རྨི་ལམ་འཁྲུགས་པ།

ཆོས་དབྱིངས་རྒྱ་མཚོ།(དཀར་མཛེས) 琼迈文学网 2023-12-15

  གཅིག

  འདས་ཟིན་པའི་ཉིན་ཞག་འདི་དག་ལ། རྒད་པོ་བསོད་སྐྱབས་ནད་ཀྱིས་མནར་ཏེ་རྐང་ལག་ཐམས་ཅད་ཤིང་ལྟར་རེངས་པར་གྱུར་ཅིང་འགུལ་མི་ཐུབ་པར་གནས་པ་དང་། ཉིན་མོར་ཟས་ཀྱི་ཡི་ག་འགགས་ཤིང་མཚན་མོར་གཉིད་མི་ཁུག་པའི་སྡུག་བསྔལ་དང་མནར་གཅོད་ཅིག་རྒྱུན་མི་ཆད་པར་མྱོང་བཞིན་ཡོད།

  འོན་ཀྱང་། དོ་ནུབ་རྒད་པོ་བསོད་སྐྱབས་སྔ་མོ་ནས་གཉིད་དུ་ཡུར་ཅིང་། དུས་ངེས་མེད་དུ་ཧར་སྒྲ་དང་བཅས་ཏེ་སྔུར་བ་འཐེན་པ་དང་། སྒྲ་གསལ་ལ་མི་གསལ་བའི་གཉིད་གཏམ་ཁར་ཁེར་རེ་བཤད་པ་བཅས་ལ་གཞིགས་ན་ནད་ངན་དེ་དྲག་སྐྱེད་འབྱུང་བཞིན་པ་མིན་ནམ་སྙམ་པ་ཞིག་བྱུང་བས། ཁྱིམ་མི་དག་ཀྱང་བློ་བདེ་བའི་ངང་རང་རང་སོ་སོའི་མལ་སར་ཕྱིན་ཏེ་གཉིད་ཀྱི་བདེ་བར་རོལ། ཉིན་འདི་ཚོར་རྒད་པོ་བསོད་སྐྱབས་ནད་ཀྱིས་མནར་བ་དང་བསྟུན་ནས་ཁྱིམ་མི་རྣམས་ཀྱང་སེམས་པ་བློང་བློང་བོར་གྱུར་ཏེ་ཉིན་མཚན་དབྱེར་མེད་དུ་ནད་པ་བསྲུང་ནས་བསྡད་པས། དོ་ནུབ་མལ་དུ་ལོག་མ་ཐག་གཉིད་དུ་ཡུར་སོང་།

  འོན་ཀྱང་། དོ་ནུབ་ནི་རྒད་པོ་བསོད་སྐྱབས་ངན་སོང་གསུམ་དུ་ཐེངས་གཅིག་འགྲོ་བའི་དུས་ངན་ཞིག་ཡིན་པ་སུས་ཀྱང་རྟོགས་མེད་ཅིང་། ཐ་ན་རྒད་པོ་བསོད་སྐྱབས་རང་ལའང་གྲ་སྒྲིག་ཅི་ཡང་མེད་མོད། ཡོད་ཚད་གྱེན་ནས་ཐུར་ལ་འགྲིལ་བའི་རྦབ་རྡོ་བཞིན་བཟློག་ཐབས་མེད་པར་རྒད་པོ་བསོད་སྐྱབས་ཀྱི་སྟེང་དུ་ལྷུང་།

  གཉིས།

  དུས་ཚོད་ནི་ཤིན་ཏུ་སྨག་ནག་པའི་མཚན་མོ་ཞིག་ཡིན་པ་འདྲ། གང་ལྟར་སྐབས་དེར་འོད་ཀྱི་ཟེར་ཐིགས་ཙམ་ཡང་མཐོང་དུ་མེད་པས། རྒད་པོ་བསོད་སྐྱབས་ཀྱི་ཉེ་འཁོར་ཐམས་ཅད་ནག་ཏིང་ངེར་གནས། སྐབས་དེར། རྒད་པོ་བསོད་སྐྱབས་ཀྱིས་གསལ་པོར་རྟོགས་ཐུབ་པ་ནི་རང་ཉིད་ཁེར་རྐྱང་མ་ཡིན་པར་ཉེ་འགྲམ་དུ་མི་མང་པོ་འདུས་ཡོད་པ་དང་། ཁོ་ཚོ་ཡང་རང་དང་འདྲ་བར་གྲང་འདར་རྒྱག་ཅིང་ཨ་ཆུ་ཆུ་ཞེས་སྡུག་སྐད་དམའ་མོ་ཞིག་འདོན་བཞིན་ཡོད་དེ་རེད།

