རང་ཁྱིམ་གྱི་ཉིན་ཐོ།

རྐང་ཐང་བ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-15

  2012.01.03   གཟའ་ལྷག་པ།
  ནམ་ལངས་སོང་།ཕྱི་རོལ་ན་བྱིས་པ་རེ་འགས་ཤོག་སྦག་རྒྱག་བཞིན་འདུག།  གནམ་ཁོ་དལ་བར་མལ་ནས་ལངས་ཏེ་ཉི་ཁྱམས་སུ་སོང་།སྒེའུ་སྟེགསསུ་མངའ་བའི་མེ་ཏོག་དེ་དག་དབྱར་གཞུང་གི་རང་མདངས་བཞིན་གསོན་ཤུགས་ཀྱིས་ཀུན་ནས་བརྟས་ཏེ་འདབ་ལོ་དག་གཟེངས་པར་རྒོད་ལ།སྣེམ་དྲོད་ཀྱིས་ཁྱབ་པའི་དབྱར་ཁའི་ཞོགས་པ་ཞིག་ཏུ་འཁྲུལ་པས།གནམ་ཁོའི་ཡིད་སེམས་སྨྲ་མི་ཤེས་པའི་དགའ་སྣང་གིས་ཁྱབ་པར་བརྟེན།ཤེལ་ཅོག་གོར་མོ་རུ་མཆིས་པའི་རྨ་ལྷོ་བོད་ཡིག་ཚགས་པར་གྱི་སྙན་ངག་ཅིག་གྱེར།སྙན་ངག་དེ་ནི་ཉིས་སྟོང་བཅུ་གཅིག་ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མྱོང་བའི་སུ་བེ་ཊེན་གྱི་སྙན་ངག་པ་ཐྲོ་མ་ཐྲོ་རེད།ཁོའི་སྙན་ངག་གི་མཚོན་སྟངས་དང་བསྡུས་ཤུགས་སོགས་ངོ་མཚར་ཞིང་ཡིད་དབང་འཕྲོག་པ་ཞིག་ཏུ་མཐོང་བས་ན།གནམ་ཁོའི་སྤྲོ་སྣང་སྔར་བས་བརྟས་ཏེ་ཡང་བསྐྱར་ཐེངས་ཤིག་གྱེར།སྐབས་འདིར་ཨ་མས་དབུ་སྐྲ་ཟད་པོ་དེའི་སྣེ་མོར་ཇ་ལ་མཐུད་ཞོར་གནམ་ཁོའི་གམ་དུ་བཅར་ཏེ“རྒྱ་ཡིག་ལ་མ་བལྟས་ན་བྱ་བ་རེག་ཐུབ་རྒྱུ་མ་རེད”ཅེས་གསུངས་པས།སྒེའུ་ཤེལ་གྱི་ཕྱི་ངོས་སུ་ས་རྡུལ་གྱིས་འབྲབ་ཅིང་ནང་ངོས་སུ་སྨུག་རླངས་ཀྱི་གཡོགས།སྒེའུ་སྟེགས་སུ་ཡོད་པའི་མེ་ཏོག་དེ་དག་རེངས་པར་སྐྱ་མདོག་ཏུ་གྱུར་ལ།ལོ་འདབ་དག་དབྱར་དྲུག་པའི་ཙད་ལོག་གིས་བསྣུན་པ་ལྟར་རྙིད་པ་ནས་རྙིད་པའི་ལམ་དུ་ཞུགས།གང་ཞིག་ནས་ཤོར་འོང་བ་མི་ཤེས་པའི་རླུང་བུ་ལྡོམ་པོ་ཞིག་གིས་གནམ་ཁོའི་ལག་དུ་དཔྱངས་འདུག་པའི་ཚགས་པར་དེ་འདར་ལྕུག་ལྕུག་གི་བྲོ་གར་འཁྲབ་ཏུ་བཅུག།ཞོགས་པའི་བསུང་ཞིམ་གྱི་མཁའ་དབུགས་དེའང་སོ་ཕག་བསྲེགས་ཁང་གི་དུ་སྨུག་དང་ཚ་རླངས་ལྟར་དུ་གྱུར་བས།དངོས་གནས་དབུགས་ཀྱང་ལེན་དཀའ་བར་གྱུར།ཡིན་ནའང་ཁང་བ་འདིའི་ཕྱི་ནང་སྔར་བཞིན་འཇམ་ཅག་གེར་གནས་ཡོད།
