ཨ་མྱེས་ཨེ་ཕིས་ཕིས།

གསའ་པདྨ་རྒྱལ་མཚན།(དཀར་མཛེས) 琼迈文学网 2024-09-25

  ཁོའི་མིང་ལ་ཨེ་ཕིས་ཕིས་ཞེས་འདོགས་མཁན་སུ་ཡིན་མི་ཤེས་མོད། མང་པོ་ཞིག་གིས་ཁོ་ལ་ཨ་མྱེས་ཨེ་ཕིས་ཕིས་ཞེས་འབོད། དང་ཐོག་ཁོའི་མདུན་ནས་འབོད་མཁན་ཉུང་ལ་གལ་ཏེ་རེ་གཉིས་བྱུང་ཡང་ཁོས་ཨ་མྱེས་ཞེས་པ་དེ་རང་ཉིད་ཀྱི་ལོ་ན་དང་སྦྱར་བའི་གུས་ལུགས་ཀྱི་འབོད་ཚུལ་ཞིག་དང་ཨེ་ཕིས་ཕིས་ཞེས་པ་ནི་སྐབས་སུ་བབས་པའི་སྐད་ཆའི་ནང་དོན་ག་གེ་མོ་ཞིག་ཡིན་པར་ཆ་འཇོག་བྱས་ཀྱང་། རྗེས་སུ་རིམ་གྱིས་ཁོ་ལ་ཨ་མྱེས་ཨེ་ཕིས་ཕིས་ཞེས་པ་དེ་རྒྱུན་འབྱམས་སུ་གྱུར་ནས་ཚང་མས་ཐད་ཀར་བོས་པས་ཁོས་ད་གཟོད་ཨ་མྱེས་དང་ཨེ་ཕིས་ཕིས་ཞེས་པའི་གནའ་དེང་གི་ཐ་སྙད་ཆ་མི་འཕྲོད་པ་གཉིས་གཞི་གཅིག་ལ་སྦྱར་ནས་རང་གི་མིང་དུ་བཏགས་པ་ཤེས།

  ཉི་མ་དེར། ཁོས་ཚོང་བདག་མ་དང་དེའི་བུ་མོ་གཉིས་ལ་“ཁ་དྲོ། གོ་ཆོད་ཐལ། དྲིན་ཆེན་པོ་ ”ཞེས་བཤད་ཞོར་ཁ་པར་བླངས་ནས་མིག་གི་མདུན་སར་བཀྱགས་སྟེ་བལྟས་པས་ཕྱི་དྲོའི་དུས་ཚོད་བཞི་པར་བསླེབས་ཡོད་པ་ཤེས། དེ་མུར་ཁ་ཕྱིར་འཁོར་ནས་རྟག་ཆུ་ཟམ་པ་དང་། ཆུ་འགྲམ་ལམ། ཐང་ཆེན་ལམ་སོགས་རིམ་གྱིས་བརྒལ་ནས་རྫོང་བྱིས་གཉོར་ཁང་གི་ཕྱོགས་སུ་བྲེལ་མྱུར་གྱིས་རྒྱུགས། ཙཱ་ཟླ་རི་བོས་མགོ་ལ་ཅི་འདྲ་མི་ལྗིད་ཨང་སྙམ་པའི་སྤྲིན་ནག་ཚོམ་བུ་དག་སྔགས་པ་ཞིག་གིས་ལོ་ངོ་དུ་མར་མ་བྲེགས་པའི་སྔགས་སྐྲ་དང་འདྲ་བར་གྱ་གྱུ་དང་ཕོན་པོ་རུ་འཁྲིགས་འདུག

  སྐར་མ་བཅུ་གྲངས་ཤིག་གི་རྗེས་སུ་ཁོ་རང་དངོས་སུ་རྫོང་བྱིས་སྐྱོང་ཁང་གི་སྒོ་ཁར་བསླེབས་པ་ན། བྱིས་པ་དག་གཞི་ནས་སློབ་གྲྭའི་ར་སྐོར་བརྒྱུད་དེ་སྒོ་ཆེན་གྱི་འགྲམ་དུ་རུ་བསྒྲིགས་ནས་ཡོང་བཞིན་པ་མཐོང་བས་ཁོ་རང་བློ་ཅུང་བདེ་ལ་བབས་མོད། སློབ་གྲྭའི་སྒོ་མདུན་གྱི་ཁྱིམ་བདག་དག་དུར་ཁྲོད་དུ་བྱ་བབས་པ་ལྟར་འཚང་ཁ་ཤིག་ཤིག་བྱེད་བཞིན་པ་མཐོང་མ་ཐག་ཁོས་ཀྱང་བུ་ཆུང་བསྟན་སྐྱོང་ཨེ་རིག་ལྟ་ཞོར་མི་ཚོགས་ཀྱི་གྲལ་དུ་འཚངས། ཁོས་ཤེད་ཤུགས་གང་ཡོད་ཀྱིས་མི་ཚོགས་བཤགས་ནས་མདུན་དུ་ཐོན་པར་འབད་པ་བྱས་ཀྱང་། ལུས་པོ་ནི་ཡང་མོ་ཡང་མོ་ཞིག་ཏུ་གྱུར་ནས་མཚམས་མཚམས་སུ་རྐང་པའང་སར་མི་རེག་པར་གཡས་གཡོན་གང་རུང་དུ་དེད་འགྲོ། གུང་ཟས་རྒྱགས་ཆད་པ་ཞིག་ཟོས་ཡོད་ཚེ་འདི་ལྟ་བུའི་ཤེད་མེད་ནུས་མེད་ཅིག་ཡིན་མི་སྲིད་ནའང་། ཁོས་གུང་ཟས་རྒྱགས་ཆད་པ་ཞིག་ཕར་ཞོག་ཐ་ན་ད་ནངས་ཀྱི་གཏུལ་མ་ཡང་ཟ་འཕྲོ་མི་བཞག་ཐབས་མེད་བྱུང་།

  བཅོ་ལྔའི་ཟླ་བ་འོད་ཡག །བཅུ་པའི་ཝ་མོ་གྲ་ཡག་དུས་ཀྱི་ལོ་ན་གཞོན་པའི་སྐབས་སུ་ཕ་ཁྱིམ་ནས་ཁ་ཁེར་གྲགས་དང་ལག་པ་ཁེར་གཡུགས་ཡིན་ལ། ཡུལ་སྡེའི་གྲལ་ནས་གུར་དཀར་ཆུང་མ་གཏོགས་མགོ་སྒུར་མ་མྱོང་། ལྷ་བླ་མ་མ་གཏོགས་ཞྭ་ཕུད་མ་མྱོང་མོད། ཡིད་ན་ཡང་། དཔྱིད་ཉི་ལ་དྲོ་གྲང་དང་། མི་ཚེ་ལ་སྐྱིད་སྡུག་ཡོད་ཟེར་བ་བཞིན། ད་སྐབས་ཁོས་ཉི་མ་རེ་རེ་བཞིན་གཞན་གྱི་སྔུན་ན་མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་གྱིས་བཀའ་དྲིན་ཞུ་བའམ། ཡང་ན་ལག་གཉིས་ཐལ་མོ་སྦྱར་ནས་གཞན་ལ་གཟོད་གསོལ་ཞུས་དང་ཞུ་མུས་ཡིན་པ་མ་ཟད། ཚེ་མཇུག་ཕལ་ཆེར་རྫོང་མཐའ་འདི་ནས་གཞན་ལ་སྐྱབས་བཅོལ་ཁོ་ནས་རྫོགས་དགོས་པ་ནི་ལས་ཀྱིས་བཀོད་སྒྲིག་ཏུ་སེམས། གལ་ཏེ་ད་ལོ་ནས་བརྩིས་ན་ཁོ་རང་ད་དུང་མི་ལོ་བཅུ་གཉིས་ལ་རྫོང་མཁར་འདིར་འདུག་དགོས་ངེས་ཡིན་ལ། མི་ལོ་བཅུ་གཉིས་ཀྱི་རྗེས་སུ་ཁོ་རང་ལོ་རྒན་བརྒྱད་ཅུའི་ཐེམ་པ་བརྒལ་འགྲོ་བ་ངེས་གཏན་རེད། འོན་ཀྱང་ཚེ་ཡིས་དེ་ཙམ་འདང་མིན་སུས་ཀྱང་བློས་མི་དཔོག །

  ཁོའི་ཕ་རྒན་དང་ཨ་མྱེས་ཡི་དུས་སུ་དགུང་ལོ་བདུན་ཅུ་ཡས་མས་སམ་ཁོའི་ལོ་ཚོད་འདི་ཙམ་ལ་ཐོན་པ་ན། ཁྱིམ་གྱི་བྱ་བ་དང་ལས་ཀ་ཡོངས་སུ་མཚམས་བཞག་ནས་མ་ཎི་རྡོ་འབུམ་དང་དུང་འཁོར། སྒར་དགོན་པ་དག་གི་ཉེ་བར་བཏུད་ནས་ཁ་ཏོན་དགེ་སྒྲུབ་དང་ཕྱག་སྐོར་སྒྲུབ་སྦྱོང་ཁོ་ན་གཙིགས་སུ་བཟུང་ནས་རྩེ་གཅིག་ཏུ་འབད་པ་རེད། དེ་ནི་ཁོའི་ཡབ་མེས་ཙམ་མ་ཡིན་པར་ཡུལ་སྡེ་དེའི་ཐུན་མོང་མ་ཡིན་པའི་གོམས་སྲོལ་ཞིག་ཏུ་གྱུར་ཡོད།