  ཁོ་ཚོ་གྲང་འདར་རྒྱག་པ་ལ་ཁག་མེད་དེ། རྒད་པོ་བསོད་སྐྱབས་ཀྱིས་རང་གི་གནས་སྟངས་ལ་ངོས་ཟིན་གསལ་པོ་བྱུང་དུས། རང་ཉིད་ཀྱི་མགོ་ལུས་རྟིང་གསུམ་འཁྱག་རེངས་སུ་གྱུར་ཏེ་འདར་སིག་སིག་ཏུ་གནས་ཤིང་། ལུས་ཧྲིལ་པོར་ཡུན་རིང་གྱོན་པའི་ཚི་ལེན་ཞིག་དང་ནང་དོར་སྲབ་མོ་ཞིག་ལས་ཅི་ཡང་མེད་པས། དགུན་གཞུང་འདིའི་ཁྱད་ཆོས་ལྟ་བུར་གྱུར་བའི་ཙག་རླུང་རྒོད་པོ་དང་ཁ་བ་བབས་རྗེས་ཀྱི་གྲང་ངར་བཙན་པོ་ཡིས་ཁོའི་ལུས་ཀུན་ལ་རང་འདོད་ལྟར་གཙེ་བཞིན་འདུག རྒད་པོ་བསོད་སྐྱབས་ཀྱིས་རང་དང་མཉམ་དུ་ཡོད་པའི་མི་རྣམས་གྲང་འདར་རྒྱག་དོན་ཡང་ལུས་ལ་གོས་མེད་པས་ཡིན་ངེས་སྙམ།

  རྒད་པོ་བསོད་སྐྱབས་དང་བཅས་དེར་འདུས་ཀྱི་མི་རྣམས་སིག་སིག་ཏུ་འདར་ཅིང་ཨ་ཆུ་ཆུ་ཟེར་ནས་དུས་ཡུན་རིང་བོ་འགོར་ཡང་། མི་གཅིག་གིས་ཀྱང་འདི་ཡིན་དང་དེ་རེད་ཀྱི་སྐད་ཆ་ཚིག་གཅིག་མ་བཤད་པས། རྒད་པོ་བསོད་སྐྱབས་ཀྱིས་རང་ཉིད་གནས་སྟངས་འདི་ལྟ་བུ་ཞིག་ཏུ་ལྷུང་བའི་མཐིལ་དོན་རྩ་བ་ནས་མ་རྟོགས། ཡིན་ནའང་། ཁོ་རང་ཡང་གཞན་དག་དང་འདྲ་བར་མི་སྨྲ་བའི་བརྟུལ་ཞུགས་བཟུང་སྟེ་འདུག་པ་ལས་སྐད་ཆ་ཚིག་གཅིག་བཤད་པའི་སྤོབས་པ་མ་བྱུང་།

  བར་སྐབས་ཤིག་ལ། རྒད་པོ་བསོད་སྐྱབས་ཀྱིས་རང་གི་འཕོངས་ཤ་དང་ལག་པའི་ཕྱི་ནང་བཅས་པ་སྐྲང་ཞིང་འབུར་ཏེ་ཐུག་རེག་མི་ཕོད་པ་ཞིག་ཏུ་གྱུར་འདུག་པ་དང་། རྐང་པའི་མཐིལ་ཡང་ཤིང་ལེབ་ཅིག་དང་འདྲ་བར་ཚོར་བ་ཅི་ཡང་མེད་པ་ཞིག་ཏུ་ཆགས་ཟིན་པ་རྟོགས།

