ཟ་ཁང་ནང་དུ།

མིག་དམར་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-07

 ཅུད་ཀྲང་དང་སློབ་སྤྱི་རྒན་གཞོན།  སློབ་གྲྭའི་འབྲིང་རིམ་དབུ་ཁྲིད་ཚོ་ཅོག་ཙེ་སྒོར་མོ་ཞིག་གི་མཐའ་བསྐོར་ནས་ཁ་ལག་འཟའ་རྩིས་བྱེད་བཞིན་འདུག  ཞབས་ཞུ་མས་སྡེར་མ་ནར་མོ་ཞིག་གི་ནང་དུ་ཉ་རིལ་པོ་ཞིག་སྣུམ་གྱི་ནང་དུ་བརྔོས་པར་ཚྭ་དང་སྨན་སྣ་སྣ་ཚོགས་བཏབ་པ་ཞིག་ཁྱེར་ཡོང་བ་ཅོག་ཙེ་དེའི་སྟེང་དུ་བཞག  སྡེ་ཚོགས་ཀྲེ་པུའི་ཧྲུ་ཅིས་ཅོག་ཙེའི་སྟེང་དུ་ཞིབ་པར་བལྟས་ནས་རང་ཉིད་གཞོགས་གཅིག་ཏུ་གཟུར་ཙམ་བྱས་ནས།ཨ་རག་ལྕགས་ཀྲིང་དེ་བླངས་ནས།  ཁ་ཚེག་ཚེག་ངང་ཡར་ལངས་ཏེ་ཅུད་ཀྲང་དང་སློབ་སྤྱི་རྒན་པ་གཉིས་ལ་བལྟས་ནས།  ལགས་སོ།  ཅུད་ཀྲང་ལགས་ཞབས་བཏགས་བཞི་དང་སློབ་སྤྱི་ལགས་ཞབས་བཏགས་གསུམ་ཞེས་བཤད།  དེ་མུར་སློབ་སྟོན་ཁྲུའི་ཀྲུའུ་རིན་ཡར་ལངས་ནས།  སྡེ་ཚོགས་ཀྲེ་པུའི་ཧྲུའུ་ཅི་ལ་བལྟས་ནས།  ཁྱེད་རང་བཞུགས་དང་ང་ལོ་ཆུང་བས་ཨ་རག་བཀྱག་རྒྱུའི་ལས་ཀ་དེ་ཚོ་ངས་བྱེད་ཞེས་བཤད།  དེ་མུར་ཡང་ཆབ་སྲིད་སློབ་གསོའི་ཀྲུའུ་རིན་ཡར་ལངས་ནས།  ཁྱེད་གཉིས་རྩོད་པ་རྒྱག་གིན་མ་སྡོད་དང་།དེ་ལས་ངས་བཀྱག་ཆོག་ཞེས་ཟེར་ནས།  ཞོར་ལ་ཅུད་ཀྲང་ལ་མིག་མདའ་ཞིག་འཕངས་ནས་རེད་པྰ་ཡང་ཅུད་ཀྲང་ལགས་ཞེས་ཟེར་ནས་ཨ་རག་ལྕགས་ཀྲིང་དེ་ལེན་པར་རྩོམ་པ་ན་རྒྱབ་ཕྱོགས་ཀྲུའུ་རིན་ཡར་ལངས་ནས།  མ་གཞི་ནས་ང་རྒྱབ་ཕྱོགས་ཀྲུའུ་རིན་ཡིན་པས།བཟའ་བཏུང་གི་དོན་དག་ངས་འགན་མ་འཁུར་ན་ག་ནས་འགྲིག་ཞེས་བཤད་ནས་ཨ་རག་ལྕགས་ཀྲིང་དེ་ཚུར་ལེན་པར་རྩོམ་པ་ན།  སློབ་སྤྱི་གཞོན་པ་ཡར་ལངས་ནས།  ད་ཡང་ངས་ཁྱེད་ཚོའི་རྩོད་པ་དེ་འདུམ་ཐབས་མ་བྱས་ན་འགྲིག་མ་སོང་།  མ་གཞི་ནས་ཁྱེད་ཚོ་རྩོད་པ་རྒྱག་རྒྱུ་ག་རེ་འདུག་གམ།  ཨ་རག་སུས་བཀྱག་ཀྱང་གཅིག་པ་རེད།  འོན་ཀྱང་དེ་རིང་ངས་དབུ་ཁྲིད་གཉིས་ལ་སློབ་གྲྭའི་ཚབ་བྱས་ནས་བཀྱག་ན་མ་རེད་དམ་ཞེས་བཤད་པས།  སློབ་གྲྭའི་འབྲིང་རིམ་དབུ་ཁྲིད་ཚང་མས་མགོ་བོ་ལྕོག་ལྕོག་བྱས།  སློབ་སྤྱི་གཞོནཔས་ཅུད་ཀྲང་ལ་ཁ་གཏད་ནས་མགོ་གསུམ་མཇུག་བཞི་ཟེར་བས་ཅུད་ཀྲང་ལགས་ཞབས་བཏགས་བཞི་དང་སློབ་སྤྱི་ལགས་ཞབས་བཏགས་གསུམ་མཆོད་དགོས་པ་འདུག་ཞེས་བཤད།ཅུད་ཀྲང་གིས་སློབ་སྤྱི་གཞོན་པ་ལ་བལྟས་ནས་དེ་འདྲ་ཟེར་བ་སུས་བཟོས་པ་རས།  