  ཁོ་ནི་སྔོན་གྱི་རྒན་རབས་དེ་དག་ལས་ལྡོག་སྟེ། དགུང་ལོ་དགུ་བརྒྱད་དོན་གཉིས་ལ་བུད་པའི་དུས་འདིར་ཕ་ས་མ་མོའི་བྲང་ཁོག་འདྲ་བོ་ཤུལ་དུ་བཞག་ནས་ཆ་མེད་རྒྱུས་མེད་དམ། ཁོམ་ལོང་བྲལ་བའི་རྫོང་མཐའི་བྱིས་རྫི་ཞིག་ཏུ་གྱུར་པ་རེད། དོན་འདི་ནི་ཁ་བ་འབབ་ན་སྤྱི་འབབ། ལས་ཨ་ཀྲད་ཐེད་པའི་སྒེར་སྡུག་གི་དཔེར་རུ་སོང་མེད་དེ། ད་ལྟའི་དུས་རབས་འདིའི་ཨ་མྱེས་ཨ་ཡས་ཚོ་ནི་ལས་ཀྱིས་བཀོད་སྒྲིག་གནང་བའི་སློབ་མར་ལྟ་སྐྱོང་བྱེད་མཁན་དེ་ཡིན་པས། གཞན་གྱི་མིག་ནང་དུ་ཞིང་གྲོང་ལས་ཆ་རྐྱེན་བཟང་ཞིང་། དྭངས་གཙང་གི་ཁོར་ཡུག་ཏུ་བདེ་ཞིང་སྐྱིད་པར་འདོད་ལ། རང་ཉིད་ཀྱི་བུ་ཕྲུག་དག་གི་མིག་ནང་དུ་དཀའ་ཚེགས་གང་ཡང་མེད་པའི་ལས་ཤིག་ཏུ་ངོས་བཟུང་བ་རེད་མོད། དོན་དངོས་སུ་རང་བྱུང་གི་འཁོར་ཡུག་དང་དྭངས་གཙང་ལྷད་མེད་ཀྱི་ཡུལ་མི་དག་ལ་འདྲེས་ཟིན་པའི་ཁོ་ལ་མཚོན་ན་རྫོང་མཁར་འདིའི་ཆ་རྐྱེན་བཟང་ནའང་། ཁོར་ཡུག་སྐྱིད་ནའང་། དེ་དག་ཐམས་ཅད་བཅོས་མ་ཙམ་དུ་ཟད་ལ། བསྡད་ཀྱིན་བསྡད་ཀྱིན་ཕ་ཡུལ་གྱི་རི་ལུང་ཐང་གསུམ། ཡུལ་མི་ཁྱིམ་མཚེས། རྟ་ནོར་ལུག་གསུམ་སོགས་མདོར་ན་སྒོ་ཁའི་ཁྱི་ཕོར་ནས་ཁང་སྟེང་གི་ལྕོག་ཕུད་བར་གཅིག་གཅིག་གཉིས་གཉིས་དྲན་པའི་མཁའ་དབྱིངས་སུ་སྤྲིན་པའི་གཟུགས་ཀྱིས་མངོན་ཡོང་།

  ད་ནངས་ཡང་སྔར་བཞིན་ཞོགས་པའི་དུས་ཚོད་དྲུག་གི་སྟེང་ནས་མལ་ལས་ལངས་ཏེ་ཞོགས་ཟས་དང་སློབ་གོས་སོགས་གྲ་སྒྲིག་བྱས་ནས་བུ་མོ་ལྷ་སྒྲོན་གཉིད་ལས་སློང་རྗེས་གཏུལ་མ་ཞིག་བཟའ་བར་སྟ་གོན་བྱས་ནའང་། མོ་དུས་ལྟར་མལ་ལས་ལངས་མ་བྱུང་བས་ལག་པ་ནས་བཟུང་སྟེ་ཡར་སློང་ཞིང་གོན་པ་མི་བསྐོན་ཐབས་མེད་བྱུང་། དེ་ནས་ངོ་འཁྲུད་རོགས་སོགས་བྱས་པས་དུས་ཚོད་ཀྱི་སྣེ་མོར་མི་ཞིག་གིས་འཇུས་ནས་བསམ་བཞིན་དུ་འཐེན་པ་དང་འདྲ་བར་སྐད་ཅིག་ཉིད་ལ་སློབ་གྲྭ་འཚོགས་པའི་དུས་ལ་བབས་པས་ཁོས་གྲང་ཟིན་པའི་གཏུལ་མར་ལྕེ་ལྡག་རེ་གཉིས་ལས་བྱེད་རྒྱུ་མ་བྱུང་བར་ལམ་ལ་ཆས་དགོས་བྱུང་།

  བུ་མོ་རྫོང་སློབ་ཆུང་གི་སྒོར་བསྐྱལ་ནས་ཕྱིར་ལོག་གྲབས་བྱེད་དུས་བུད་མེད་ཅིག་གི་སྐད་མགོ་འབྲུག་གིས་མི་གནོན་པ་ཞིག་བཀྱགས་ནས་“ཁྱོད་ཚོའི་ཁྱིམ་བདག་གི་རྣ་བ་འོན་སོང་བ་རེད་དམ་མིག་ཞར་སོང་བ་རེད། མདང་དགོང་ཁྱིམ་བདག་ཚོགས་པའི་ནང་དུ་སང་ཉིན་སློབ་གོས་སྔོན་པོ་བསྐོན་ཤོག་ཅེས་བཤད་པ་མིན་ནམ་ ”ཞེས་རྒྱ་སྐད་ཀྱིས་སྡིགས་དམོད་བྱས་བྱུང་། དེ་ནི་བུ་མོ་ལྷ་སྒྲོན་གྱི་འཛིན་བདག་དགེ་རྒན་རེད། དེར་འདུས་པའི་སློབ་མའི་ཁྱིམ་བདག་ཡོངས་དལ་ཅིག་ལ་འཇམ་ཐིང་ཐིང་དུ་གྱུར་ནས་སོ་སོས་རང་གི་བུ་ཕྲུག་གི་སློབ་གོས་ལ་ཡང་ཡང་ལྟ་བཞིན་མཆིས།