  རྒད་པོ་བསོད་སྐྱབས་ཀྱིས་རང་ཉིད་གནས་སྟངས་འདི་ལྟ་བུ་ཞིག་ཏུ་ལྷུང་དོན་ལ་བསམ་གཞིག་དང་ཕྱིར་དྲན་ཡང་ཡང་བྱས་མོད། འོན་ཀྱང་། ཁོའི་ཀླད་པའི་ནང་དུ་ཤར་ཐུབ་པ་ནི་སྐོམ་ནས་ཆུ་འཐུང་འདོད་པ་དང་ལྟོགས་ནས་ཟས་ཟ་འདོད་པ་ཁོ་ན་ཙམ་ཡིན། དངོས་འབྲེལ་ཁོ་རང་ཧ་ཅང་སྐོམ་སྟེ་བཟོད་ཐབས་བྲལ་བ་ཞིག་ཏུ་གྱུར་འདུག་སྟེ། མཆུ་དང་མིད་པ་ཐམས་ཅད་རབ་ཏུ་སྐམ་ནས་ངག་མི་ཁྲོལ་བར་མ་ཟད་དབུགས་ཀྱང་ལེན་དཀའ་བའི་ཚད་དུ་ལྷུང་། ཁོས་ཡང་བསྐྱར་བསམ་བློ་ཞིབ་ཀྱིས་བཏང་བ་ན། ལུས་ཡོངས་ཀྱི་ཟུངས་ཟད་ཅིང་སྟོབས་ཤུགས་མེད་པར་གྱུར་ཏེ་ངལ་ཞིང་དུབ་པར་གནས་ལ། གཏི་མུག་གཉིད་ཀྱི་དབང་དུ་འགྱུར་བཞིན་པའི་སྣང་བ་སྐྱེས་མོད། འོན་ཀྱང་། གློ་རྡེག་ཏུ་ཁོའི་སེམས་ལ་ཅི་ཞིག་དྲན་པ་ལྟར་དྲང་མོར་ལངས་ཏེ་གཉིད་ལས་སངས་ཐབས་བྱས། དེ་དང་ཆབས་ཅིག་ཏུ་ཁོའི་མིག་ཟུང་ལའང་རྫས་གང་ཞིག་གཅོལ་བ་ལྟར་ཤིན་ཏུ་ཚ་བའི་སྣང་བ་ཞིག་བྱུང་བ་ན། ད་གཟོད་འདས་ཟིན་པའི་ཉིན་ཞག་འདི་དག་གི་བཟོད་ཐབས་བྲལ་བའི་མནར་གཅོད་དག་ཡིད་ལ་ཝ་ལེར་དྲན་བྱུང་།

  ཉིན་དེའི་ཞོགས་པར། རྒད་པོ་བསོད་སྐྱབས་དང་བཅས་པའི་དེར་འདུས་ཕོ་མོ་ཐམས་ཅད་གཤིན་རྗེའི་ལས་མཁན་མིན་ནམ་སྙམ་པའི་རྟ་མགོ་ཅན་དང་གླང་མགོ་ཅན་འབའ་ཞིག་གིས་ཕྱོགས་གཅིག་ཏུ་བསྡུས་པ་དང་། བསྡུས་ནས་ཀྱང་གནས་གཅིག་ཏུ་མ་བཞག་པར་མིག་ཟུང་ཐམས་ཅད་རས་ནག་པོ་ཞིག་གིས་བཀབ་ཅིང་ལག་ཟུང་རྒྱབ་ཏུ་མདུད་དེ་ག་ཤེད་ལ་ཁྲིད་སོང་།

