དབྱངས།

    དབྱངས་དེ་གང་ཞིག་ནས་འོང༌། དབྱངས་དེ་སུའི་སྙིང་ལ་བཏབ་པའི་ལྕགས་གཟེར་ཡིན། དབྱངས་དེ་ནི་མཛེས་སྡུག་ལྡན་པའི་དུག་སྦྲུལ་ཞིག་གིས་ཐང་སྟོང་དུ་འཁྱུག་འགྲོས་བྱེད་པའི་ཉམས་འགྱུར་ཡིན་ནམ། དབྱངས་དེ་ནི་གྲོགས་པོ་ཚོའི་དབང་རྩའི་སྦུབས་སུ་ལྷོད་ལྷོད་འཕྱུར་བའི་མྱ་ངན་གྱི་དྲག་རྒྱུན་ནམ་དྲག་རྒྱུན་དེ་ག་ལེར་སིམ་པའི་ས་ཞིང་གཤིན་པོ་ཞིག་གི་མྱུ་གུ་དང་མེ་ཏོག་གི་ཚལ་ལ་འཁོར་གྱིན་ཡོད་དམ།  འཇིག་རྟེན་འདི་དབྱངས་ཀྱི་ཁྲོད་ནས་སྐྱེས་ཤིང་སླར་ཡང་འཇིག་པར་ངེས་སམ།
   གངས་རི་དང་གཙང་པོ།  སྤང་ལྗོངས་དང་མེ་དཔུང་ལ་མཆོད་བསྟོད་ཀྱི་གླུ་དབྱངས་ལེན་མཁན་སུ་ཞིག་སླར་ཡང་གངས་རི་དང་གཙང་པོ། སྤང་ལྗོངས་དང་མེ་དཔུང་ལ་ཇི་ལྟར་ཐིམ་བྱུང༌། དབྱངས་དེ་ད་ལྟའང་ད་དུང་ཞི་བར་འཇགས་མི་སྲིད།
  མཚན་མོ་དེར།  རྡུལ་སྨུག་གི་གཤོག་པས་བར་སྣང་དོག་མོར་འཚང་ཁ་བྱེད་པའི་མཚན་མོ་དེར།  ཁ་བ་ཐར་ཐོར་ཞིག་གངས་རིའི་དབུ་རྩེར་བབས་བྱུང༌།  ཆུ་འགོ་དེ་དེ་འདྲའི་འཁྱག་དོན་དང་དབྱངས་དེ་དེ་འདྲའི་ལྐོག་གྱུར་ཡིན་དོན་ངས་གཞི་ནས་ཤེས་སོང༌།
  དམ་པ་ཞིག་གླུ་ངག་འགག་པའི་མཚན་མོ་རེ་རེར། བླ་སྲོག་གི་བསང་ཁྲི་ཁེར་རྐྱང་སྟེང་ནས་དྲི་ཞིམ་ལྡན་པའི་ཤུག་བསྟན་གྱི་ཕུག་རོན་ཁྱུ་རེ་འཕུར་སྲིད་ལ། གཤོག་རླབས་འོག་གི་གྲང་ངར་ལྡན་པའི་དབྱངས་ཀྱི་འགྱུར་ཁུག་རེ་རེ་རྨ་འབྲི་དང་ཡར་ཀླུང་གི་ཆབ་རོམ་འོག་ཏུ་ཞུགས་ངེས།
   དབྱངས་དེ་ཅི་ཞིག་ཡིན་པ་ངས་གཞི་ནས་རྟོགས་བྱུང༌།
  དབྱངས་དེའི་དབང་གིས།ཁྱོད་ལ་རེག་པ་ནི་རྨུ་སྐས་རིང་པོ་མ་ཡིན་པར་སྐྲ་ཉག་ལས་ཕྲ་བའི་ཐུ་གུ་ཐུང་ཐུང་ཞིག་ཡིན།དབྱངས་དེའི་དབང་གིས། ཁྱོད་ཀྱི་ཉམས་པ་མེད་པའི་མཆོད་རྟེན་ལ་འཆི་བདག་གིས་རབ་གནས་བྱས།མཆོད་རྟེན་གྱི་སྐེ་ལ་ཚེར་མ་དང་བཅས་པའི་མེ་ཏོག་གི་ཕྲེང་བས་སྤྲས།དེ་བས།དབྱངས་དེ་མཆོད་རྟེན་གྱི་སྙིང་ཁོང་ནས་ཕྱོགས་བཞིར་མཆེད་དེ་སྐྱེ་བོ་གྲངས་མེད་ཀྱི་ཆེས་གཏིང་ཟབ་སར་འཛུལ།དབྱངས་དེ་ད་ལྟའང་ད་དུང་ཞི་བར་འཇགས་མི་སྲིད་ལ།དབྱངས་དེ་ཅི་ཞིག་ཡིན་པ་ངས་གཞི་ནས་རྟོགས་བྱུང༌།དབྱངས་ཅན་མའི་ཕྲ་ལྡེམ་གྱི་ཕྱག་སོར་གྱིས་ཁྱོད་ཀྱི་བྲང་ཁ་ཕྱེས་དུས།དབྱངས་དེ་ནི་ཁྱོད་ཀྱི“སྤྲིན་དཀར་གྱི་འདབ་མ”དག་ལས་འོང་བའི་བྲག་ཅ་ཡིན།དབྱངས་དེ་ནི་རང་ཉིད་ལས་གྲོལ་བའི་ཁྱོད་ཉིད་དམ་རང་བཞིན་དུ་གྲོལ་བའི་ཁྱོད་ཉིད་ལགས།

རྩོམ་ཁུངས། ལྗང་བུའི་ལྷུག་རྩོམ་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས།

2010-08-13 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།