ཟླ་བའི་གཞོན་ནུ།

སྨྱུག་སྨྱོན།(ལྷ་ས) 琼迈文学网 2024-12-14
           ---ནང་མ་སྟོད་གཞས་ཀྱི་རྒྱབ་ལྗོངས་སྙན་ངག་ཁག་གཉིས་པ།

ལོ་རྒྱུས་ཀྱི་གཙང་པོའི་དཀྱོགས་མཚམས་ཤིག་ན
ནམ་ཡང་བསུབ་ཐབས་བྲལ་བའི་ཆུ་བོའི་གཉེར་རིས
ཁྲག་གིས་བརྩིགས་པའི་ཕོ་བྲང་གི་ཡང་སྟེང་ནས་འཕྱུར་ཡོང་བ་ནི
དཀར་ནག་གཅིག་ཏུ་བསྡེབས་པའི་སྤྲིན་པའི་བང་རིམ་གྱི་དྲག་ཆས
གཏིང་ཟབ་པའི་མཚན་མོ་ཀློག་མཁན་གྱི་བེམ་ཤེས་སྟུག་པོའི་ཁྲོད་ན
ཟླ་བའི་དཀྱིལ་འཁོར་གྱི་རི་བོང་བློ་ལྡན་ཤེས་རབ་ཀྱི་དྲན་ཤིང་གར་མ
ཕྱེ་མ་ལེབ་རེ་རེས་རང་གཟུགས་ཀྱི་གྲིབ་མ་བཞིན་འབྱར

ཟླ་བའི་གཞོན་ནུ
ཕོ་མོའི་སྙིང་གི་ཚི་ལུ
ཤ་དང་རུས་པའི་གོང་བུ
བློ་གྲོས་ཀྱི་མཚན་ཁ་འབར་བའི་མུན་སེམ་སྒྲོན་མེ
ཁོལ་དུ་འཕྱུང་བའི་སྒྱུ་རྩལ་གྱི་འབར་ཞུན

ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཟླ་གཟུགས་ཀྱིས
འཛམ་གླིང་ཤར་ནུབ་ཀྱི་སྐྱེ་རྒུའི་མིག་གི་སྐོམ་གདུང་སེལ
ཤར་རིའི་ཕྲག་པར་འཛེར་བའི་ཟླ་གཞོན་དེ་མཐོང་ཐེངས་རེར
ངས་ཀྱང་ཕ་ཡུལ་གྱི་གྲུ་ཟུར་ག་གེ་མོ་ཞིག་ནས ཧ་ཅང་གཉོམ་གཟུགས་ཀྱིས
སྔོན་བྱུང་གི་ཕྲེང་བ་མཐེ་བོང་དང་གོང་མཛུབ་དབར་ནས་ཡང་ཡང་བསྟར

                                      ༢༠༢༤/༡༢/༡྄

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཟླ་བའི་གཞོན་ནུ།

2024-12-14 སྨྱུག་སྨྱོན།(ལྷ་ས) ཀློག་གྲངས། མཆན ཡོད།
           ---ནང་མ་སྟོད་གཞས་ཀྱི་རྒྱབ་ལྗོངས་སྙན་ངག་ཁག་གཉིས་པ།

ལོ་རྒྱུས་ཀྱི་གཙང་པོའི་དཀྱོགས་མཚམས་ཤིག་ན
ནམ་ཡང་བསུབ་ཐབས་བྲལ་བའི་ཆུ་བོའི་གཉེར་རིས
ཁྲག་གིས་བརྩིགས་པའི་ཕོ་བྲང་གི་ཡང་སྟེང་ནས་འཕྱུར་ཡོང་བ་ནི
དཀར་ནག་གཅིག་ཏུ་བསྡེབས་པའི་སྤྲིན་པའི་བང་རིམ་གྱི་དྲག་ཆས
གཏིང་ཟབ་པའི་མཚན་མོ་ཀློག་མཁན་གྱི་བེམ་ཤེས་སྟུག་པོའི་ཁྲོད་ན
ཟླ་བའི་དཀྱིལ་འཁོར་གྱི་རི་བོང་བློ་ལྡན་ཤེས་རབ་ཀྱི་དྲན་ཤིང་གར་མ
ཕྱེ་མ་ལེབ་རེ་རེས་རང་གཟུགས་ཀྱི་གྲིབ་མ་བཞིན་འབྱར

ཟླ་བའི་གཞོན་ནུ
ཕོ་མོའི་སྙིང་གི་ཚི་ལུ
ཤ་དང་རུས་པའི་གོང་བུ
བློ་གྲོས་ཀྱི་མཚན་ཁ་འབར་བའི་མུན་སེམ་སྒྲོན་མེ
ཁོལ་དུ་འཕྱུང་བའི་སྒྱུ་རྩལ་གྱི་འབར་ཞུན

ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཟླ་གཟུགས་ཀྱིས
འཛམ་གླིང་ཤར་ནུབ་ཀྱི་སྐྱེ་རྒུའི་མིག་གི་སྐོམ་གདུང་སེལ
ཤར་རིའི་ཕྲག་པར་འཛེར་བའི་ཟླ་གཞོན་དེ་མཐོང་ཐེངས་རེར
ངས་ཀྱང་ཕ་ཡུལ་གྱི་གྲུ་ཟུར་ག་གེ་མོ་ཞིག་ནས ཧ་ཅང་གཉོམ་གཟུགས་ཀྱིས
སྔོན་བྱུང་གི་ཕྲེང་བ་མཐེ་བོང་དང་གོང་མཛུབ་དབར་ནས་ཡང་ཡང་བསྟར

                                      ༢༠༢༤/༡༢/༡྄

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།