ནུབ་ཀྱི་སྐར་མ།(ཞར་བཀོད་བཞི་ཡོད)

མཐོང་གྲོལ།(ལྷ་ས) 琼迈文学网 2024-04-20
རས་ཡོལ་དལ་གྱིས་ཕྱེ་སྟེ།
དམར་ལམ་ལམ་གྱིས་བསྒོས་པའི།
ཉིན་གཞུང་ཞིག་གི་གོག་ནུད་ལ་བལྟས།
འདས་ཟིན་པ་ཐ་དག་འདི་རུ་གཅུས་འདུག་སྟེ།
ཡན་ལག་སྣ་ཚོགས་འཕག་འཚག་ཤིག་ཤིག་གིས་འདར་བྱུང་།
ནག་པོར་འཁོལ་བའི་སྤྲིན་པ་དེས་ཉི་མ་བཙན་གྱིས་ནུབ་རིར་དེད།
གཙུག་ལག་ཁང་གི་མདུན་ན་སྒྲེང་བའི་དར་ལྕོག
རླུང་པོ་གཟན་པོ་དེས་ལན་འགའ་སྒུལ།
གྲིབ་མ་ནག་ཡོལ་ཡོལ་དུ་སྒུལ་བྱུང་།
དེ་ནི་ན་ཟུག་ཅིག་སྟེང་ནས་འབྱིན་པ་དང་མཚུངས།
དྲག་རླུང་དང་བསྐོར་འཚུབ་ཀྱི་དབར་ནས་ཟད་ཀྱིན་པའི་དར་ལྕོག
 
བདག་མེད་ཀྱི་ང་།

ང་རང་སུ་རེད།
འཁྲུལ་བའི་རྣམ་པ།
 
ང་རང་སུ་རེད།
སྟོང་པའི་རང་བཞིན།
 
ང་རང་སུ་རེད།
སྡུག་བསྔལ་མཚན་ཉིད།

འཇིག་རྟེན་སྣང་བ་འཇའ་རིས་མ།
 
ཁྱིམ་ལས་ཙག་ཙིག་ཁྲོད་ཀྱི།
ཨ་ཅེའི་ངལ་བ།
 
དུས་ཀྱི་ཕོ་འགྱུར་ནང་གི།
ཕ་མའི་སེམས་ཁྲལ།
 
བློ་ཡིས་གཞལ་དཀའ་བའི།
དམ་ཚིག་གི་འགྱུར་ལྡོག
 
དབྱངས་ཀྱི་མགར་བ།
 
བདག་གི་ཡིད་ཚིམ་ཀྱི་རྩ་ལག
རི་རབ་བཞིན་བརྟན་ཡང་།
ཏག་ཏག  ཁྱོད་ཀྱིས་དེ་སྒུལ་ཐུབ་ཀྱིན་འདུག
 
བདག་གི་དྲན་པའི་ཆགས་སྡང་།
མཚོ་མོ་བཞིན་ལྟེམས་ཀྱང་།
ཏག་ཏག  ཁྱོད་ཀྱིས་དེ་སྐྱོམ་ཐུབ་ཀྱིན་འདུག
 
ཉན་གྱིན་ཉན་གྱིན།
ངའི་རིག་པ་འཐོམས་ནས་ཡུན་རིང་བོར་བ་དག
ཁྱོད་ཀྱི་རྒྱུད་སྐུད་ཀྱི་གཏིང་ནས་ལོག་བྱུང་།
 
ཨ་ཕ་ལགས་ཀྱི་རྟ་ཕོ།
 
ཆར་བ་ཟིམ་ཟིམ་ཁྲོད་ཀྱི་ཟླ་དྲུག་པ།
ཁྱོད་ཀྱིས་སྒུག་བསྲན་མ་ཐུབ་པར་ཆས་སོང་།
ང་ཚོས་དེ་སྔོན་ཁྱོད་ཀྱི་བདག་པོ་བྱས་མྱོང་ཡང་།
ད་ལྟ་ཁྱོའི་འདུ་ཤེས་ལ་དེ་དག་མི་གསལ་བའང་འོང་སྲིད།
 
རྟ་ཕོ་ལགས།
ཁྱོད་ཀྱིས་འཚུབ་ཆའི་བརྙས་བཅོས་རང་ལ་སྤྱད་ནས་ཅི་བྱ།
འདི་རུ་ཁྱོད་ཀྱི་སྐྱེ་བ་གཅིག་གི་ཁྱིམ་གཞིས་ཡིན།
མུན་ནག་ཏུ་བསྲན་ཏེ་སྡོད་མ་ཚུགས་པའི་རྟ་ཕོ་ལགས།
ང་ཚོ་གཏན་ནས་ཁྱོད་ལ་དགའ་བཞིན་ཡོད་པ་དྲན་ནམ།
རྣམ་ཤེས་ཀྱི་ཡོལ་བ་ཆེན་པོ་དེའི་མདུན་དུ།
 
ཁྱོད་རང་འཇིག་རྟེན་གྱི་མཚམས་ལས་བརྒལ་ནས་འགྲོ་ཉིན།
ང་ཚོས།
ཁྱོད་ཀྱི་འཚེར་སྐད་ནི་གྲིབ་གཟུགས་ཤིག་ལ་འཁྲུལ་ནས་མཐོང་བྱུང་།
ཁྱེད་རང་དེ་སྔོན་ཞིག་ལ།
པཱ་ལགས་ཀྱི་ཉིན་གང་གི་གླེང་གཞི་ཡིན་པ་ནི།
ཁྱོད་ལ་དུང་དྲགས་པས་ཡིན་ཀྱང་།
ཁྱོད་ཀྱིས་པཱ་ལགས་བསྐྱུར་ནས་སྔོན་དུ་འགྲོ་བའང་།
ང་ཚོར་སེམས་ཁྲལ་ལྷག་མ་ཞིག་གཏད་པ་འདྲ་བས།
བློས་མི་ཐོངས་བའི་སེམས་འདིས་ཁྱོད་ལ་སྐད་ཆ་ཞིག་མོལ་བ་ཡིན།

རྩོམ་སྒྲིག་པ། ལྷ་སྐྱིད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ནུབ་ཀྱི་སྐར་མ།(ཞར་བཀོད་བཞི་ཡོད)

2024-04-20 མཐོང་གྲོལ།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།