ཁ་དང་ཁ་ཡི་ཁྱད་པར་ཆེ་ལོང་ཙམ་བརྗོད་པ་ཚངས་པའི་བློ་ཡི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ།།

                                _________དེང་གི་ཆེད་རྩོམ་ཁ་ཤས་བཀླགས་པ།
                                                                 ༼གླེང་གཞི།༽
       སྤྱིར་གཞུང་གི་དཀའ་གནད་འདི་ལྟ་བུའི་སྐོར་གླེང་བ་ནི་བདག་འདྲའི་ཤེས་དམན་དག་ལ་མ་བབས་ཀྱང་དེང་གི་བློ་གསལ་གཞོན་ནུ་ཁ་ཤས་ཀྱི་རང་སྦྱོང་སོགས་ཀྱི་དགོས་མཁོ་ལ་བལྟས་ཏེ་སྔོན་བྱོན་མཁས་དབང་དུ་མའི་ཞལ་རྒྱུན་ཇི་བཞིན་གོ་བདེ་ཞིང་ཁ་གསལ་བའི་ངག་གིས་ཅུང་ཙམ་བཀྲལ་བ་ལགས་སོ།།
   འདི་བློ་གསལ་གགཞོན་ནུ་དག་གི་ཆེད་དུ་ཡིན་པ་ལས་རང་ལ་རྙེད་བཀུར་གང་ཞིག་ཐོབ་པའི་ཆེད་དུ་མིན་ཏེ།  དེ་ལྟར་ཡིན་པའི་དབང་དུ་བཏང་ན་རིག་གཞུང་གི་རིན་ཐང་ཡོད་མི་སྲིད་ཅིང༌། རིག་གཞུང་གི་རིན་ཐང་མེད་པས་དུས་དེབ་ཀྱིས་དཔར་འགོད་བྱེད་ག་ལ་སྲིད།།
                                                            ༼དང་པོ།༽
   ཁ[kha]དང་ཁ[kha]ལ་ཁྱད་པར་ཡོད་དམ།  ལོས་ཡོད་དེ།  ཁྱད་པར་ཤིན་ཏུ་ཆེའོ།།
                                                          ༼གཉིས་པ།༽
   ཁ་ཞེས་པའི་ཡི་གེ་འདི་ནི་བོད་ཡིག་གི་གསལ་བྱེད་དེ།  ཀ་ཁ་ག་ང༌། ཅ་ཆ་ཇ་ཉ།  ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། བཅགས་སུམ་ཅུ་ཐམ་པ་ཏག་ཏག་ཡོད་པ་ལས་ཨང་གཉིས་པ་དང་གསལ་བྱེད་ཀྱི་སྡེ་བ་དང་པོ་ཀ་ཁ་ག་ང་བཞི་ལས་ཀྱང་གཉིས་པ་ཡིན། སྒྲ་གདངས་ཀྱི་ཀློག་ཚུལ་ནི[kha]ཁ་ཞེས་པ་ཡིན་ཏེ། [kha]ཞེས་པ་ནི་རྒྱལ་སྤྱིའི་སྒྲ་རྟགས་ཀྱི་གསལ་བྱེད་ཡི་གེ་khདང་དབྱངས་ཡིགaགཉིས་བསྡེབས་པ་ལས་བྱུང་བའི་སྒྲ་ཡིན། རྒྱལ་སྤྱིའི་སྒྲ་རྟགས་ཞེས་པ་ནི་འཛམ་གླིང་གི་ཡི་གེའི་གདངས་ཡོད་ཚད་ལ་གདངས་མཆན་འདོགས་ཐུབ་པའི་མཚོན་རྟགས་ཤིག་ཡིན། གོང་དུ་བཤད་པ་ནི་ཁ་སྔ་མ་ཡིན་ཏེ། ད་ནི་ཁ་ཕྱི་མ་དེ་བཤད་པར་བྱ།  ཁ་ཞེས་པ་དེ་ནི་སྨྲ་བྱེད་དམ་ཟ་བྱེད་ཀྱི་ཁ་ཡིན། _________དོན་ལ་སྨྲ་བྱེད་ཀྱི་ཁ་དང་ཟ་བྱེད་ཀྱི་ཁ་ལ་ཡང་ཁྱད་པར་ཡོད་པ་དཔེར་ན།  སྐད་ཆ་བཤད་པའི་དུས་ལ་ཟས་བཟའ་མི་རུང་བ་ལྟ་བུ་སོགས་ཡིན་ཀྱང་རིག་པའི་གནས་ཕྲ་ཞིང་ཕྲ་བ་ཡིན་པས་བློ་གསལ་གཞོན་ནུ་ཚོའི་རིག་སྟོབས་དང་འཚམ་མིན་ལ་དོགས་ནས་འདིར་མང་དུ་མ་སྤྲོས________ཡང་ཁ་འདི་ལ་དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི་ལས་ཨོ་ཡི་མཚོན་བྱེད་ན་རོ་སྦྱར་ཚེ།  ན་རོ་སྦྱར་བའི་ཁ་དེ་དང་སྨྲ་བྱེད་དམ་ཟ་བྱེད་ཀྱི་ཁ་གཉིས་ལ་ཁྱད་པར་ཆེ།།
                                                        ༼གསུམ་པ།༽
