༡༩༩༣ (སྙན་ངག་རིང་མོ)
—ཡང་ན་ཕོ་ལོ་སུམ་ཅུར།
རྡུལ་ཆགས་པའི་རླངས་འཁོར་གཙང་མར་བཀྲུས་རྗེས
Uསྣོད་ཀྱི་ཞབས་ལ་འཁྱིལ་བའི་གླུ་སྐད་དེའི་ན་ཟུག་ཀྱང་བསྐམ་ལ་ཉེ་བ་མཐོང
སྣང་བའི་འཕྱོ་འཇགས་ཀྱིས་ཕབ་པའི་རི་མོ་དེའི་ངོས་སུ
རི་ཆུ་ནགས་གསུམ་དང་བྱ་བྱེའུ་སྣ་ཚོགས་ནི་མེད་པར
བསབ་དགོས་པའི་ཁང་སྟོང་ཞིག་དང་འདྲུད་དགོས་པའི་ལྕགས་ཁྲོག་ཅིག་ལས
ཅི་ཡང་མེད་པར ཚུར་ལ་ཅེར་འདུག
ཁྱོད་ཀྱིས་ད་གཟོད་མི་དག་འཇིག་རྟེན་འདིར་འགྲོ་ས་འདུག་ས་ཙམ་འཚོལ་དུ་ཡོང་བ་ཤེས་སྲིད
སླར་ཡང་གྲག་པའི་འདས་སོང་གི་ནང་དུ་རླུང་ཡང་མེད་པ་ལྟར
ཁྱོད་རང་དྲན་ཁོམ་ཅི་ཡང་མ་བྱུང
ངག་གཅོད་པའི་མིག་ཞགས་ཀྱི་རྡུང་ག་དེ་ཁ་བ་ལྟར་ཞུ་ནས
གཏམ་རྒྱུད་ཀྱི་རྩྭ་ལྗང་མར་ཁུ་ཡིས་བྲན་པས
གླུ་གཞས་རྙིང་པ་དེའང་རྙིང་ནག་ཏུ་གྱུར་ནས
སྐད་ཆའི་ནང་གི་རྡུལ་ཕྲ་མོ་ཞིག་ཀྱང་སྒུལ་བར་མ་ནུས
སྲང་ལམ་གྱི་རྐྱ་མ་གསར་དུ་དཀྲི་དུས
སློབ་གྲྭ་དེ་ཡང་རང་གི་བྱིས་དུས་མིན་པར་བུ་མོའི་རྩེད་ར་ཡིན་པ་ལྟར
མ་ཡུམ་སློབ་གྲྭ་ཞེས་འབོད་ས་མ་རྙེད་པའི་ལྷིང་འཇགས་དེ་རིགས
སྐབས་སྐབས་ཀྱི་འདྲ་པར་རེའི་གསེང་དུ་ལུས
རླངས་འཁོར་གྱི་འཚང་ག་ལས་མ་བུད་པ་ལྟར
ཁེར་ཧྲེང་གི་ཨུ་ཚུགས་དེའི་རྗེས་ནས
མི་ཚོགས་མང་པོ་སྔར་ནས་འཐོར་ཞིང
གམ་དུ་ཙོག་པའི་གྲིབ་མ་དེའི་མིང་ལ་ཆུང་མ་ཞེས་བོས་པས
ཁྱོད་རང་སླར་ཡང་སློབ་གྲྭའི་སྒོ་ཁར་ཐོན
རང་གིས་ཕར་ལ་འཕངས་པའི་སུན་སྣང་རྒྱ་མ་གང་བོ་དེ་སྤྲོ་བས་ཁུར་ནས
ཚུར་ལ་རྒྱུག་ཡོང་ཐེངས་རེར
ཁྱོད་ཀྱིས་རང་གི་བུ་ཕྲུག་ལ་ཅེར་ནས
ཆུང་དུས་བསླབས་པའི་ཤེས་བྱ་དེའི་ཤུལ་ན་ཅི་ཞིག་ལུས་ཡོད་དམ་སྙམ