  དགེ་རྒན་གྱི་མདུན་ཐད་དུ་སློབ་མ་གསུམ་གྱིས་མགོ་བོ་བྲང་ཁར་སྨད་ནས་ལངས་འདུག་པ་དེའི་ནང་གི་གཅིག་ནི་ཏག་ཏག་ཨ་མྱེས་ཨེ་ཕིས་ཕིས་ཀྱི་ཚ་མོ་ལྷ་སྒྲོན་རེད།

  དགེ་རྒན་གྱིས་སློབ་གྲྭའི་སྒོ་འགྲམ་གྱི་སློབ་མ་གཞན་དག་དང་ཁྱིམ་བདག་དག་ལ་ལྟ་བཞིན་“དངོས་གནས་དུད་འགྲོ་རང་རེད། འདི་འདྲའི་འགན་མི་ཁུར་པའི་ཁྱིམ་བདག་དག་དང་ཕྲད་པ་ནི་སྐྱེ་བ་སྔོན་མའི་རྣམ་སྨིན་རེད། ”ཟེར་ནས་ཧ་ཅང་ཡིད་ཆད་པའི་རྣམ་འགྱུར་དང་བཅས་མགོ་བོ་ཐད་དུ་གཡུག་ཞོར་སློབ་མ་ཚོའི་ཕྱོགས་ལ་བལྟས་ནས་“ད་ལྟ་ཉིད་དུ་ཁྱོད་ཚོའི་ཁྱིམ་བདག་ཁྲིད་ཤོག”ཅེས་ཟེར།

  སྐབས་དེར་ཨ་མྱེས་ཨེ་ཕིས་ཕིས་གཙོར་བྱས་པའི་ཁྱིམ་བདག་བཞན་གཉིས་པོ་མི་ཚོགས་ཀྱི་གསེང་ནས་དལ་གྱིས་མདུན་དུ་བུད་དེ་དགེ་རྒན་ལ་བཟོད་གསོལ་ཡང་ཡང་ཞུས་ནའང་དགེ་རྒན་གྱིས“སློབ་གོས་སྔོན་པོ་གོན་ནས་མ་ཡོང་ཚེ་སློབ་གྲྭར་ཡོང་མི་དགོས”ཟེར་ཞིང་སློབ་གྲྭའི་རྒྱ་སྒོའི་ཕྱོགས་སུ་གོམ་པ་ཤུགས་ཀྱིས་སྤོས་ནས་བུད་སོང་།

  དེ་མུར་བུ་མོ་ལྷ་སྒྲོན་གྱིས་ཞེད་སྣང་དང་འཁང་རའི་མིག་གིས་སྐོར་ལོག་ཅིག་བྱས་ནས་ཁྱིམ་གྱི་ཕྱོགས་སུ་རྒྱུག་པ་ན་ཁོས་ཀྱང་དེའི་རྗེས་སུ་སྙེགས།

  མདང་དགོང་ཁྱིམ་བདག་ཚོགས་པར་དེ་འདྲའི་བརྡ་ཞིག་བསྐུར་ཡོད་པ་ཁོས་དངོས་གནས་རིག་མེད། རིག་ན་དེ་ལྟར་སྣང་མེད་དུ་བཞག་ག་ལ་ཕོད། ཁོས་རྒྱ་ཡིག་མི་ཤེས་ཀྱང་གཞན་ལ་འདྲི་ཆོག ཡིན་ནའང་ནམ་རྒྱུན་དང་འདྲ་བར་དགོང་མོར་སློབ་མ་ཚོ་ཁྱིམ་དུ་ཐོན་མ་ཐག་རིག་ཚན་སོ་སོའི་དགེ་རྒན་གྱིས་ཉིན་དེའི་ལས་བྱ་ཚོགས་པར་བསྐུར་བའམ་ཡང་ན་གཞན་གྱིས་སློབ་ཁྲིད་བྱས་པའི་བརྙན་མང་པོ་ཞིག་ལ་བལྟ་དགོས་པས་ཁ་པར་ནི་བྱིས་པ་ཚོའི་ལག་ཏུ་བཞག་རྐྱང་ཡིན།