  ཨ་ཆེ་ཡིས་ནངས་ཇ་བསྐོལ་ནས་ཚགས་འདུག་པས།གཅེན་ཟླ་ཡིས་རྒྱ་སྐད་ཀྱིས“གནམ་ཁོ་ཟ་མ་ཟ་རུ་ཤོག”ཅེས་བཤད་པས།གནམ་ཁོ་བསམ་གཞིགས་ཀྱི་ཀློང་ནས་ཕྱིར་དྲངས་ལ་གློ་བུར་དུ་གྲང་འདར་ཞིག་ཀྱང་བརྒྱབས་སོང་།དཔེ་སྒྲོམ་ལས་ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ་ཞེས་པར་བལྟ་ཞོར་དལ་བར་ཟ་ཅོག་ཏུ་ཕྱིན།ཨོ་རེད་ཡ།
  གནམ་ཁོ་ཚང་གི་གཅེན་ཟླས་རྒྱ་སྐད་བརྒྱབས་པ་དེ་ནི་ཁག་ཅི་ཡོད།ཁོ་ནི་རྒྱ་མི་ངོ་མ་ཞིག་ཡིན་པས་རེད།ཁོ་ནི་དེང་རབས་ཀྱི་ཟ་མ་གཡས་སྦྱོར་ལ་ཤིན་ཏུ་མཁས་པས་ལོ་ངོ་བཅུ་ཁ་ཞིག་ལ་ཟ་ཁང་ཕྱེས་པ་རེད།ཡིན་ན་ཡང་ད་ལྟ་ཟ་ཁང་ཕྱེས་མེད་པར་ཚོང་ཁང་ཕྱེས་ནས་ཡོད།ཟ་ཁང་གི་ཡོང་སྒོས་ཁུལ་ཐོག་ནས་ཁང་བརྩེགས་ཤིག་ཀྱང་ཉོ་ཐུབ་སོང་།ད་ལྟ་བཟའ་མི་དག་གིས་བདེ་སྐྱིད་ཀྱི་འཚོ་བ་རོལ་མུས་ཡོད།མཚམས་རེར་གནམ་ཁོས་ཨ་ཆེ་ལ“ཁྱོས་ཅིའི་ཕྱིར་རྒྱ་ཞིག་མག་པ་བཙལ་བ་ཡིན”ཞེས་ཀུ་རེའི་ཚུལ་གྱིས་འདྲི་དུས།ཨ་ཆེ་ཡིས“དེས་ན་སྲོང་བཙན་སྒམ་པོས་ཅིའི་ཕྱིར་རྒྱ་མོ་ལེན་དགོས”ཟེར།གནམ་ཁོས་དེ་མུར“དེ་ནི་དབང་སྒྱུར་གྲལ་རིམ་གྱི་ཆབ་སྲིད་ཀྱི་དགོས་མཁོ་འབའ་ཞིག་རེད”ཅེས་བཤད་ནའང་།ཨ་ཆེ་ཡིས“སྲོང་བཙན་སྒམ་པོས་རྒྱ་མོ་བླངས་པ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཡིན་ན།ངས་རྒྱ་མག་པ་ལངས་པའང་ཁྱིམ་ཚང་གི་དཔལ་འབྱོར་གྱི་ཆེད་དུ་ཡིན”ཞེས་བཤད་པས།གནམ་ཁོ་གཞི་ནས་ངག་ལྐུགས་པར་འགྱུར་དགོས་སོང་།
  ཇ་ཧུབ་གང་འཐུང་རྗེས།གནམ་ཁོས་གོམས་ལོབས་ཀྱིས་དབྱི་ཐ་ལིའི་འབྱུང་འགྱུར་རིང་ལུགས་ཞེས་འདོན་ཀློག་ཅིག་བྱས་པ་ན་ཨ་ཆེ་ཡིས་ཚམ་ཚོམ་མེད་པར“འབྱུང་འགྱུར་མ་འགྱུར་མ་ཤེས།སྐྱུག་ལོག་བྱེད་ཅིག་རེད”ཟེར་བས་ན།གནམ་ཁོས་ཞིམ་མངར་གྱི་ནངས་ཇ་རོལ་བའི་ཡི་ག་གཏིང་ནས་ལོག་སོང་ལ།སྟོད་ལྭ་མཐུག་པོ་ཞིག་གཡང་ཤམ་བྱས་ཏེ་ཉི་འཁྱམ་དུ་སོང་།ཕྱི་རོལ་ན་ཉི་འོད་མེད་པར་ག་ས་གང་དུ་རྡུལ་འཚུབ་ཀྱིས་ཁེངས་འདུག་ལ།སྲང་ལམ་གྱི་གླ་གཏོང་རླངས་འཁོར་འགའ་རེ་ཞིག་བྲེལ་མྱུར་གྱིས་བསྐྱོད་བཞིན་འདུག།ཙག་རླུང་གི་རྒྱུ་ཕྱོགས་ལས་འགྱིག་ཁུགས་དང་སྡོང་ལོ་སྐམ་པོ་སོགས་འཕུར་སྐྱོད་ཀྱི་ལས་ལ་བྲེལ།མཚམས་འདིར་ཕུག་རོན་ཞིག་གློ་རྡེག་ཏུ་མིག་མདུན་དུ་བབས་པས།གནམ་ཁོ་ཅུང་ཙམ་དངངས་འདྲོགས་ཤིག་བྱས་ཏེ་གཡང་ཤམ་བྱས་ཡོད་པའི་སྟོད་ལ་སར་ལྷུང་ལ་ཁད་ཅིག་བྱས།ཕུག་རོན་དེ་ཐོག་མར་རྨས་མ་ཞིག་ཡིན་པར་བསམ་ཡང་།ཞིབ་ཏུ་བལྟས་ཙ་ན་རྨས་མ་ཞིག་མིན་པར་ཚོར་ལ།གྲང་ངར་གྱིས་མནར་བའི་ཁེར་ཆད་ཀྱི་བྱ་ཞིག་ཀྱང་ཡིན་པར་ཚོར།ཕུག་རོན་གྱིས་གཉའ་སྒོང་སྒོང་བྱས་ཏེ་མིག་ཟུང་གིས་ཁྲ་རིག་རིག་ཏུ་བལྟས་འདུག
  ཨ་ཆེ་བཟའ་ཟླ་གཉིས་སྔ་མོ་ནས་ཚོང་ཁང་དུ་བུད་སོང་།ཨ་མའི་འབོལ་ཁྲི་རུ་ཁ་ལ་འདུག་བསྡད་མེད་པར་བར་ཆད་ལམ་སེལ་དང་དབང་སྡུད་གསོལ་འདེབས།སྒྲོལ་མ་སོགས་མུ་རུ་བཏོན་བྱུང་།མཚམས་ཤིག་ལ་མ་སྤུན་ཨ་ཆེ་བཟའ་ཟླ་གཉིས་ཀྱིས་ལོ་སར་སྐྱེལ་བུད་ཡོང་།གནམ་ཁོས་ཁོ་གཉིས་ཀྱི་གམ་ནས་མ་བསྡད་ན་འོས་འཚམ་ཞིག་མིན་པར་བསམ་སྟེ།དལ་བར་ཁོ་གཉིས་ཀྱི་གམ་དུ་སོང་ནས་བཅོས་འཛུམ་གྱིས་ལོ་སར་གྱི་ཁམས་འདྲི་ཞིག་ཞུས།མ་སྤུན་ཨ་ཆེ་ཡིས“ལོ་སར་དགོང་མོར་དཀོན་བཀྲ་ཚང་གི་རྩྭ་ཕོན་ཤོག་སྦག་གིས་མེར་ཤོར་བས་ཁྱིམ་མཚེས་ཚང་གི་ཁང་བ་མེར་ཤོར་སོང་ཟེར”ཞེས་མུ་རུ་བཤད་རྩིས་ཡོད་པ་གཅེན་ཟླ་ཡིས་མཐོང་འཕྲལ་སྐད་ཆའི་བར་མཚམས་བཅད་དེ།ད་ལོའི“གནམ་ཁོས་དཔེ་ཆ་ཕུད་པར་བན་བརྒྱ་དང་རྒད་པོ་ཚོ་དགའ་གི་མེད་ཀི་ཟེར།ད་རུང་བཤགས་པ(འགྱོད་བཤགས)རྒྱགས་དགོས”ཟེར།
  གནམ་ཁོ་ནི་ཆུང་དུས་ནས་རྩོམ་རིག་ལ་དགའ་བའི་མི་ཞིག་ཡིན་སྟབས།ནམ་ཡིན་ཡང་རྩོམ་རིག་གི་མཇུག་སྣེ་བཏང་མ་བྱུང་།ལྷག་པར་ཉིས་སྟོང་བཅུ་ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞུགས་ནས་བཟུང་དགེ་རྒན་བདུད་ལྷ་རྒྱལ་སོགས་ཀྱི་རྩོམ་རིག་གི་བདུད་རྩི་བར་མེད་དུ་རོལ་གྱུར་བས།སྔར་བས་རྩོམ་རིག་གི་དུངས་པ་དང་ཕུགས་ལམ་རྙེད།དེ་བས་སློབ་རའི་མཁའ་དབུགས་ཤིག་དང་རང་ཉིད་ཀྱི་སྤྲོ་སྣང་ཞིག་གིས་ཕ་ཡུལ་ལ་དུས་དེབ་ཅིག་དབུལ་རྒྱུའི་ཆོད་སེམས་ཀུན་ནས་བརྟས་ཏེ་རྩོམ་བསྡུའི་ལས་སུ་ཞུགས།ཟླ་ངོ་དགུ་འགོར་ཚེ་ལོ་རྒྱུས་དང་དཔྱད་རྩོམ།སྙན་ངག།ལྷུག་རྩོམ་སོགས་ཀྱི་སྣ་འཛོམས་ཀྱི་དུས་དེབ་ཅིག་པར་ཐུབ་པ་བྱུང་།དེ་ནི་ལྕགས་རི་སྡེ་བའི་ཆེས་ཐོག་མའི་དུས་དེབ་ཅིག་ཡིན་ལ།རྩོམ་པ་བོ་མཐའ་དག་ཀྱང་ལྕགས་རི་སྡེ་བའི་གྲྭ་བ་དང་སྔགས་པ།གཞུང་ཞབས་པ།སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཏག་ཏག་ཡིན་ན།ལྕགས་རི་སྡེ་བའི་ངོམ་དུ་རུང་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཅིའི་ཕྱིར་མིན།
  ཨ་མས་གཅེན་ཟླའི་བསྙད་པའི་སྐད་ཆ་དེ་ཐོས་འཕྲལ“ཁྱོད་ཀྱིས་དཔེ་ཆ་མ་ཕུད་ཟེར་ན།ཁྱོད་གཏན་ནས་གོ་བ་མི་འདུག།ད་ཅི་འདྲ་རེད།བཤགས་པ་རྒྱགས་དགོས་ན་རང་སྡུག་རང་གིས་ཉོས་ནི་རེད་ལ།”ཞེས་ཁོང་ཁྲོ་ལངས་པའི་མཉམ་དང་བསྡོངས་ཏེ་དེ་ལྟར་གཤེ་གཤེ་བཏང་།རྒད་པོ་དང་གྲྭ་བ་ཚོས་དཔེ་ཆ་ལ་གནད་དོན་ཡོད་རབས་སྨྲ་བ་དེ་ནི་ཆུ་ཀུབ་མ་ཟོས་གོང་དུ་བྲོ་བ་ཞིམ་མིན་གྱི་རྩོད་པ་རྒྱག་པ་དང་གཉིས་སུ་མེད་མོད།འོན་ཀྱང་ཁོ་ཚོའང་ཁག་མི་འདུག་སྟེ།ལོ་རྒྱུས་ཤིག་བཞག་ཡོད་ཚེ་སྔོན་ཆད་ཨ་ལགས་བཟོད་པ་ཚང་གི་བཀའ་བཀོད་ལྟར་བྲིས་པའི《ལྕགས་རིའི་ལོ་རྒྱུས་གཡུ་ཡི་མེ་ལོང》ཡིན་པར་འདོད་པ་དེ་རེད།དེ་གར་སྡེ་བ་གཉིས་ཀྱི་ས་མཚམས་ཆུ་མཚམས་ཀྱི་དབྱེ་འབྱེད་ལ་གནད་དོན་མང་དུ་གནས་པས་ན།གྱོད་ཁ་མཆུའི་སྣ་དྲངས་མྱོང་།ཡིན་ན་ཡང་ད་ཐེངས་ཀྱི་ལོ་རྒྱུས་སུ་ས་མཚམས་ཆུ་མཚམས་ལ་འབྲེལ་བ་ཡེ་ནས་མེད་པར་ལྕགས་རི་སྡེ་བའི་རིགས་རུས་འབྱུང་ཁུངས་དང་སྐྱེས་ཆེན་གང་ཞིག་བྱོན་ཚུལ།དགོན་པ་དང་གཙུག་ལག་ཇི་ལྟར་དར་ཚུལ་སོགས་ལས་ཅི་ཡང་མེད་པས།བརྟག་དཔྱད་ཞིབ་འཇུག་མ་གནང་བར།དོན་མེད་ཀུ་ཅོ་འདོན་པ་འདི།།ཁྱི་ཡི་ངང་ཚུལ་ཅི་ལ་མིན།།ཞེས་གནམ་ཁོ་ཡིས་ཨ་མར་གསལ་བྱེད་ཅིག་བྱ་འདོད་སྐྱེས་ཀྱང་།ཨ་མའི་རང་གཤིས་གྱོང་བོ་ལ་ཅི་ལྟར་བཤད་ཀྱང་རྔོ་མི་ཐོགས་པར་བསམ་སྟེ་དལ་བར་ཡར་ལངས་ཏེ་ཉི་འཁྱམ་དུ་སོང་།