སྙིང་ནས་ལྷུང་བའི་ཡིག་འབྲུ་རེ་རེའང
བགོ་སྐལ་གཞན་ཞིག་གི་ལོངས་སྤྱོད་ལྟར
ཁོག་པ་རྙིང་བའི་རྩིས་འཁོར་ཞིག་ཏུ
ལོ་གཅིག་ལ་གཟིམས་སམ་ལོ་གཉིས་ལ་བརྗེད
ཁེར་རྐྱང་ལ་ཐིམ་པའི་སྙིང་གཏམ་རེ་རེས
ན་ཟུག་ཅི་ཡང་མེད་པར་ཚུར་ལ་ལངས་ནས
རྒྱུས་མེད་ཀྱི་གཟུགས་བརྙན་ཞིག་སྟོན་ཚེ
རྙིང་དྲགས་པའི་མེ་ལོང་དེའི་ངོས་ལ
དེ་འདྲའི་རྡུལ་མཐུག་པོ་ཞིག་ཆགས་པར་སུ་ཡིས་བལྟ
གསང་གྲངས་བོར་བའི་QQདེ་ལས
རྨི་ལམ་གྱི་གཤོག་འགྱུར་བཤད་འཕྲོར་བབས་ནའང
ཁུ་སིམ་པའི་དུས་ཚོད་དེའི་ནང་ལ
སྐད་ཆ་ཚིག་གཅིག་གི་འཚམས་འདྲིའང་མེད་པར
རྒྱུས་ལོན་མ་བྱུང་བའི་ཁ་དོག་དེ་རང་སྤྲིན་ལྟར་རྙིང་ནས
ཐུན་མཚམས་ལ་དམར་དུས
ཁྱོད་ཀྱིས་རྒྱུ་མཚན་ཅི་ཡང་མེད་པར
ངོ་ཤེས་པ་ཙམ་གྱི་མི་དེ་དང་དོན་དག་དེ་ལ
གདུང་སེམས་ཤིག་ཤོར་བ
རླུང་ལས་འཁྱགས
ངོ་གདོང་ལ་སིམ་པའི་སྙིང་རྗེ་མོ་དེ་རིགས
སུ་ཡི་ནང་སེམས་ལ་བབས་པའི་རྣམ་འགྱུར་དྲོན་མོ་ལྟར
ཡང་ཡང་བགད་པར་ཡང་ཡང་བལྟས་ཀྱང
ད་ནི་ཚེ་སྲོག་གི་ཐིག་རྩ་གཟུགས་བརྙན་གྱིས་འཚོབ་པས
ངོ་ཤེས་པའང་འདི་ལས་ཕན་ཞིག་གང་ན་ཡོད་ཨང
ཞིབ་ཏུ་ལྟ་དུས འགྱུར་ལྡོག་ཡོད་ཚད་ཀྱི་ལོག་མལ་འདི་རང་ང་ཚོའི་ཕ་ཡུལ་ཏེ
ང་ཚོ་སླར་ཡང་ནར་སོན་མགོ་བརྩམས་སམ
ངས་ནི་བསྐྱར་དུ་ཁྱོད་ཀྱི་མིང་ཡིག་དེ་ལ་ངོས་ཟིན་ཐོབ་སོང
སྨྲ་བ་རུམ་པའི་སྒོ་ཟྭ་དེའང་རླུང་ལ་ཕོག་པ་ལྟར
གསང་དྲགས་པའི་དམ་ཚིག་ཁོག་ལ་མུར་ནས
ཞེ་བསམ་པའི་རི་མོ་ལོ་ཟླས་བྲིས་པས
ན་ཟུག་གི་འབོད་པ་དེ་རང་དེ་ལྟར་རྒྱང་ལ་འཇགས་པ
མོ་ལ་ལྟོས་དང སེམས་ལ་ཤར་ཡོང
འབྲེལ་བ་ཅི་ཡང་མེད་པའི་ངོ་གདོང་དེའི་ཕག་ཏུ