  ཁོས་བུ་མོ་ལ་སློབ་གོས་སྔོན་པོ་བསྐོན་ནས་ཕྱིར་སློབ་གྲྭའི་སྒོར་སྐྱེལ་མ་ཐག་སླར་ཡང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁྱིམ་དུ་ལོག་ཅིང་མྱུར་སྟབས་ཀྱིས་བུ་ཆུང་བསྟན་སྐྱོང་ལ་རྩམ་རིལ་ཞིག་བརྫིས་ཏེ་ལག་ཏུ་བཞག་རྗེས་ཁོ་ཁྲིད་དེ་རྫོང་བྱིས་གཉོར་ཁང་གི་ཕྱོགས་སུ་བསྐྱོད།

  གནས་ཚུལ་གཞན་མ་བྱུང་ཚེ་ཁོ་ཉི་མ་རེ་རེ་བཞིན་རྦ་པ་གྲོང་ནས་རྫོང་གི་གྲོང་གསར་གྱི་བར་དུ་ཕན་ཚུན་ཐེངས་བརྒྱད་ཙམ་འགྲོ་དགོས། དེ་ལྟར་བརྩིས་ན་ཉིན་རེ་བཞིན་ཁོ་སྤྱི་ལེ་བཅུ་དྲུག་ཙམ་ལ་རྐང་ཐང་དུ་འགྲོ་བཞིན་ཡོད།

  ཁོའི་དངོས་མིང་ལ་བརྩེ་ལྡན་ཟེར། ཨ་མྱེས་ཨེ་ཕིས་ཕིས་ཞེས་བཏགས་མཁན་སུ་ཡིན་མི་ཤེས་མོད། མང་པོ་ཞིག་གིས་ཁོ་ལ་ཨ་མྱེས་ཨེ་ཕིས་ཕིས་ཞེས་འབོད། ཕ་ཡུལ་ནི་རྫོང་མཁར་དང་ཐག་རིང་བའི་ཟླ་ཆུའི་སྟོད་ཕྱོགས་ཀྱི་རོང་མ་འབྲོག་གི་ཡུལ་ཞིག་ནས་ཡིན། ཁོ་ནི་ཚ་བོ་ཚ་མོ་གཉིས་གཉོར་སྐྱོང་དང་སློབ་གྲྭར་བསྐྱལ་ཆེད་རྫོང་མཁར་འདིར་ཡོང་ནས་ད་ལྟའི་བར་དུ་ལོ་བཞི་འགོར་ཟིན། བུ་མོ་ལྷ་སྒྲོན་གྱིས་སློབ་ཆུང་ལོ་རིམ་བཞི་པར་འདོན་བཞིན་ཡོད་ལ། བུ་ཆུང་བསྟན་སྐྱོང་ད་ལོ་གཟོད་བྱིས་གཉོར་ཁང་དུ་བཞག་པ་རེད།

  ད་ནངས་བུ་མོ་ལྷ་སྒྲོན་དུས་ལྟར་མལ་ལས་མ་ལངས་པ་དང་དེ་རྗེས་ཡང་སློབ་གོས་གོན་ནོར་སོང་བས་བུ་ཆུང་བསྟན་སྐྱོང་བྱིས་གཉོར་ཁང་དུ་བསྐྱལ་བའི་དུས་ལས་འདས་པས་ཁོས་ཡང་བསྐྱར་བྱིས་གཉོར་ཁང་གི་དགེ་རྒན་ལས་གཤེ་གཤེ་མི་ཉུང་བ་ཞིག་མྱོང་རྗེས་བཟོད་གསོལ་དང་ཕྱིན་ཆད་དེ་འདྲའི་གནས་ཚུལ་མི་ལྷགས་པའི་ཁ་ཚོན་བཅད། གང་ལྟར་སྔ་དྲོའི་ལས་ཀ་ཡོད་ཚད་གྲུབ་ཟིན་པས་རེ་ཞིག་སེམས་བདེ་ལ་བབས་ནས་ཁྱིམ་དུ་སོང་།

  ཁ་ཆར་འདྲེས་མས་ཁོ་ར་ཁོག་ཡུག་ཀུན་བརླན་པར་བྱས་ཡོད་ཀྱང་གྲོང་ཁྱེར་འདིའི་ནང་གི་འགྲུལ་པ་དག་གིས་དེ་ལ་ཁ་ཡ་གཏན་ནས་བྱེད་ཀྱིན་མེད་པར་སོ་སོའི་དམིགས་པའི་སར་ནན་ཏན་གྱིས་བསྐྱོད་བཞིན་གདའ། དེ་ནི་དགེ་རྒན་ཚོའི་གནས་ལུགས་ཡོད་མེད་ཀྱི་བཀའ་གསུང་ཇི་ལྟར་བཙན་ཡང་། དགོས་ངེས་ཡིན་མིན་གྱི་སྒོར་མོ་ཇི་ཙམ་བསྡུས་ཀྱང་ཁྱིམ་བདག་ཚོས་ཁ་ལགས་སོ་དང་ལུས་ཕྱག་རྒྱས་དང་དུ་ལེན་བཞིན་པ་དང་ཀུན་ནས་མི་མཚུངས་སམ།

  ཁོ་ཏག་ཏག་ཁྱིམ་གྱི་སྒོར་སླེབས་དུས་ཁ་པར་གྱི་སྒྲ་ཞིག་གྲགས་བྱུང་། སྒྲ་དེས་ཁོ་རང་སླར་ཡང་མི་ཁོམ་པའི་གནས་སུ་རྫོངས་བྱུང་ལ། ཡི་ཆད་བློ་ཕམ་གྱི་རྒྱ་རུ་བཙུད་སོང་“ཨ་ཕ། ཁྱོས་ད་དུང་ལྷ་སྒྲོན་གྱི་ཨེ་ཕིས་ཕིས་དང་ཨན་ཆོན་ཇོ་ཡོས་ཕིས་ཐན་སྟེང་གི་ལས་བྱ་སྒྲུབ་རོགས་བྱེད་མཁན་ཞིག་མི་བཙལ་བ་ཅི་ཡིན། དགེ་རྒན་གྱིས་ང་ལ་ཡང་བསྐྱར་ཁ་པར་བཏང་བྱུང་། ཚོགས་པའི་ནང་དུའང་ལས་བྱ་འགྲུབ་མེད་པ་དག་གི་མིང་བསྐུར་འདུག །ཨེ་ཕིས་ཕིས་དང་ཨན་ཆོན་ཇོ་ཡོས་ཕིས་ཐན་སྟེང་གི་ལས་བྱ་བྲིས་མེད་ཚེ་སང་ཉིན་ནས་སློབ་གྲྭར་མ་ཡོང་ཟེར། ངེད་གཉིས་ཀྱིས་ཁྱེད་ཚོ་ཁ་གསོ་རྒྱབ་འགེབ་ཀྱི་ཆེད་དུ་ཕྱི་ནས་ཞོར་ལས་ཅུང་རེ་ཨེ་ལོན་ལ་འབད་བཞིན་ཡོད་པ་རེད། ཁྱོད་ཀྱིས་མ་མཐའ་ཡང་དེ་ག་ནས་དེ་ཙམ་ཞིག་གོ་ཆོད་དགོས་པ་རེད། ”ཅེས་གཏམ་ལན་ཡང་སྦྱིན་ལོང་མ་སྟེར་བར་ཕ་རོལ་པོས་དུང་སྒྲ་དང་བཅས་ཁ་པར་གཏོང་མཚམས་བཅད་སོང་། དེ་ནི་ཁོའི་བུ་སྟེ་བུ་མོ་ལྷ་སྒྲོན་དང་བུ་ཆུང་བསྟན་སྐྱོང་གཉིས་ཀྱི་ཕ་རྒན་རེད།

  “ཁྱོད་ཚོས་ཅི་བསམ་པ་ཡིན། ཨེ་ཕིས་ཕིས་དང་ཨན་ཆོན་ཇོ་ཡོས་ཕིས་ཐན་སྟེང་གི་ལས་བྱ་བསྐུར་ནས་གཟའ་འཁོར་གཅིག་ལྷག་རེད་སོང་། སློབ་མ་འདི་དག་གིས་ད་དུང་འགྲུབ་མི་འདུག ཁྱོད་ཚོས་ཆེད་དུ་ང་ལ་ངོ་རྒོལ་བྱེད་པ་ཨེ་ཡིན། དེ་རིང་ཕྱི་དྲོ་ཚུན་ཆད་མ་འགྲུབ་ན་ང་ཚོའི་འཛིན་གྲྭ་ལ་སློབ་གྲྭ་གཞུང་གིས་ཐ་ཚིག་བསྒྲག་རྒྱུ་རེད། སྐབས་དེར་སོ་སོ་འགན་ཁུར་དགོས། ཁྱོད་ཚོ་ང་ལ་མ་དགའ་ཡང་ཆོག་མོད། འཛིན་གྲྭ་ཡོངས་ལ་གནོད་མི་སྐྱེལ་རོགས་”ཞེས་ཁྱིམ་བདག་ཚོགས་པ་རུ་འཛིན་བདག་དགེ་རྒན་གྱིས་ཡི་གེ་འགའ་ཞིག་གི་རྗེས་སུ་དེ་ལྟར་བཤད་འདུག

  ཁོས་རྒྱ་སྐད་ཆ་ཚང་བ་ཞིག་མི་གོ་མོད། རྫོང་འདིར་ཐོན་ཏེ་སློབ་མ་སྐྱེལ་བསུ་བྱས་ནས་ལོ་མང་པོ་ཞིག་འགོར་སོང་བས་སློབ་གྲྭ་དང་། སློབ་གོས། རྒྱུགས་སྤྲོད། ལས་བྱ། ད་དུང་ཨེ་ཕིས་ཕིས། ཨན་ཆོན་ཇོ་ཡོས་ཕིས་ཐན་སོགས་ཆེད་སྤྱོད་ཀྱི་ཐ་སྙད་མང་པོ་ཞིག་སེམས་ཀྱི་གཏིང་རུམ་དུ་འཐིམ་ཡོད་པས་ཨེ་ཕིས་ཕིས་ཞེས་པའི་ཐ་སྙད་དེ་མིག་གིས་མཐོང་བ་དང་། སེམས་སུ་དྲན་པ། རྣ་བས་གོ་ཙམ་གྱིས་སེམས་གློང་གློང་བོར་གྱུར་འགྲོ།