དངོས་འབྲེལ་བྱས་ན་མགོ་བཞི་མཇུག་གསུམ་རེད།  ཁྱེད་རང་ལྟོས་དང་།  ཉའི་མགོ་བོའི་སྟེང་དུ་ཁ་གཅིག་དང་མིག་གཉིས།  ཉའི་མཇུག་མར་རྩེ་གཉིས་ཡོད་པས།  ཉ་མགོ་ཁ་ཐུག་འཁེལ་ས་དེར་ཞབས་བཏགས་བཞི་དང་།  ཉའི་མཇུག་མ་ཁ་ཐུག་འཁེལ་ས་དེར་ཞབས་བཏགས་གསུམ་རྒྱག་དགོས་པས།  ང་ཞབས་བཏགས་གསུམ་ལས་རྒྱག་མི་དགོས་ཞེས་བཤད་པས།  དེ་མ་ཐག་ཁང་པའི་ནང་དུ་ཧབ་ཆ་དིར་རིར་སོང་བ་དང་།  སློབ་སྤྱི་རྒན་པ་གད་མོ་ཤོར་དྲགས་ནས་ཁ་ཆུ་དང་མིག་ཆུ་སྣ་ཆུ་ཡོངས་རྫོགས་གཏོང་བཞིན་ཡོང་ང་། ཡོང་ང་། ངས་ཞབས་བཏགས་བཞི་བཏུངས་ཆོག་ཟེར།  སློབ་སྤྱི་གཞོན་པས་གད་མོ་ཤུགས་ཆེན་དགོད་བཞིན་ལག་པ་རང་གི་པུས་མོའི་ཐོག་བརྡབས་ནས་ཅུད་ཀྲང་ལགས་དངོས་གནས་ཆོབ་ཚ་བ་ལ། ངས་དེའི་ཆེད་དུ་ཞབས་བཏགས་གང་རྒྱག་གི་ཡིན་ཞེས་བཤད།  ནས་མདུན་གྱི་ཕོར་པ་དེ་ལག་ཏུ་བླངས་ནས་ཞབས་བཏགས་གཅིག་བརྒྱབ།  སློབ་སྟོན་ཁྲུའི་ཀྲུའུ་རིན་གྱིས་གད་མོ་ཤོར་དྲགསནས་མིག་མཐར་མཆི་མས་ཁེངས་བཞིན།ཅུད་ཀྲང་ལགས་དངོས་གནས་དྲན་རྒྱུ་རྒོད་པ་ལ་ཞེས་བཤད།  སྡེ་ཚོགས་ཀྲེ་པུའི་ཧྲུའུ་ཅིས་འགྲམ་གྱི་སློབ་སྟོན་ཁྲུའི་ཀྲུའུ་རིན་ལ་བལྟས་ནས།  སྐད་གསང་ཅུང་མཐོན་པོས་མི་
འཇོན་ཐང་ཅན་ཟེར་ན་དེ་འདྲ་ལ་ཟེར།  དྲན་རྒྱུ་རྒོད་པོ་མེད་ན་འཇོན་པོ་དེ་འདྲ་ག་ནས་བྱེད་ཐུབ་ཞེས་བཤད།  ཆབ་སྲིད་སློབ་གསོའི་ཀྲུའི་རིན་གད་མོ་ཤོར་དྲགས་ནས་ལྟག་པ་དགྱེ་བཞིན་མགོ་བོ་དཀྲུགས་དཀྲུགས་བྱས་ནས།  སྐད་ཆ་ཆོབ་ཚ་པོ་མང་པོ་གོ་ད་རེས་ཀྱི་སྐད་ཆ་འདི་ལས་ཆོབ་ཚ་བ་གོ་མ་མྱོང་ཞེས་བཤད།  རྒྱབ་ཕྱོགས་ཀྲུའུ་རིན་གད་མོ་ཤོར་དྲགས་ནས།  ལག་པའི་ནང་གི་ཁའོ་ཙེ་ཡང་འཛིན་མི་ཐུབ་པར་གྱུར་ནས་ཅོག་
ཙེའི་སྟེང་དུ་བཞག་སྟེ། གྲུ་མོ་མདུན་གྱི་ཅོག་ཙེར་བཀན་ནས།  དངོས་གནས་རེད། དྲན་རྒྱུ་རྒོད་པོ་མེད་ན་འཇོན་ཐང་ཆེན་པོ་དེ་འདྲ་ག་ནས་བྱེད་ཐུབ་ཞེས་བཤད།    ཁོ་ཚོ་དེ་ལྟར་གད་མོ་ཤོར་བས།  འགྲམ་གྱི་ཞབས་ཞུ་མ་དེ་ཡང་འདུག་བཟོད་མ་བདེ་བར་གྱུར་ནས་ཁ་ཚེག་ཙམ་བྱས་ཏེ།  དབུ་ཁྲིད་རྣམ་པ།  མཉེས་པོ་གནང་རོགས།  དགོས་མཁོ་ཡོད་ན་གུས་མོ་སྐད་གཏོང་རོགས་ཞེས་བཤད་ནས་ཕྱིར་ཐོན་སོང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟ་ཁང་ནང་དུ།

2011-07-07 མིག་དམར་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།