གསང་བ་ཟེར་བ་ནི་ཅི་ཞིག་རེད་ཨང
དགོད་ཙམ་པའི་རྣམ་འགྱུར་ཕྲ་མོ་མའང་ངོ་ལ་ནུབ་པ་ནས
ད་ནི་ཁྱོད་ལ་སུ་ཞིག་གིས་སྙིང་ཉེ་ཞེེས་ཟེར་སྤོབས
ཁྱོད་ཀྱང་མི་ཁ་ན་གཡེང་བའི་སྐད་ཆ་དེ་དག་གི་ནང་དུ་ཚུད་པས
རང་གི་གཤིས་ཀ་དང་རྣམ་འགྱུར་ཟེར་བ་ནི་གཞན་གྱི་ཟེར་སྒྲོས་ལ་གཡེང་བའི་རི་མོ་ཞིག་ལྟར
རླུང་ལྡང་ཐེངས་རེ་དང་སྤྲིན་འཕྱོ་ཐེངས་རེར
སྐབས་འགར་མེ་དང་སྐབས་འགར་ཆུ་རེད
ཁྱོད་ཀྱིས་ད་བར་དུ་བསླབས་པའི་ཀུན་སྤྱོད་དེའི་མཐའ་ཡིས་མི་མང་པོ་ཞིག་ཁེབས་མེད་པ་མཐོང
ཡུལ་མི་ཚོའི་གྲས་ནས བག་ཆགས་སྲབ་མོའི་རས་རྐྱང་དེའི་འོག་ན
ཁེར་རྐྱང་གི་གྲིབ་མ་འདར་ར་ར
ཁྱོད་རང་རང་ཡུལ་དུ་ལོག་པ་གཞན་ཡུལ་དུ་འདྲེས་པ་དང་འདྲ་ཨང
ངོས་སྙོམས་པའི་དགའ་སྐྱོ་གཉིས་ཀྱི་ལག་འཇུ་ཕར་ལ་གཏད་ནས
བདེ་སྡུག་གི་ཁ་གཡང་སེམས་ནས་ཤོར་དུས
སྙིང་ཉེ་བའི་གྲོགས་པོ་དེ་ཡི་གཉེན་སྒྲིག་གི་དགའ་སྟོན་འུར་ཟིང་གིས་བསྐྱལ་ཡང
ཁྱོད་རང་ད་དུང་ཁེར་རྐྱང་གི་ལྗིད་ཚད་ཅིག་གིས་དྲུད་དེ
དགའ་ཐག་མ་ཆོད་པའི་སེམས་པ་སྐྱོ་བས་བཟི་དོན་ཅི་ཡིན་ནམ
སྐབས་ཤིག ཁྱོད་ཀྱིས་ཆང་འཐུང་བ་དང་དུ་བ་འཐེན་པ་ལ་ན་ཟུག་ཅི་ཡང་མེད་ཨང་སྙམ
གཞས་གཏོང་བ་དང་བྲོ་རྩེ་བ་འདི་ཅི་འདྲའི་ལྷག་མ་ཞིག་རེད་ཨང་སྙམ
ཁ་རོག་གེར ལོ་ན་ཆུང་བའི་གསར་བུ་དེའི་སེམས་ཀྱི་མེ་ལྕེ་དེ་ལ་བལྟས་ནས་བསྡད
མེ་ལྕེ་དེ་གར་ལ་རོལ་དུས ཁྱོད་རང་གཞི་ནས་གཉིད་ལ་ཡུར་ཟིན
གཏན་དུ་སད་རྒྱུ་མེད་པ་ལྟར་གཉིད་ལ་ཡུར་ཟིན
ཡང་ན ཁེར་རྐྱང་གི་ཆོ་ག་རོལ་རྩེད་ཀྱིས་བསླུས་རྗེས
མཚན་གཅིག་གི་མུན་པ་གློག་འོད་ཀྱིས་བཞིབས་ཤུལ་དུ