  ཉེ་བའི་ལོ་འདི་དག་ཏུ་སློབ་མ་དག་ལ་ལས་བྱ་ཧ་ཅང་མང་། ཧ་ཅང་མང་བས་ལས་བྱ་དེ་དག་ལས་བརྒྱ་ཆ་བདུན་ཅུ་ཙམ་ཞིག་ཁྱིམ་བདག་གིས་འགྲུབ་པར་བྱ་དགོས། དཔེར་ན་བདེ་འཇགས་ཀྱི་སྐོར། ཀུན་སྤྱོད་ཀྱི་སྐོར། ནར་མ་སོན་པའི་བྱིས་པའི་ཁྲིམས་ལུགས་ཀྱི་སྐོར་སོགས་ཨེ་ཕིས་ཕིས་སྣ་ཚོགས་དང་ཨན་ཆོན་ཇོ་ཡོས་ཕིས་ཐན་ཟེར་བ་སོགས་ཁ་པར་ནང་ནས་སློབ་སྦྱོང་བྱེད་དགོས་པ་དང་། ཁ་པར་ནང་ནས་རྒྱུགས་བྱང་འབྲི་དགོས་པ་སོགས་ཟླ་བ་རེ་རེ་བཞིན་ཐེངས་མང་པོ་ཡོད་ཅིང་། དེ་མིན་ཉིན་རེའི་ལས་བྱ་དག་ཀྱང་དགེ་རྒན་ལ་མ་སྤྲད་པའི་གོང་དུ་སློབ་མའི་ཁྱིམ་བདག་གིས་ཞིབ་བཤེར་བྱེད་དགོས་པ་སོགས་དངོས་གནས་ལས་བྱ་མང་། ལས་བྱ་འདི་དག་ནི་མ་གཞི་ནས་བྱིས་པ་དག་གིས་འགྲུབ་དགོས་ལ་ཤེས་དགོས་པ་ཏག་ཏག་ཡིན་ཡང་། སློབ་མ་རྣམས་ལ་དེ་དག་འབྲི་བ་དང་སྦྱོང་བའི་དུས་ཚོད་ཕར་ཞོག་ཐ་ན་སྦྱོང་གཞིའི་ལས་བྱ་དང་ལྷན་ཐབས་ཁོ་ནའི་ལས་བྱ་མཚན་མོ་དུས་ཚོད་བཅུ་གཉིས་ལའང་འགྲུབ་པར་དཀའ་བར་སྣང་བས་ཁོ་ཚོ་ལ་ཁག་གཏན་ནས་མི་འདུག་ཨང་། གལ་ཏེ་སློབ་མ་ག་གེ་མོས་ལས་བྱ་མ་འགྲུབ་པའམ་བྲིས་གཟུགས་མི་ཡག་པ། ཡང་ན་ལས་རེས་ཀྱི་སྐབས་སུ་གཙང་སྦྲ་ལེགས་པོ་བྱས་མེད་ཚེ་ཁྱིམ་བདག་ཚོགས་པའི་ནང་ནས་ཁྱད་གསོད་དང་གཤེ་གཤེ་གཏང་ཞིང་། སློབ་མ་དེ་དག་གི་ཁྱིམ་བདག་སློབ་ཁང་དུ་སོང་ནས་རང་གི་བུ་ཕྲུག་ལ་ལྟ་རྟོག་བྱེད་པ་དང་སློབ་མའི་ཚབ་ཏུ་གཙང་སྦྲ་སོགས་ཀྱང་བྱ་དགོས།

  ད་ནི་ཁོ་རང་སྔར་བཞིན་ཨེ་ཕིས་ཕིས་དང་ཨན་ཆོན་ཇོ་ཡོས་ཕིས་ཐན་སྟེང་གི་ལས་བྱ་འབྲི་རོགས་ཤིག་བཙལ་དུ་མ་སོང་ཚེ། ཕྱི་སྡེ་སྔོན་དང་ནང་བཟའ་སྔོན་གང་ལའང་གཞའ་ཐབས་མེད་པར་གྱུར་སོང་བས་ད་ནངས་ཀྱི་གཏུལ་མའི་ཟ་འཕྲོ་མུ་ནས་བསྐྱུར་སྟེ་ཡར་སྔོན་དང་དེའི་ཡར་སྔོན་ལྟར་རིག་རིག་ཐུག་ཐུག་ཚང་མར་“དྲིན་ཆེན་པོ། ཨེ་ཕིས་ཕིས་འདི་འབྲི་རོགས་ཤིག་ཨེ་བྱེད་”ཅེས་ཟེར་ཞོར་ཁྲོམ་དུ་སོང་ལ། ངོ་ཤེས་ཁྱིམ་བདག་གཞན་པ་ཚོར་རོགས་རམ་རེ་བྱེད་པའི་ཁ་པར་བཏང་ཡང་མང་པོ་མང་པོ་ཞིག་གིས་“ངས་ཀྱང་མི་ཤེས། ང་ལ་ཡང་ཁོམ་ལོང་མེད། ”ཟེར་བ་སོགས་ཀྱིས་ཁོའི་རེ་བ་འགྲུབ་མ་ཐུབ། བུ་མོ་ལྷ་སྒྲོན་སློབ་ཆུང་དུ་སོང་བ་ནས་ད་བར་དུ་ཁོས་ཕལ་ཆེར་གཟའ་འཁོར་རེ་རེ་བཞིན་“ཨེ་ཕིས་ཕིས་སྟེང་གི་རྒྱུགས་བྱང་ཅི་ལྟར་འབྲི་དགོས་པ་རེད་”ཅེས་དང་“ཨེ་ཕིས་ཕིས་འདི་གཅིག་ལས་རོགས་ཨེ་བྱེད་”ཅེས་རྒྱུགས་རྒྱུགས་འདུར་འདུར་བྱས་དྲག་པས་ཁོ་ལ་རྒད་པོ་ཨེ་ཕིས་ཕིས་ཞེས་པའི་མིང་དེ་ཐོགས་པ་རེད།