  ཕྱི་རོལ་གྱི་ཁ་བ་འབབ་ཉེ་ཡི་ཚུལ་དུ་བསྡད་འདུག་ལ།ཙག་རླུང་དང་རྡུལ་འཚུབ་སྔར་བཞིན་འཕྱོ།ལམ་འགྲམ་གྱི་རྒྱ་ལྕང་ཡལ་ག་དག་སྐྱ་ཐོ་ཐོ་རུ་སྣང་ལ།མཐོང་ཚོད་གཞན་ཞིག་ཏུ་ཀེང་རུས་ཀྱི་རྩུབ་རུས་དག་བཀྲམས་ཡོད་པར་སྣང་།ཕུག་རོན་དེ་ད་རུང་འཕུར་མེད་པར་སྒེའུ་ཐེམ་གྱི་ལྕགས་དྲ་རུ་སྒོང་ཙོག་བྱས་ནས་འདུག།ཙག་རླུང་གིས་ཕུག་རོན་གྱི་སྒྲོ་སྤུ་ཕྱིར་རྫོགས་ཀྱིན་འདུག།གཅེན་ཟླ་བཟའ་བ་གཉིས་ཕལ་ཆེར་བུད་སོང་བ་འདྲ།གཞིས་ཁྱིམ་ནི་དལ་ཅག་གེར་གྱུར་ཡོད།སྐབས་འདིར་གནམ་ཁོའི་སེམས་སུ་སྙན་ངག་ཅིག་ཆུ་མོ་བཞིན་ཤང་ཤང་དུ་བརྡོལ་བྱུང་བས་ན།གནམ་ཁོས་ཤོག་སྟོང་ཞིག་ཏུ་འདི་ལྟར་འབྲི་བཞིན་ཡོད་དེ།
དམར་རྗེན་རྗེན་གྱི་ཤ་རྡོག
བོད་གོས་ཀྱིས་གཡོགས་མེད་ཅིང
བོད་སྐད་ཀྱིས་ཀྱང་བསྐྱངས་མེད་པ་ཞིག་ཡིན་ན
འདི་ལྟར་དགའ་དུངས་ཀྱི་ལན་ཆགས་མྱོང་དོན་ཅི
  སྐབས་དེར་ཨ་མས་གནམ་ཁོས་ཅི་ཞིག་འབྲི་བཞིན་ཡོད་པ་མཐོང་བས།ཅི་ཞིག་བཤད་འདོད་ཀྱི་ཁ་མེར་མེར་བྱེད་ཀྱིན་ཉི་འཁྱམ་དུ་ཡོང་སྟེ“ཡང་ཀླད་པ་ན་བྱེད་ཅིག་འབྲི་གི་ཡོད་ནས”ཞེས་གཤེ་གཤེ་ཐན་ཐུན་རེ་གཏོང་ཞོར་ཕྱིར་ལོག་སོང་།གནམ་ཁོའི་སེམས་ནི་ག་དུས་ཡིན་ཡང་སྡུག་བསྔལ་གྱི་ཀློང་ན་འཕག་འཚག་རྒྱག་གིན་ཡོད་པས།སྙན་ངག་གི་ཚོར་ཤུགས་ཆད་མེད་དུ་མཁོ་སྤྲོད་བྱེད་བཞིན་ཡོད་ལ།སྙན་ངག་གི་བརྩམས་ཆོས་ཀྱང་ཆད་མེད་དུ་དུས་དེབ་དང་ཚགས་པར།དྲ་ཐོག་ཏུ་འགོད་ཀྱི་ཡོད།དེ་ནི་གནམ་ཁོ་མཚོན་ན་སྡུག་བསྔལ་གྱི་ཐོན་སྐྱེད་བྱེད་སྟངས་ཤིག་ཡིན་ལ་དགའ་སྤྲོའི་མི་ཚེ་རོལ་སྟངས་ཤིག་ཀྱང་རེད།
