སེམས་ཁྲལ།(ཞར་བཀོད་གཉིས་ཡོད)
མིག་ཟུང་དེས་ཉམ་ཆུང་ངང་།
རྒྱུ་འབྲས་དང་ཆོས་ཉིད་སྟོན།
ཁ་བའི་འདབ་མ་ལྷབ་ལྷུབ་ཀྱིས་བསྐྱོད་ཤུལ་དུ།
རྒས་འགྲོ་བའི་ཕ་ཡུལ་གྱི་རྣམ་འགྱུར་ལས།
རབ་རིབ་དང་ལྗན་ལྗིན་གྱིས་གོས་པའི།
རྒྱུ་འབྲས་དང་ཆོས་ཉིད་མཐོང་།
གལ་ཏེ། སྨོན་པ་ཙམ་མིན་ན།
ཕ་ཡུལ་གྱི་པང་དུ་ངས་ངག་འཇམ་པའི་ཀི་རྒྱང་ཞིག་བྱེད་འདོད།
ཕྱིར་མིག
ས་སྲོད་དུ་ང་ལ་དྲན་འོས་པ་ཅི་ཡང་མི་འདུག
འོན་ཏེ། ཁེར་རྐྱང་གི་ལག་ཟུང་དེའི་དོན་དུ།
ང་རང་ས་སྲོད་ཀྱི་ཕྱིར་མིག་བསློགས་པའི་མཚམས་སྤྲིན་ལ་ལྟ་རྒྱུར་ལོབ།
བལྟས་ཀྱིན་བལྟས་ཀྱིན་ཤིན་ཏུ་འཁྱག་པའི་ལག་ཟུང་ཞིག་ལས།
ས་སྲོད་ཀྱིས་ང་ལ་ཅི་ཡང་མ་གནང་། བདེན་ཏེ་ཅི་ཡང་མ་གནང་།
ཆུ་ལ་ཆུར་བཞག་པ་བཞིན།
མེ་ལ་མེ་བསྣན་པ་བཞིན།
སེམས་པ་སེམས་སུ་བསྲེས།
ད་ལྟའི་སྣང་ངོར་གྲུབ་པའི་སྣ་ཚོགས་གཟུགས་ཅན།
སྣང་སྟོང་ཟུང་འཇུག་གི་རྒྱས་སུ་བཏབ།
ཞི་བ་རོ་གཅིག་པའི་ཀློང་དུ་སྟིམ།
ཨ་ལ་ལ་ཧོ།
རྩོམ་སྒྲིག་པ། དབང་མོ།

བློ་སྦྱོང་།
ཆུ་ལ་ཆུར་བཞག་པ་བཞིན།
མེ་ལ་མེ་བསྣན་པ་བཞིན།
སེམས་པ་སེམས་སུ་བསྲེས།
ད་ལྟའི་སྣང་ངོར་གྲུབ་པའི་སྣ་ཚོགས་གཟུགས་ཅན།
སྣང་སྟོང་ཟུང་འཇུག་གི་རྒྱས་སུ་བཏབ།
ཞི་བ་རོ་གཅིག་པའི་ཀློང་དུ་སྟིམ།
ཨ་ལ་ལ་ཧོ།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།