མེ་འཁོར་ནང་གི་སེམས་འགྱུ།
སྐམ་ཐག་ཐག་གི་དུས་ཚིགས་རལ་བོ་འདིར
དབུས་གཙང་བུ་མོའི་ངོ་གདོང་སེར་ཁས་བཏུམས
མེ་འཁོར་ཕྱི་ནང་གི་ཡུལ་ལྗོངས་ཚ་སོབ་སོབ་ལས
དེ་རིང་གི་གླེང་མོལ་དང་སེམས་ཁྲལ་མང་པོ་གདོང་ཐུག་རྒྱག
སློབ་ཆེན་སློབ་མའི་སྤམ་རྫུ་དང་སྐད་སྒྲ་ལས
དུས་རབས་ཀྱི་གྲིབ་ནག་དང་གློ་ལུ་འཁོར་ཁང་དེར་འགོས
མི་ཚོགས་སྟོང་ཕྲག་གྲོག་མ་བཞིན་འདུར་རྒྱུག་ལ་བྲེལ་དུས
གནམ་རྒན་མས་དབྱར་གཞུང་འདི་མེ་ཤིང་ལྟར་སྲེག་པ་འདྲ
ཇི་ལྟར་ཡང མེ་འཁོར་གྱི་སྟབས་བདེ་ལས་དབུགས་དབྱུང་བ་ནི
ཕ་ཡུལ་དང་གཞན་ཡུལ་གྱི་སྦྲེལ་ཟམ་ཕྱེ་མར་འཐག་བཞིན་པ་དེའོ
མེ་འཁོར་དབུས་གཙང་གི་རི་རབ་དག་གི་ཕུག་ལམ་རེ་རེར་འཇུག་སྐབས
ཉོན་མོངས་བའི་མཁར་སྒོ་རུ་གཉེན་པོའི་མདུང་ཐུང་འཇུས་ནས་སྡོད་ཚུལ་ལྷམ་མེར་དྲན
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།