སྐྱེ་བོ་གཅིག་ལ་བྲིས་པའི་སྙན་ངག
༡
རླུང་ནང་གི་ན་ཚོདཕོ་ལོ་ཉེར་དྲུག་གི་ཉི་ནུབ་ནང་ལྷུང
སྐབས་དེ་ནི་ཏག་ཏག་ཕྱི་དྲོ་ཞིག་རེད
ཆེས་ཆུང་བའི་བསོད་ནམས་ཀྱི་སྣོད་དུ
འདུ་བྲལ་གློག་བཞིན་འཁྱུག
མཁའ་དབྱིངས་ནས་སྐར་མདའ་ཞིག*
མི་སྣང་བར་གྱུར
བསྐལ་བའི་བར་ལ་མི་སྣང་བར་གྱུར
༢
རྨིས་པར་གྱུར་བའི་གཟུགས་དང་སྣང་བརྙན
ཧམ་སེམས་ནང་ལུས་པའི་དུས་ཚོད་མཐའ་མ
སྡུག་བསྔལ་གྱི་སྲང་ལམ་བརྒལ་ཏེ་ལོག་ཀྱང
སྟོང་བའི་ནམ་མཁའ་ནི་མཐའ་ཡས
ད་ནི་མི་བརྗེད་པའི་གཟུངས་ནང་གི
བྱིས་དུས་ཀྱི་དྲན་པ་ཁོ་ན་གཉོར་བར་བྱ
༣
དུས་ཚོདབཅིབས་པར་མངའ་མཉེས་བའི་རྟ་བ*ཞིག་གི་མགྱོགས་རེད
དེ་ལྟ་ནའང ངས་ཉི་མ་རྟག་པར་ཁྱོད་རང་ཁོ་ན་གླེང
འདས་བའི་སྣང་བརྙན་ཆོབ་ཚ་བོ་དག་བྱེའུ་ཞིག་ལྟར
གདུང་བའི་ཡག་གའི་སྟེང་དུ་ཡང་ཡང་བབས་ཚེ
རྣམ་པ་དེ་ནི་ཇི་འདྲའི་བཟོད་ཐབས་བྲལ་བ་ཞིག་རེད་ཨང
མཆན།* སྐར་མདའ་ནི་ཕུ་བོ་ལགས་སྐུ་ན་འཚོ་དུས་ཀྱི་པིར་མིངོ་།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།