  ཁོ་ཚོ་གནས་འདིར་སླེབས་དུས། ས་སྲོད་ཀྱི་དུས་སུ་ཁེལ་འདུག་ཅིང་ནུབ་ཀྱི་ཉི་མའང་རི་བོའི་རྒྱབ་ཕྱོགས་ན་སུ་ཞིག་གིས་མར་འཐེན་བཞིན་ཡོད་པ་ལྟར་མགྱོགས་མྱུར་བཞུད་སོང་། དེ་མ་ཐག་ཏུ་ལས་མཁན་རྣམས་ཀྱིས་ཁོ་ཚོའི་ལུས་སྟེང་གི་གོས་མཐུག་པོ་ཐམས་ཅད་བཤུས་ཏེ་ཚི་ལེན་ཞིག་དང་ནང་དོར་ཞིག་ལས་ཅི་ཡང་མི་ལྷག་པ་བྱས་ཤིང་། ཡིན་མིན་གྱི་སྐད་ཆ་ཅི་ཡང་མི་འདྲི་བར་ཐམས་ཅད་ཀྱི་འཕོངས་ཚོས་ལ་འདྲ་མཉམ་དུ་ལྕག་ཚན་གྱིས་ཚར་བཅུ་རེ་བཀྲབས་པ་དང་། ཡང་ལྔ་རེ། ཡང་གསུམ་རེ། མཐར་གཅིག་རེ་བཅས་བཀྲབས་ཏེ་ལུས་ཡོངས་གཟེར་བྲེང་བྲེང་དུ་བསྒྱུར། འགའ་རེས་བཟོད་ཐབས་མ་བྱུང་བར་ཨག་སྐད་དང་སྨྲེ་སྔགས་སྣ་ཚོགས་བཏོན། གང་ལྟར། མུན་རུབ་ལ་ཉེ་བའི་མཚམས་དེར། འབྲས་ཁུ་མིན་ནམ་སྙམ་པའི་ཁུ་བ་ཉུང་ཉུང་ཞིག་བླུད་ཅིང་དེ་ནས་མཚན་གང་བོར་རྐང་རྗེན་དུ་རྡོ་གཅལ་སྟེང་དྲང་མོར་ལངས་ཏེ་འདུག་དགོས་བྱུང་། གལ་ཏེ་ངག་ཀྱལ་བཤད་པའམ་སྒྲིག་ལམ་མ་བརྩིས་ན་སྔར་བཞིན་ལྕག་ཚན་གྱིས་གཟེར་ཐག་ཆོད་པ་རེ་བཀྲབ་ངེས་པས། སུ་ཡང་འགུལ་མི་ཕོད་ཅིང་སུང་ཀྱང་སྐད་ཆ་མ་བཤད་པར་བསྡད།

  མཚན་གྱི་སྨག་རིམ་སྟུག་པོ་དེའི་ཁྲོད་དུ། ཕྱི་རོལ་གྱི་ལྷགས་རླུང་ཇེ་འཁྱག་ནས་ཇེ་འཁྱག་ཏུ་ཕྱིན་ནས་མཐར་ཤ་གསེང་རུས་གསེང་ཐམས་ཅད་འཁྱག་པས་བསྡམས། རྒད་པོ་བསོད་སྐྱབས་ཀྱིས་རང་ཉིད་དང་བཅས་པ་ནི་ཏག་ཏག་དམྱལ་ཁམས་བཅོ་བརྒྱད་ལས་གྲངས་དམྱལ་གྱི་བྱེ་བྲག་ཅིག་ཏུ་ཡོད་ཐག་ཆོད་རེད་སྙམ་ཞིང་། ལས་སྡིག་སྒྲིབ་ཐམས་ཅད་མྱུར་བ་མྱུར་བར་དག་སྟེ་དམྱལ་བ་ལས་སྒྲོལ་བར་མཛོད་ཅིག་ཅེས་ལྷ་དཀོན་མཆོག་གསུམ་ལ་གསོལ་བ་ཕུར་ཚུགས་སུ་བཏབ། འོན་ཀྱང་། ཉེ་འགྲམ་གྱི་ཨ་ཆུ་ཆུ་དང་ཨ་ཚ་ཚ་ཞེས་པའི་སྨྲེ་སྔགས་དང་ཆོ་ངེ་འདོན་པའི་སྒྲ་སོགས་ཀྱིས་རྒད་པོ་བསོད་སྐྱབས་ལ་འཇིགས་དངངས་ཚབས་ཆེན་སྤྲད་པར་མ་ཟད། ཁོ་རང་གིས་ཀྱང་མནར་གཅོད་དེ་དག་བཟོད་པར་དཀའ་བས་ལུས་སེམས་གཉིས་ཀ་བདེ་ལ་འབབ་ཐབས་བྲལ། དེ་ལས་ཀྱང་སེམས་གཏིང་ནས་བཟོད་མི་ཐུབ་པ་ནི་ཁོ་ཚོའི་ཁྲོད་ཀྱི་བང་མ་ཞིག་གི་ནུ་མ་རྒྱས་ཏེ་ནུ་ཆུ་བར་མེད་དུ་བཞུར་ཡོང་བ་དང་། ནམ་སྨད་ཙམ་ལ་སླེབས་དུས་ནུ་མགོ་ཕྱིད་ནས་ཚོར་བ་མེད་པར་གྱུར་སོང་བ་དེ་རེད།

  ལྟོགས་སྐོམ་དང་གྲང་འཁྱག་གིས་བཟོད་པར་དཀའ་བའི་མཚན་མོ་ཞིག་ན་ཟུག་དང་སྡུག་བསྔལ་གྱི་ཁྲོད་ནས་ཕར་ལ་འདས།

