གངས་འདབས་ཀྱི་དིང་རི་བ།
- - - གཙང་ལ་སྟོད་དིང་རི་ན་ས་འགུལ་གྱི་གནོད་སྐྱོན་བྱུང་བའི་གདུང་སེམས་མ་བཟོད་པར་བྲིས།
གངས་རིའི་ཁོང་གསེང་ན།
ལྷིང་འཇགས་ཀྱི་རྨི་ལམ་སྦྲུམ་པའི་དིང་རི་བ།
ད་ནངས་འཇིགས་སྣང་གིས་སྒུལ་བྱུང་བས།
འོ་དོད་མི་འབོད་ཀ་མེད་བྱུང་།
གནའ་སྔ་མོར་དིང་རི་ནི།
ཞི་བྱེད་གཅོད་ཀྱི་གད་རྒྱངས་སྒྲོག་ས་སྟེ།
ཕ་གཅིག་དམ་པ་སངས་རྒྱས་དང་།
མ་གཅིག་ལབ་ཀྱི་སྒྲོལ་མ་དེ་རུ་བཞུགས།
དེ་རིང་དིང་རི་ནི།
ས་ཆེན་གྱི་གདུག་རྩུབ་ཁྲོད་ན།
ཚེ་སྲོག་མུ་ཏིག་གི་ཕྲེང་རྡོག་བཞིན་འཐོར་བས།
ནང་སེམས་ནས་བཟོད་ཐབས་བྲལ་ཞིང་།
གདུང་སེམས་ཀྱིས་མགྲིན་པ་བསྣངས་པར་གྱུར།
འཇིགས་སྣང་དང་ཙག་རླུང་གི་སོ་ཁ་ན།
གྱེས་བྲལ་གྱི་རྡུལ་སྨག་གས་ཤིང་།
མྱ་ངན་གྱི་མིག་ཆུ་འཁྱག་དར་དུ་གྱུརཔ།
ལྷ་སྨན་ཚེ་རིང་མཆེད་ལྔས་མ་གཟིགས་སམ།
གངས་འདབས་ཀྱི་དིང་རི་བ།
ང་ཚོའི་མགོ་ཐོག་ཏུ་སྐྱིད་སྡུག་ཅི་ཞིག་ཡོང་ནའང་།
“རང་མགོ་རང་གིས་ཐོན་ཞིག་དིང་རི་བ། ”
ཕ་དམ་པའི་ཞལ་གདམས་མ་བརྗེད།
མ་བརྗེད། མ་བརྗེད།
༢༠༢༥/༡/༧ཉིན།
གངས་རིའི་ཁོང་གསེང་ན།
ལྷིང་འཇགས་ཀྱི་རྨི་ལམ་སྦྲུམ་པའི་དིང་རི་བ།
ད་ནངས་འཇིགས་སྣང་གིས་སྒུལ་བྱུང་བས།
འོ་དོད་མི་འབོད་ཀ་མེད་བྱུང་།
གནའ་སྔ་མོར་དིང་རི་ནི།
ཞི་བྱེད་གཅོད་ཀྱི་གད་རྒྱངས་སྒྲོག་ས་སྟེ།
ཕ་གཅིག་དམ་པ་སངས་རྒྱས་དང་།
མ་གཅིག་ལབ་ཀྱི་སྒྲོལ་མ་དེ་རུ་བཞུགས།
དེ་རིང་དིང་རི་ནི།
ས་ཆེན་གྱི་གདུག་རྩུབ་ཁྲོད་ན།
ཚེ་སྲོག་མུ་ཏིག་གི་ཕྲེང་རྡོག་བཞིན་འཐོར་བས།
ནང་སེམས་ནས་བཟོད་ཐབས་བྲལ་ཞིང་།
གདུང་སེམས་ཀྱིས་མགྲིན་པ་བསྣངས་པར་གྱུར།
འཇིགས་སྣང་དང་ཙག་རླུང་གི་སོ་ཁ་ན།
གྱེས་བྲལ་གྱི་རྡུལ་སྨག་གས་ཤིང་།
མྱ་ངན་གྱི་མིག་ཆུ་འཁྱག་དར་དུ་གྱུརཔ།
ལྷ་སྨན་ཚེ་རིང་མཆེད་ལྔས་མ་གཟིགས་སམ།
གངས་འདབས་ཀྱི་དིང་རི་བ།
ང་ཚོའི་མགོ་ཐོག་ཏུ་སྐྱིད་སྡུག་ཅི་ཞིག་ཡོང་ནའང་།
“རང་མགོ་རང་གིས་ཐོན་ཞིག་དིང་རི་བ། ”
ཕ་དམ་པའི་ཞལ་གདམས་མ་བརྗེད།
མ་བརྗེད། མ་བརྗེད།
༢༠༢༥/༡/༧ཉིན།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།