  ཕྱི་དྲོའི་དུས་ཚོད་གསུམ་པ་ཡོལ་ནའང་ཁོས་ད་དུང་ཨེ་ཕིས་ཕིས་སྟེང་གི་ལས་བྱ་མ་འགྲུབ་པས་ཁོ་འུ་ཐུག་ཐབས་ཟད་ཀྱིས་སྔོན་ཆད་ཅ་ལག་ཉོ་མྱོང་སའི་ཚོང་ཁང་ཞིག་ཏུ་འཛུལ་ནས་ “ཨེ་ཕིས་ཕིས་དང་ཨན་ཆོན་ཇོ་ཡོས་ཕིས་ཐན་སྟེང་གི་ལས་བྱ་འདི་གཉིས་བྲི་རོགས་གྱིས་དང་ངས་ཁྱོད་ལ་གླ་རྔན་ཞིག་སྟེར་ཆོག”ཅེས་བཤད་པས། ཚོང་བདག་གི་བུ་མོས་སྐར་མ་བཞི་བཅུ་ཙམ་སྤྱད་ནས་རིན་མེད་དུ་ཐེངས་དེའི་དྲ་ལམ་གྱི་ལས་བྱ་དེ་དག་འབྲི་རོགས་བྱས་སོང་བས་དམྱལ་བའི་འཕྲང་ལམ་ནས་བསྐྱབས་ནའང་དེ་ལས་དགའ་རྒྱུ་ཅི་ཡོད་སྙམ་པའི་དགའ་སྣང་ཚོད་མེད་ཅིག་སྐྱེས།

  འཚང་ཁ་དང་འདུ་འཛིའི་ཁྲོད་ནས་ཁོས་བུ་ཆུང་བསྟན་སྐྱོང་ཁྲིད་དེ་རྗོང་སློབ་ཆུང་གི་སྒོ་འགྲམ་དུ་སོང་ནས་བུ་མོ་ལྷ་སྒྲོན་ལ་སྒུག་ནས་བསྡད། ད་སྔོན་ཡང་ཁོས་བྱིས་གཉོར་ཁང་གི་སྒོ་ཁ་ནས་ལོ་གསུམ་ལ་སྒུག་ཅིང་། སློབ་ཆུང་གི་སྒོ་ཁ་ནས་ལོ་བཞི་ལ་བསྒུགས་པ་རེད། དེ་རིང་ཡང་སྔོན་མ་དང་ཡང་ན་སྔོན་མའི་སྔོན་མ་དང་འདྲ་བར་བུ་མོ་ལྷ་སྒྲོན་སྒུག་ནས་སྡོད་སྐབས་སློབ་གྲྭའི་ལམ་འགྲམ་གྱི་སིལ་ཟས་དག་ལས་ཟས་དྲི་ཞིམ་པོ་ཞིག་སྣ་ལམ་དུ་འཐུལ་བྱུང་བས་ཁོས་ད་གཟོད་དེ་རིང་ཉིན་གང་པོར་ཟ་མ་མ་རེག་པ་དྲན་ཏེ། ཁྱིམ་དུ་སོང་ནས་ཟ་མ་རྒྱགས་ཆད་པ་ཞིག་ཟ་དགོས་སྙམ་བཞིན་པའི་དུས་སུ་ཁྱིམ་བདག་ཚོགས་པའི་ནང་དུ་འཛིན་བདག་དགེ་རྒན་གྱིས་སློབ་མ་བཅུ་ཁ་ཞིག་གི་མིང་བཟུང་ནས་དེ་དག་གི་ཁྱིམ་བདག་སློབ་ཁང་དུ་ཤོག་ཅེས་བཤད་སོང་།

                             2024ལོའི་༼གངས་དཀར་རི་བོ༽དེབ་གསུམ་པར་བཀོད།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཨ་མྱེས་ཨེ་ཕིས་ཕིས།

2024-09-25 གསའ་པདྨ་རྒྱལ་མཚན།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།