སྤྱི་ཚོགས།

    སྤྱི་ཚོགས་ཀྱིས་ཁ་གདང་ནས་མི་རྣམས་ཟ་བཞིན་འདུགསྤྱི་ཚོགས་ཀྱིས་མིག་བཙུམ་ནས་མི་རྣམས་བཙིར་གྱིན་འདུག སྤྱི་ཚོགས་ཀྱིས་མེ་མདའ་དང་མེ་སྒྱོགས་བཟུང་ནས སྤྱི་ཚོགས་ལ་གཏོར་བརླག་གང་ཐུབ་བྱེད་ཀྱིན་འདུག སྤྱི་ཚོགས་འདི་མཐོང་གིན་མཐོང་གིན་སྤྱི་ཚོགས་ལ་སྐྲག་སྣང་སྐྱེས། སྤྱི་ཚོགས་ནི་ག་འདྲ་ཞིག་རེད་དམ། སྤྱི་ཚོགས་ནི་ཐ་མག་མེ་ལ་བསྲེག་པའི་དུ་བ་དང་འདྲ། སྤྱི་ཚོགས་ནི་ཆང་གིས་བཟི་བའི་མི་ཚོའི་འགྲོ་འདུག་དང་འདྲ། སྤྱི་ཚོགས་ཡར་རྒྱས་ནས་ཡར་རྒྱས་རེད། ངའི་ཕ་ཡུལ་ན་མུ་ཏོ་བ་ཇེ་མང་ནས་ཇེ་མང་རེད། ཁོ་ཚོ་ལ་སྔོན་ཆད་ཀྱི་བརྩོན་འགྲུས་མེད་ལ། བསམ་བློ་མེད་པའི་མུ་ཏོ་བ་ངོ་མར་གྱུར་འདུག་པས། སྤྱི་ཚོགས་འདིའི་མི་ཚོགས་འགྱུར་ནས་བུད་ཐལ། 
      སྤྱི་ཚོགས་ཀྱི་ཁ་ཚུམས་ཤིག སྤྱི་ཚོགས་ཀྱི་མིག་ཕྱེ་ཞིག སྤྱི་ཚོགས་ཀྱིས་མི་དམངས་ལ་སྒུག་ཅིག སྤྱི་ཚོགས་ཀྱིས་སྤྱི་ཚོགས་ལ་ལག་པ་སྲོངས་ཤིག ཧམ་སེམས་ཀྱིས་སྤྱི་ཚོགས་དཀྲུགས་དང་ཐལ། བཙན་འཛུལ་གྱིས་སྤྱི་ཚོགས་བསྲེག་དང་ཐལ། སྙན་ངག་གིས་སྤྱི་ཚོགས་ལ་མགོ་སྐོར་བཏང་དང་ཐལ། ཆབ་སྲིད་ཀྱིས་མི་དམངས་བསྒྱུར་དང་ཐལ། གང་ལ་སོང་ཡང་རྒྱལ་བར་འདོད་པའི་སྤྱི་ཚོགས་འདིའི་དུག་ནག ངའི་ལུས་ཕུང་ཡོངས་རྫོགས་སུ་ཕོག་ཚར་འདུག་པས། ངས་དཔལ་འབར་ཅིག་མེ་ལ་སྒྲོན་ནས་རང་ཉིད་མེ་ལ་བསྲེག་ན་འདོད། ངས་སྤྱི་ཚོགས་བཅུག་པ་མ་ཡིན་པར་སྤྱི་ཚོགས་ཀྱིས་ང་བཅུག་འདུག ངས་སྤྱི་ཚོགས་གཏོར་བ་མ་ཡིན་པར་སྤྱི་ཚོགས་ཀྱིས་ངའི་བསམ་བློ་གཏོར་འདུག ང་དང་ངའི་རྩྭ་ཐང་དང་གངས་རི་འདི་སྙིང་རྗེ་ཨང་། རི་སྒང་ནས་སྤྱི་ཚོགས་ལ་བལྟ་དུས། སྤྱི་ཚོགས་འདི་ནག་ནག་ཅིག ཐང་ཆེན་ནས་སྤྱི་ཚོགས་ལ་བལྟ་དུས། སྤྱི་ཚོགས་འདི་ཁྲ་ཁྲ་ཞིག ཡིན་ཡང་། སྤྱི་ཚོགས་ཀྱིས་སྤྱི་ཚོགས་ལ་བལྟ་དུས སྤྱི་ཚོགས་ཀྱིས་སྤྱི་ཚོགས་འདི་ག་འདྲ་ཞིག་ཏུ་མཐོང་གིན་ཡོད་དམ སྤྱི་ཚོགས་ཀྱི་ནག་ཉེས སྤྱི་ཚོགས་ཀྱི་གདོང་འབག སྤྱི་ཚོགས་ཀྱི་མནར་གཅོད། སྤྱི་ཚོགས་ཀྱི་ན་ཟུག སྤྱི་ཚོགས་ཀྱི་བྱ་ལས་ཐ་དག་སྤྱི་ཚོགས་ཀྱིས་མི་དམངས་ལ་བཤད་རན་འདུག སྤྱི་ཚོགས་ཀྱི་དྲིས་ལན་སྤྱི་ཚོགས་ཀྱིས་མི་ལ་འཕོག་ན སྤྱི་ཚོགས་འདི་བཙོན་དུ་ཆུག་ཅིག སྤྱི་ཚོགས་ཀྱིས་སྤྱི་ཚོགས་ཀྱི་འགན་མི་ཐེག་ན། སྤྱི་ཚོགས་འདིར་སྲོག་ཁྲིམས་ཆོད་ཅིག སྤྱི་ཚོགས་འདི་བཀྲོལ་ཅིག་ཨང སྤྱི་ཚོགས་ལགས།
                                  ༢༠༠༩ལོའི་ཟླ་༧་ཚེས༡༩ཉིན།ཉི་མ་ལྷ་སའི་ངོ་གདོང་གཙོ་བྱས་ནས་སྤྱི་ཚོགས་ཟེར་བའི་རྩོམ་འདི་བྲིས་པའོ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱི་ཚོགས།

2010-01-06 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།