ཉི་འོད་ཀྱིས་བཀབ་པའི་རྨི་ལམ་དུ་མཚན་སྨག་གི་གཏམ་རྒྱུད་འཐིབ་བམ
ཉལ་ས་གྲུ་བཞི་དེའི་ཕན་ལ་འཇིན་རྟེན་ནི་གློག་རྡུལ་ལས་འཕོས་པའི
གཟུགས་བརྙན་སྣ་ཚོགས་ཀྱི་གནས་ལུགས་དེ་ཡིན་པའི་ཕྱིར་ན
འཁྲུལ་སྣང་གིས་བསྩལ་བའི་རྒྱལ་ཕམ་ཡང་ཡང་མྱངས་རྗེས
ཁྱོད་ནི་སྤྱི་ཚོགས་ལ་གོམས་པའི་མི་ཞིག་ཏུ་གྱུར་ཡོད
ཡང་ན་རྒྱལ་ཕམ་ལ་འབྲེལ་བ་མེད་པའི་རྟོག་གེ་པ་ཞིག་ལྟར
ཁེ་ཕན་ཅི་ཡང་མེད་པའི་ལས་ཚོགས་དེའི་རྗེས་སུ
ཁྱོད་རང་གཞི་ནས་བར་དོ་ལ་ཆས་འགྲོའམ
ཚོང་རྫས་ལྷག་མ་དག་ལས་གནས་ལུགས་རྙིང་བཞིན་པ་དེ་ལྟར
འབྱོར་བས་འཁེང་བའི་མཐོང་ལམ་གྱི་རི་མོ་རྡུལ་གྱིས་ཟོས་ནས
བརྒལ་དཀའ་བའི་དགུན་འཁྱག་ཁ་མེད་ཅིག་ལ་ཡུན་གྱིས་ནུབ་འགྲོའམ
ཕྱི་མ་སྒྲུབ་ཀྱིན་པའི་མེས་པོ་ཡང་མེས་དག
བདེན་ལུགས་ཀྱི་བར་ཐག་གོམས་གཤིས་ཀྱིས་བསྟུངས་ཏེ
ཁེར་རྐྱང་དང་འཆི་བའི་གཏམ་རྒྱུད་དུ་འགྲེང་ནས
བསེར་བུ་ཡང་མོ་ཞིག་གིས་ཀྱང་སྒུལ་ནུས་པའི་ལུས་པོ་ཆུང་ཆུང
རླུང་ལ་བཞག་སྟེ་རྒྱང་ལ་འགྲོ་དུས
ཁྱོད་རང་ཞེ་ལ་ཐོགས་པའི་འཇིག་རྟེན་གྱི་མཐོང་སྣང་མཁྲེགས་པོ་འདིས་བསྡམས་ཏེ
རྒྱུ་འབྲས་ཀྱི་སྣང་ཚུལ་རྒྱུན་ལྡན་ལ་འཐིམ་པས
མ་ཎི་ཚར་གཅིག་གི་བདེ་སྣང་ཡང་མེད་པའི་སེམས་པ་དེ་ཉིད་ཁོག་ལ་བཟུང་ནས
ཡིད་ཆེས་ལས་ལྷག་པའི་དད་པ་ཟེར་བ་དེ་གང་ལ་འཚོལ་གྱིན་ཡོད
ཁྱོད་ཀྱིས་བཤད་ཚུལ་གཞན་ཞིག་ལྟར
ལས་དང་སྨོན་ལམ་ཅི་ཡང་མེད་པར
སྐྱེ་བ་འདིའི་རྗེས་ནས་ཡོད་ཚད་རླུང་ལྟར་དགའ་སྐྱོ་ཅི་ཡང་མེད་པ་ཞིག་འགྱུར་འགྲོ་ན་འདོད་དམ
ཁྱིམ་ཚང་གི་མུ་ལ་ཁྱིམ་ཚང་གིས་འཁོར་བའི་ལད་མོ་དེའི་འཕྲོ་ན
ཁྱོད་ཀྱིས་བསམ་གཞིག་གི་སྒོ་མོ་བརྩེ་དུང་གིས་བཅད་དེ