སྒོ་ཅོང་གྲགས་བྱུང་།མ་སྤུན་ཕུ་བོ་དང་ཁོའི་ཆུང་མ་གཉིས་ཀྱིས་ཟི་ལིང་ནས་ལོ་སར་སྐྱེལ་ཡོང་བྱུང་།ཨ་ཆེ་ཡིས་ཁོ་གཉིས་ཀ་ཡོང་བར་ཤེས་ཏེ་ནུབ་འཚལ་བསྐོལ་དུ་འོང་།གནམ་ཁོ་དང་ཁོ་ཚོས་ཞིམ་མངར་གྱི་ནུབ་འཚལ་རོལ་ཞོར་བརྙན་འཕྲིན་ལ་བལྟས།བརྙན་འཕྲིན་དུ་འདྲི་ཚིག་གི་དྲིས་ལན་དག་འཁེལ་སོང་ན་དེས་རྒྱལ་ཁབ་ཀྱི་བྱ་བ་རེག་ཐུབ་པའི་དོན་དངོས་ཀྱི་ལེ་ཚན་ཞིག་སྟོན་གྱིན་ཡོད།སྐྱེས་པ་ཞིག་གིས་མདོ་འཛིན་པས་དྲིས་པའི་དྲིས་ལན་ཡོངས་རྫོགས་ཆགས་ཐོག་མེད་པར་ལན་བཏབ་པས།ཀུན་གྱིས་ཁོ་ལ་དགའ་བསུ་བྱེད་ཀྱིན་འདུག།དུས་དེར་ཨ་ཆེ་ཡིས་མཛུབ་མོ་བརྙན་འཕྲིན་ལ་བཙུགས་ཏེ“གན—གན།སྤྱི་སྐད་ཤེས་ན་བྱ་བ་ལོན་ཐུབ་པ་རེད་ཅེས་གནམ་ཁོ་ལ་ཁྱད་གསོད་འདྲ་བ་ཞིག་བྱས།ད་རུང“ཉིན་རྒྱུན་དུ་བོད་ཡིག་ལ་བལྟས་ནས་ཅི་བྱེད།བོད་ཡིག་གིས་བྱ་བ་རེག་མི་ཐུབ་པ་མི་ཤེས་རྒྱུ་ཅི་ཡོད”ཅེས་བཤད་པ་ན།གནམ་ཁོས་ཅི་ཡང་མི་སྨྲ་བར་ཉི་ཁྱམས་སུ་སོང་།
  ས་རུབ་ལ་ཉེ།ཕྱི་རོལ་ན་ཁ་བ་སིམ་སིམ་དུ་འབབ།ཙག་རླུང་གི་ངར་སྐད་གློག་སྐུད་དང་སྡེབས་ནས་ཤུ་སྒྲ་གྲག་གིན་འདུག།ཡ་གིའི་སྟག་ལུང་རི་བོ་ཁ་བ་དང་སྨག་རུམ་གྱི་མངའ་འོག་ན་གཉོམ་དུང་ངེར་གནས་ཡོད།སྙིང་རྗེ་བའི་ཕུག་རོན་དེ་ད་རུང་དྲ་མའི་ལྕགས་དྲ་རུ་སྒོ ང་ཙོག་བྱས་ནས་འདུག།ཁོ་ལ་གྲང་ངར་གྱིས་འགྲམ་ལྕགས་གཞུ་བཞིན་ཡོད།འདི་ལྟར་སོང་ཚེ་ཁོའི་ཚེ་སྲོག་ལ་བར་ཆད་ཡོད་པར་གདོན་མི་ཟ་བས།སྒེའུ་ཤེལ་ཕྱེས་ནས་ནང་དུ་ལེན་བསམ་ནའང་།ཕུག་རོན་ནི་མི་དང་འདྲིས་ལོབས་སུ་གྱུར་མེད་སྟབས།ཁོ་ལ་སྔར་བས་དཀའ་ལས་གཏད་པ་ལས་གཞན་ཅི་ཡང་མིན་པར་རྟོགས་པས།ཕུག་རོན་ཕྱི་རོལ་གྱི་གྲང་རླུང་དང་མཉམ་དུ་འཆི་བར་སྒུག་ཏུ་འཇུག་དགོས་སོང་།
                                         2012.04.04ཉིན་ལ་ལན་གྲུ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཁྱིམ་གྱི་ཉིན་ཐོ།

2012-04-15 རྐང་ཐང་བ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།