  སྐྱ་རེངས་དང་པོ་བཀྱགས་མ་ཐག་ཏུ། གཤིན་རྗེའི་ལས་མཁན་ཁྲོད་ཀྱི་ལས་རེས་པ་རྣམས་སླེབས་བྱུང་སྟེ། ཁོ་ཚོས་རྒྱོབ་རྒྱོབ་སོད་སོད་ཅེས་འཇིགས་དངངས་སློང་བའི་སྐད་སྒྲ་སྣ་ཚོགས་སྒྲོག་བཞིན་སླེབས་བྱུང་། རྒད་པོ་བསོད་སྐྱབས་སོགས་དེར་འདུས་ཐམས་ཅད་ནི་ཁོ་ཚོའི་བཀོད་འདོམས་ལྟར་རྡོ་གཅལ་ཐོག་ཏུ་རྐང་རྗེན་ལ་ཕྲེང་བསྒྲིགས་ཤིང་གཅིག་རྗེས་གཅིག་གིས་དེད་དེ་ཡུན་རིང་ལ་བརྒྱུགས་པས། ཐོག་མར་རྐང་པ་ནི་ཤིན་ཏུ་འཁྱག་སྟེ་བཟོད་དཀའ་བ་ཞིག་བྱུང་མོད། བར་སྐབས་ཤིག་ནས་བཟུང་རྐང་པ་རྐང་མགོ་ནས་ཆད་སོང་བ་ལྟར་ཚོར་བ་ཅི་ཡང་མེད་པར་གྱུར།

  དེ་ལྟར་འཁྱག་ན་གོན་པ་གྱོན་མི་ཆོག་ཅིང་བཀྲེས་སྐོམ་བྱུང་ན་བཟའ་བཏུང་ལ་རོལ་མི་ཆོག་པ། གཉིད་ཁུག་ན་ཉལ་མི་ཆོག་པ། ཐ་ན་ས་ལ་སྡོད་ཙམ་ཡང་བྱེད་མི་ཆོག་པར་ཉིན་ཞག་བདུན་ཙམ་འདས་སོང་བས། རྒད་པོ་བསོད་སྐྱབས་དང་བཅས་པ་ལུས་ཀྱིས་ཚུགས་མི་ཐུབ་ཅིང་སེམས་ཀྱིས་ན་ཟུག་མི་བཟོད་པར་སྨྱོན་པ་ལྟ་བུར་ཆགས་བཞིན་འདུག་ལ། རྒད་པོ་བསོད་སྐྱབས་ཀྱང་གྲང་འཁྱག་དང་བཀྲེས་སྐོམ་གྱིས་མ་བཟོད་པ་དང་། དེ་ལས་ཀྱང་བཟོད་ཐབས་བྲལ་བ་ནི་རང་དབང་མེད་པར་གཉིད་ལ་ཤོར་འགྲོ་བ་དེ་ཡིན།

  རྒད་པོ་བསོད་སྐྱབས་ཀྱིས་ངལ་དུབ་མ་བཟོད་པར་ཁ་མལ་དེ་ནས་གཉིད་དུ་ཡུར་བ་ན། བྱམས་དང་སྙིང་རྗེ་བྲལ་བའི་གདུག་རྩུབ་ཅན་གྱི་ལས་མཁན་ཞིག་ཡོང་སྟེ་ཁོའི་མིག་ནང་དུ་ཐལ་བ་ལྟ་བུའི་རྫས་ཁྱད་པར་བ་ཞིག་བཏབ། ཁོས་རྫས་དེ་ལས་བྱུང་བའི་ན་ཟུག་མ་བཟོད་པར་རང་ཤུགས་ཀྱིས་གཉིད་ལས་སད་བྱུང་ལ། སྐབས་དེར་རིག་པ་ཐམས་ཅད་འཆོལ་ཞིང་ཡོད་ཚད་བརྗེད་ལྐུགས་སུ་གྱུར་འདུག་པ་ལྟར་དུ་གནས་མོད། འོན་ཀྱང་། སླར་ཡང་གྲང་འཁྱག་དང་བཀྲེས་སྐོམ་གྱི་ན་ཟུག་གིས་ཡང་ཡང་གཙེས་ནས་དྲན་པ་སོར་ཆུད་དུས་ཡོད་ཚད་ལ་ཕྱིར་དྲན་ཐུབ་པར་གྱུར།