ཐུན་མོང་གི་ཡིན་པ་ལྟ་བུའི་དགའ་སྐྱོ་དེ་དག་གླེང་ཞིང་མོལ་ནས
རྒྱུས་མེད་ཀྱི་ངོ་གདོང་རེ་འགའ་རྒྱུས་ཡོད་ལ་བརྗེས་རྗེས
ཡང་བསྐྱར་ཁོག་ཏུ་ལྷུང་བའི་དངན་པ་དེར་རང་གིས་ཉན་ཞིང
སེམས་ན་ལུས་པའི་སྨྲེང་བ་དེ་རི་ལ་མཐོང་དུས
རྨི་ལམ་ཡོར་ཡོར་གྱི་གོམ་འགྲོས་འདི་ལས
ཕ་རོལ་གྱི་ཕ་རོལ་ལ་འཁྲེང་ན
ཉི་འོད་ལམ་ལམ་གྱི་མཐོང་སྣང་བརྒྱུད་ནས
གྲིབ་གཟུགས་ཀྱི་མུན་པ་ག་ལེར་དྭངས་སྲིད
དེ་དུས ཁྱོད་ཀྱིས་དྲན་དྲན་པའི་མི་ཞིག་མཐོང་སྲིད་དམ
ཕ་མ་དག་རྒ་སྟངས་དང་བུ་ཚ་དག་འཚར་ལུགས་ལས་བྲིས་ཏེ
ཁྱོད་རང་སྔར་ནས་འཚོ་བའི་སྐྱ་ཐིག་ཏུ་བབས་ནས་བསྡད་ཡོད
སྒྲིག་ལམ་ལ་མི་དགའ་བའི་སྣང་བ་དགོད་པོ་དེའི་དབང་གིས་ཟེར་ཆོག
རིན་ཐང་མེད་པའི་གདམ་ཀ་རེ་རེ
ངུ་སླ་བའི་ཀུ་རེ་ཞིག་ལྟར ངལ་གསོ་བའི་ཁུར་བོ་ལྗིད་མོ
གཞན་གྱི་བཀོད་པས་འདོམས་ནས་ཡར་ལ་ལངས་ན
རྨོངས་ཚོད་ཀྱིས་བསགས་པའི་དཀའ་སྡུག་ཡོད་ཚད་རང་གི་ཡིན་པས
ཁྱོད་ཀྱིས་འཚོ་གནས་ཀྱི་ལམ་ཁ་རང་དབང་ལ་བཅོལ
ཐག་རིང་ཐག་རིང་ཞིག་ཏུ་སོང་སྟེ་ལས་ཀ་སྟབས་བདེ་ཞིག་གཉེར་ཏེ
བག་ཕེབས་ངང་འཚོ་འདོད་ཀྱང ས་ཆ་ཆ་མེད་ཅིག་ཕ་ཡུལ་དུ་གྱུར་ཞིང
ཡང་བསྐྱར མི་དང་མིའི་བར་གྱི་སྒྲིག་ལམ་ཞིག་ཏུ་ཚུད་པ་ནས
འཚོ་བའི་གོམས་སྲོལ་གྱི་ཤུགས་དེ་ཇི་ལྟར་ལྡོག་གམ
ཁྱོད་ཀྱིས་སུ་ལའང་འདྲི་མ་ཕོད་པར་མགོ་བོ་སྒུར་ནས་ལམ་ལ་ཆས
གཞན་གྱིས་བསྒྲིགས་པའི་ལམ་བུ་དེ་དེད་ནས་ཕྱིར་ལ་ལོག
རེ་འདོད་ལ་སྤུངས་པའི་ཚོང་རྫས་མང་པོ་དགུན་ལྟར་འཁྱགས་པ
སེམས་པ་སྟོང་བ་དེའི་ནང་ནས་ལུས་པ་ལྟར
ཁྱོད་ཀྱིས་དབྱར་གཞུང་ཞིག་འཚབ་འཚུབ་ངང་བསྐྱལ་བའང་མ་ཤེས
