མིང་མེད་སྙན་ངག་ཅིག(ཞར་བཀོད་གཅིག་ཡོད)
ཤོག་བུའི་ངོས་ཀྱི་མཚན་མོའི་རྫས་དག
ནགས་ཚལ་དུ་གྱུར
མདོག་ཉེས་པའི་དབུགས་རིང
མགྲིན་པའི་ནང་ན་ལྐུགས
མིའི་སྐྱོ་ཡས་ཁ་ཤས
གྲིབ་མའི་ནང་ལོགས་ན་ངུ
སྡོད་ཁང་འདི་ལས འབྲོ་བར་བརྩམས
བརྩེ་དུངས་མེད་པའི་ཅ་དངོས་ཀྱིས
འདུག་བཟོད་མི་འདུག
ཨར་ཁང་གི་གྱང་ངོས་སུ་སྦྱར་བའི
“ཕྱིར་ལོག་པའི་མི་”དང་
“གློག་རྡུལ་གྱིས་བཟོས་པའི་གཏམ་གྱི་སྦུ་གུ་སྣ་ཚོགས”
ཞོགས་ཟས་སུ་གོ་རེ་དང་འབྲས་ཆན་འཐུང་དུས
དམར་དྲི་ཞིག་སེམས་ངོར་འབྱར་ཡོང
དེབ་རྟགས་མ་ལོན་པའི་སྙན་དེབ
སྲང་ལམ་དུ་བཤམས་ཏེ
གློ་སྙིང་ལྟར་འཚོང་རྒྱུ་བྱུང་ན
ཟླ་བཞི་བར སྙན་ངག་ཁ་ཤས་བཀླགས
མངོན་སུམ་དང་རྟོག་བཏགས་ཀློང་ཡངས་པོ་ནས
ཟླ་ལྔ་བར སྙན་ངག་ཁ་ཤས་བློས་བསླངས་བྱས་ཏེ
*རྨི་ལམ་ལ་དབྱིབས་དང་ཁ་དོག་བཟོས
སྙན་ངག་བྲི་རྒྱུ་མི་འདུག
སྙན་ངག་ནི་སྐྱོ་གདུང་གི་རྩེད་ཆས་ཙམ
རྩེད་ཆས་དེ་གྲིབ་མ་ལྟར
སྐྱོ་གདུང་གི་གཏིང་ཟབ་ས་ཞིག་ན་འགུལ
སྙན་ངག་བྲི་རྒྱུ་མི་འདུག
ལུས་པོ་ནི་སྐྱོ་གདུང་གི་བྲན་གཡོག་ཁོ་ན
ཡིད་ཤེས་ཕྲ་མོས་མྱོང་དཀའ་བ་དག
ལུས་པོའི་སྐྱོ་གདུང་ནང་མི་འདུག
རྩོམ་སྒྲིག་པ། དབང་མོ།
ནགས་ཚལ་དུ་གྱུར
མདོག་ཉེས་པའི་དབུགས་རིང
མགྲིན་པའི་ནང་ན་ལྐུགས
མིའི་སྐྱོ་ཡས་ཁ་ཤས
གྲིབ་མའི་ནང་ལོགས་ན་ངུ
སྡོད་ཁང་འདི་ལས འབྲོ་བར་བརྩམས
བརྩེ་དུངས་མེད་པའི་ཅ་དངོས་ཀྱིས
འདུག་བཟོད་མི་འདུག
ཨར་ཁང་གི་གྱང་ངོས་སུ་སྦྱར་བའི
“ཕྱིར་ལོག་པའི་མི་”དང་
“གློག་རྡུལ་གྱིས་བཟོས་པའི་གཏམ་གྱི་སྦུ་གུ་སྣ་ཚོགས”
ཞོགས་ཟས་སུ་གོ་རེ་དང་འབྲས་ཆན་འཐུང་དུས
དམར་དྲི་ཞིག་སེམས་ངོར་འབྱར་ཡོང
དེབ་རྟགས་མ་ལོན་པའི་སྙན་དེབ
སྲང་ལམ་དུ་བཤམས་ཏེ
གློ་སྙིང་ལྟར་འཚོང་རྒྱུ་བྱུང་ན
ཟླ་བཞི་བར སྙན་ངག་ཁ་ཤས་བཀླགས
མངོན་སུམ་དང་རྟོག་བཏགས་ཀློང་ཡངས་པོ་ནས
ཟླ་ལྔ་བར སྙན་ངག་ཁ་ཤས་བློས་བསླངས་བྱས་ཏེ
*རྨི་ལམ་ལ་དབྱིབས་དང་ཁ་དོག་བཟོས
མིང་མེད་སྙན་ངག་ཅིག
སྙན་ངག་བྲི་རྒྱུ་མི་འདུག
སྙན་ངག་ནི་སྐྱོ་གདུང་གི་རྩེད་ཆས་ཙམ
རྩེད་ཆས་དེ་གྲིབ་མ་ལྟར
སྐྱོ་གདུང་གི་གཏིང་ཟབ་ས་ཞིག་ན་འགུལ
སྙན་ངག་བྲི་རྒྱུ་མི་འདུག
ལུས་པོ་ནི་སྐྱོ་གདུང་གི་བྲན་གཡོག་ཁོ་ན
ཡིད་ཤེས་ཕྲ་མོས་མྱོང་དཀའ་བ་དག
ལུས་པོའི་སྐྱོ་གདུང་ནང་མི་འདུག
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།