  རྒད་པོ་བསོད་སྐྱབས་ཀྱི་དྲན་པ་སོས་དུས་སྨག་རིམ་མཐུག་པའི་མཚན་གུང་ཞིག་ཡིན་ལ། ཉེ་འཁོར་གྱི་མི་ཐམས་ཅད་ཁོ་དང་འདྲ་བར་འདར་སིག་སིག་ཆོ་ངེ་སྒྲོག་བཞིན་པའི་སྐབས་ཤིག་ཀྱང་རེད།

  འོན་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ནི། ཕྱི་ཉིན་སྔ་མོར་ནམ་ཡོངས་སུ་གསལ་དུས། གཤིན་རྗེའི་ལས་མཁན་ལྟ་བུའི་གདུག་རྩུབ་ཅན་དེ་དག་ནི་ལས་འགན་ཡོངས་སུ་རྫོགས་པ་ལྟར་ག་ཤེད་ཅིག་ཏུ་སོང་ཟིན་ལ། རྒད་པོ་བསོད་སྐྱབས་སོགས་ནི་མི་མེད་ལུང་སྟོང་ཞིག་ན་ཅི་ཡིན་འདི་ཡིན་མེད་པར་ལུས་འདུག

  དུས་དེ་ནས་བཟུང་ཁོ་ཚོས་སྡུག་བསྔལ་དང་མནར་གཅོད་གང་ཡང་མྱོང་མ་དགོས་པར་རང་རང་སོ་སོའི་ཁྱིམ་ལ་སླེབས།

  གསུམ།

  ཕྱི་ཉིན་སྔ་མོར། རྒད་པོ་བསོད་སྐྱབས་གཉིད་ལས་སད་དུས། བཀྲེས་སྐོམ་གྱི་གདུང་བ་ཞིག་གིས་རབ་ཏུ་མནར་གྱིན་འདུག་པས། ཁོས་མགྱོགས་མྱུར་ཁྱིམ་མི་རྣམས་ཀྱིས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་བཟའ་བཏུང་ལ་རྒྱགས་ཐག་ཆོད་པ་ཞིག་རོལ་བ་ན། ད་གཟོད་རིག་པ་སོར་ཆུད་དེ་མདང་ནུབ་ཀྱི་སྐྱི་གཡའ་བའི་རྨི་ལམ་དེ་ཡིད་ལ་འཁོར་ཞིང་། དེའི་ཕྱོགས་སུ་ཡུན་རིང་ཞིག་ལ་བསམ་བློ་མི་གཏོང་ཐབས་མེད་བྱུང་།

  འོན་ཀྱང་། དེ་རིང་རྒད་པོ་བསོད་སྐྱབས་ཀྱི་ལུས་ཧྲིལ་བོར་མི་བདེ་བ་གཅིག་ཀྱང་མི་འདུག་སྟེ། ཁ་སང་གི་ན་ཚ་དང་མི་བདེ་བ་ཐམས་ཅད་མདང་དགོང་གི་རྨི་ལམ་དང་མཉམ་དུ་ཡལ་བར་གྱུར་ཟིན་པས། རྒད་པོ་བསོད་སྐྱབས་ལ་བདེན་ནམ་སྙམ་པའི་དོགས་པ་ཞིག་སྐྱེས་ཤིང་མུ་མཐུད་དུ་མདང་ནུབ་ཀྱི་རྨི་ལམ་ལ་ཕྱིར་དྲན་བྱས།

  ཁྱིམ་མི་རྣམས་ཀྱིས་རྒད་པོ་བསོད་སྐྱབས་ཀྱི་སྐྱི་གཡའ་བ་དང་འཇིགས་ཡེར་བའི་རྨི་ལམ་དེའི་སྐོར་ནས་ཅི་ཡང་ཧ་གོ་མེད་པས། མདང་ནུབ་སྔ་མོ་ནས་གཉིད་དུ་ཡུར་བ་དང་དེ་རིང་སྔ་མོ་ནས་ཟ་འཐུང་བྱས་པ་བཅས་ལ་དགའ་བས་བརྟས་ཡོད་དོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྨི་ལམ་འཁྲུགས་པ།

2023-12-15 ཆོས་དབྱིངས་རྒྱ་མཚོ།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།