དྲི་བ་སྣ་ཚོགས་ཀྱིས་བསླངས་པའི་སྨིག་རྒྱུའི་ཆུ་བོ་སྔོ་ལམ་མེར་ཚུར་ལ་བརྒྱུགས་པ
ཐེངས་གཅིག་གིས་མ་ཆོག་ལྔ་ཡིས་ག་ལ་ཚད་ཀྱང
ཕ་རོལ་ལ་འཁྲེང་བའི་སེམས་པ་སྐོམ་གདུང་གིས་བཏེགས་ནས
ཡང་དང་ཡང་དུ་གང་ལ་ཆས་མྱོང
དྲིས་ལན་དུ་ལུས་པའི་ཁུ་སིམ་དེ་རིགས་ཡང་ཡང་བསྙལ་བས
མ་འོངས་པ་ནི་སྨྲ་བ་མེད་པའི་དགུན་གཞུང་ཞིག་ལྟར
དངོས་ཡོད་ཀྱི་ཆབ་རོམ་ཇེ་མཁྲེགས་སུ་གྱུར
འགྲུལ་བཞུད་ཡོད་ཚད་ཀྱི་ཟམ་སྣེ་གཞན་ཞིག་ལ་ཟུག་པ་ལྟར
འཚོ་བའི་གཙང་ཆེན་འདིའི་ངོགས་ཀྱི་ཀྱག་ཀྱོག་མང་པོ་ཞིག་ལས་ཤུད་དེ
སླར་ཡང་ཡུལ་ལ་ལྷུང་སོང་ངམ་བྱེས་ནས་ལུས་སོང
གློ་བུར་དུ་ཁྱོད་ཀྱིས་ལས་དབང་ཟེར་བར་གོ་བ་ཟབ་མོ་ཞིག་རྙེད་དམ
ད་ལྟ་ཕྱིར་འདང་རེ་བརྒྱབ་ན་རྒྱུགས་གྲངས་མེད་ཅིག་ལ་ཞུགས་ཏེ་རྒྱལ་ཕམ་གཉིས་ཀ་སྣང་མེད་དུ་བཏང་ཟིན
བདེན་རྫུན་གྱི་དབྱེ་བ་མག་མོག་ལས་གསར་དུ་ཚེས་པའི་ཟླ་བ་སྒོར་སྒོར
དུས་རབས་འདིའི་མཁའ་ལ་ཤར་ནས་ཡང་བསྐྱར་ཕྱིར་ལ་ལྟ་དུས
རྒྱལ་ཁ་དང་གཟི་བརྗིད་ཀྱི་སྒོ་ནས་ཡོད་ཚད་མཇུག་སྒྲིལ་བ་ལྟར
མཚན་སྨག་གིས་བཏུམས་པའི་མགོ་བོ་ཕྱི་ལ་ཕུད་ནས
ཁྲོན་པའི་ནང་གི་ཟླ་གཟུགས་དེ་རང་དེ་ལྟར་འཇགས་པར
ཕར་ལ་བསྲིངས་པའི་ལག་པ་རུམ་ལ་བསྡུས་པས
བསིལ་རླུང་གི་རྒྱུ་བ་འཇམ་པའི་དུས་ཚིགས་འདི་ལ་སྟོན་ཁ་ཞེས་འབོད་དམ
སྐར་འོད་ཀྱིས་འཛུམ་པའི་མཚན་ལྗོངས་རབ་རིབ་འདིའི་པང་དུ
ཆུང་མ་གཉིད་ཟིན་ཡང་བུ་ཕྲུག་གི་རྨི་ལམ་གྱིས་བསྐྱོར་བའི་བསམ་གཞིག་ཐན་ཐུན
སེམས་ལ་བབས་ནས་ཡུན་གྱིས་ཡུན་གྱིས་ལྷོད་ཡངས་སུ་ཆགས་དུས་འདིར
དུ་བ་རྐང་ཐུར་གཅིག་ལས་ཀྱང་ཁྱོད་ཀྱིས་བདེ་སྣང་འཛད་དུ་མེད་པ་ཞིག་ལོངས་སུ་སྤྱད་མྱོང