     དེ་ཡང་ཁ་ན་རོ་ཅན་དང་ཁ་རྐྱང་བ་ཞེས་ཞིབ་འདང་ཞིག་བརྒྱབ་ཚེ་ང་ཚོས་གནས་ལུགས་ཇི་འདྲའི་གཏིང་ཟབ་པ་ཞིག་རྟོགས་ཐུབ་ཨང་_________ཁ་དང་ཁ་ལ་ཁྱད་པར་ཆེ།།
                                                       ༼ བཞི་བ།༽
    དཔེ་དྲངས་ནས་ཁ་གསལ་གོ་བདེར་བཏང་ན།  དེ་ནི་སྐྱེ་བོ་ཁ་སྤུ་ཅན་གྱི་ཁ་དང་སྐྱེ་བོ་ཁ་སྤུ་མེད་པ_________ཡང་ན་བུད་མེད་ཀྱི་ཁ_________གཉིས་དང་འདྲ། སྐྱེ་བོ་ལ་ལའི་ཁ་སྤུ་ན་རོ་དང་འདྲ་བས་དེ་ནི་ཁ་ན་རོ་ཅན་དང༌།  ལ་ལར་ཁ་སྤུ་ཉག་གཅིག་ཀྱང་མེད་པས་ཁ་རྐྱང་བ་དང་འདྲ།  གསལ་བཤད་བྱེད་རྒྱུ་ནི། བུད་མེད་ཚོ་ནི་བུད་མེད་ཚོ་ཡིན་པས་ཁ་སྤུ་མེད་པ་རྟོགས་ཐུབ་ཀྱང༌། ཁོ་ཚོས་སྐྱེས་པ་དག་གི་གདོང་གི་ཁྱད་པར་ལས་ཁ་དང་ཁ་ཡི་ཁྱད་པར་ལ་ངེས་ཤེས་རྙེད་ཐུབ།  འདི་ལག་ལེན་གྱིས་ར་སྤྲོད་བྱས།
                                                     ༼ ལྔ་བ།༽
    ད་དུང་གཞོན་ནུ་བློ་གསལ་དག་ལ་སྙིང་གཏམ་ཞིག་མ་གསང་དྲང་ཞུ་བྱ་རྒྱུ་ཞིག་ལ། གལ་ཏེ་སྐྱེ་བོ་སུ་ཞིག་ཁ་དང་ཁ་ལ་ཁྱད་པར་མེད་ཅེས་བརྗོད་པ་ཞིག་ཐོས་ན། དེར་རློམ་སེམས་གཏན་ནས་སྐྱེས་མི་རུང༌།  དེ་ནི་བླུན་པོ་ཁ་ནག་ཚོས་བབ་ཅོལ་ཡིན་པར་མ་ཟད།  དེའི་ཉེ་སར་བཅར་བ་ཙམ་གྱིས་ཀྱང་རང་ལ་ཉམ་ཞེས་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེའོ།།
                                                    ༼དྲུག་པ།༽
    ཁ་དང་ཁ་ཡི་ཁྱད་པར་ནི་རིག་པའི་གནས་ཤིན་ཏུ་ཤིན་ཏུ་ཕྲ་བ་ཡིན་པར་མ་ཟད། སྔོན་བྱོན་མཁས་དབང་ད་མས་ཀྱང་འདིའི་སྐོར་གྱི་དཀའ་འགྲེལ་བརྩམས་པ་དེ་འདྲའི་མང་རྒྱུ་མེད་པས།  བདག་གིས་ཀྱང་སྔོན་བྱོན་མཁས་དབང་དག་གི་དགོངས་པ་ལས་ཏོག་ཙམ་ཡང་མ་འགལ་བར་ཁ་དང་ཁ་ཡི་ཁྱད་པར་བྲིས་པ་ཡིན་ཏེ། སྔོན་བྱོན་མཁས་དབང་ཚོས་དགོངས་གཞིགས་མ་བཏང་བའི་དོན་ལ། ང་ཚོས་ལྷག་པར་དུ་འདང་རྒྱག་དོན་མེད་དེ་འདང་ཕོག་པ་་ཞིག་ཀྱང་ག་ལ་ཡིན།།
                                                   ༼བདུན་པ།༽
    རྩོམ་ཡོན་གྱི་ཆེད་དུ་བྲིས་པ་མིན་ལ་སྙན་གྲགས་དང་བཀུར་སྟི་ཐོབ་འདོད་ཀྱང་མིན་པར་སྔོན་བྱོན་པ་དག་གི་དགོངས་པ་ཇི་བཞིན་བཀྲལ་ནས་བློ་གསལ་གཞོན་ནུ་དག་ལ་ལྷག་བསམ་ཞིག་བསྟན་པ་ཙམ་མོ།།
 སྨྲས་པ།
ཁོ་ལག་ཡངས་པའི་ཁ་ལྗོངས་སུ།།
ཁེ་གྲགས་གཉེར་བའི་ཁ་མཁས་ཚོར།།
ཁེངས་ཅན་རལ་གྲིའི་ཁ་རྣོན་གྱིས།།
ཁོ་ཐག་གཅོད་པའི་ཁ་ལན་འདི།།

རྩོམ་ཁུངས། ལྗང་བུའི་ལྷུག་རྩོམ་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་དང་ཁ་ཡི་ཁྱད་པར་ཆེ་ལོང་ཙམ་བརྗོད་པ་ཚངས་པའི་བློ་ཡི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ།།

2010-08-17 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།