཁམས་འགྲིམ་པའི་དུས་རབས་ཀྱི་ཡུལ་གྱར་བ།

ང་ཡི་དགོད་སྒྲ་འཚོལ་བའི་གནའ་བོའི་སྐྱ་མི་དེ།
ང་ཡི་ན་ཟུག་འགམ་པའི་བྱེ་མའི་སྨིག་རྒྱུ་དེ།
ང་ཡི་མིག་མདངས་ལ་ཆགས་པའི་གོང་བ་དམར་སྐྱ་ཅན་དེ།
ཏག་ཏག་ང་ཡི་བེམ་ཤེས་ཀྱི་རིང་ས་ནས་ང་ལ་བཅར་་མཁན་དེ།

ལམ་འདི་ནས་ཁྱོད་རང་ཡང་ཡང་དྲན།
                             
                    
ཉི་ཟླའི་འོད་དཀར་ལ་མུན་ནག་གི་ཡོལ་བས་བྲན་དུས།
ནང་སེམས་ལ་གྱེས་བྲལ་གྱི་རྨ་ཁ་བཞག
རྨི་ལམ་ལས་བདག་གིས་ཉལ་ཤག་ཏུ་ཉི་མར་ལྡེ་སྟེ།
རྟོག་བཏགས་སུ་ཐུག་འཕྲད་དང་བྱིལ་བྱིལ་གནང་རུང་།
ཐག་རིང་གི་ན་ཟུག་དང་སྨྲེང་བ་མཐའ་དག
དུས་ཚོད་ཀྱིས་བཙན་ཤེད་ཁྲོད་ནས་ག་ལེར་ཕམ་འགྲོ།
ཁྱོད་ཀྱི་འཛུམ་མདངས་ཆ་མེད་ལ་འཐིམས།
ང་ཡི་དྲན་གདུང་ཡང་བཙག་རླུང་གིས་དེད་དུས།
རྒྱུས་ཡོད་ཀྱི་དྲན་གདུང་དེའང་རྒྱུས་མེད་ལ་སིམས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།