ནམ་གུང་གི་ཁ་བརྡ་དེའི་ནང་དུ་མིག་ཟུང་སྒོར་རེར
ཡང་བསྐྱར་གྲོགས་པོ་ཞིག་གི་གདོང་ལ་ཅེར་བ་ནས
ལུས་ཐོག་གི་མུན་ནག་ཡོད་ཚད་རང་གི་ཡིན་པ་ལྟར
ཁོག་ལ་མིད་པའི་སྐྱོ་བ་དེའི་གཏིང་ནས
ཁྱོད་ཀྱིས་སླར་ཡང་མི་ཞིག་མཐོང་དུས
གནས་མ་བུ་ཁྲིད་ཅིག་གིས་ཁྱོད་ལ་གཏམ་རྒྱུད་མང་པོ་ཕྱིར་བསློགས་ཏེ
ཁེར་རྐྱང་དང་སྡུག་བསྔལ་ཞེས་པའི་འགྲེལ་བ་གསར་བ་ཞིག་སྒྲིག་གམ
ཡང་ན་རང་འདོད་ཀྱིས་གཅེས་པའི་ལོ་ཟླ་རིང་མོས་ཀྱང་གདོད་ནས་བསླུས་པ་ལྟར
ཟ་འདུན་དུ་ལྷག་པའི་བཟའ་བཅའ་སྣ་ཚོགས་ཀྱིས་ཤུལ་ལ་བསྐྱུར་བ་ནི
གྲོགས་པོ་དང་ལྷན་དུ་བཤད་ཀྱང་སྙིང་བོ་མ་ལོན་པའི་དཀའ་ཉོག་ཅིག་གིས
རྒྱུ་མཚན་ཅི་ཡང་མེད་པར་སྔར་བཞིན་བསྒུགས་ཡོད་པ་དེ་ཡིན་ན
ངག་ལྐུགས་པའི་གངས་རི་ཞིག་འདྲ་པར་དུ་གཉིད་པ་ནས
ན་ཟུག་ཅེས་པ་དེ་ཅི་ཞིག་ཡིན་ནམ ངས་ཁྱོད་ལའང་འདྲི་མི་ཕོད
ད་ནི་དགའ་སྐྱོ་མཐའ་དག་བཏང་སྙོམས་ལ་བཅུག་ནས
འདང་བརྒྱབ་མ་མྱོང་བའི་དོན་དག་རེ་རེ་སྙིང་བོ་མེད་པར་གྱུར་ཏེ
ཁྱོད་རང་སླར་ཡང་སྙིང་བོ་ཅན་གྱིས་མཐོང་དུས་ན
རྒྱུ་མཚན་ཅི་ཡང་མེད་པར་དུས་ཚོད་དེ་དག་ཆུ་ལྟར་བཞུར་ནས
ལྷུང་ལྷུང་གི་བཞུར་རྒྱུན་ཙམ་ཡང་ཐོས་སུ་མེད་པས
གཟུགས་བརྙན་གྱི་འགྱུར་བ་འདི་རང་ཡི་ཆད་དེ
ཉིན་མ་རེ་རེར་ཟད་པའི་གློག་འོད་མོག་པོ་དེས་བཞུས་པའི
ཚེ་སྲོག་འདིའི་མཆོད་མེ་ཚེ་འབར་སུ་ལ་བསྒྲོན་ཡོད་དམ་སྙམ
ཁྱོད་ཀྱིས་འདྲ་པར་ཞིག་ཉར་རྒྱུའང་བརྗེད་དུས་ཤིག་ལ
འཇིག་རྟེན་འདི་སྔར་བཞིན་མཐོང་མྱོང་མེད་པ་ཚོར་ངེས།
༢༠༢༤ ༠༢ ༢༢

རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།