ས་ཆུ་མེ་རླུང༌།

                                                                    ༼ ས།༽
  རྔམ་བརྗིད་ཀྱི་སྒྲ་དབྱངས་མཆེད་བྱུང༌། ཁྱོད་རང་མུ་མཐའ་བྲལ་བའི་སྤྲོ་སེམས་ཀྱི་ས་གཞི་རུ་བཞུགས་དང་གློག་དམར་གྱི་གསང་བརྡ་ཚོར་ངེས། ཁྱོད་ཀྱིས་སྤྲིན་དཀར་གྱི་དབུགས་རྒྱུན་འཁྲིལ་བའི་གངས་རི་དང་ནམ་མཁར་བལྟས་ཏེ་གནའ་བོའི་རྐང་གླིང་དེ་འབུད་དུས། ཁྱུང་ཆེན་ཅིག་ཀྱང་འཕུར་འོང་བའི་ཁས་ལེན་བྱས་ཆོག ལོ་ཟླའི་གཤོག་རྩེ་ལ་ཐོགས་པའི་སེམས་ཁྲལ་དེ་ཡང་མེས་པོའི་བྲག་ཕུག་ཏུ་བསླེབས་ངེས། ཨོ། ཁོད་ཡངས་པའི་འཇིག་རྟེན།།
                                                                       ༼ཆུ།༽
  ཁྱོད་ཀྱི་འཇམ་མཉེན་ཡོད་ཚད་བཏུམ་པའི་མཛེས་སྡུག་ཨ།  མེ་ཏོག་གི་འགྲམ་པར་འཚེར་བའི་སྨེ་བ་དྭངས་མོ།
  ངའི་ཆུ།  རྨི་ལམ་ཁྲོད་ཀྱི་སྐེ་དཀྲིས་དཀར་པོ་དང་སྙིང་གཏམ་ཤབ་ཤུབ།
  ངའི་ཆུ།  རི་ཁྲིད་ཀྱི་ཁང་མིག་དང་མཆི་མའི་མེ་ཏོག་ཕྲེང་བ།
  ངའི་དབང་རྩའི་སྦུབས་སུ་རྒྱུ་བའི་དྭངས་གཙང་དྲོད་འཇམ་གྱི་གློག་རྒྱུན་གྱ་གྱུ། 
                                                                    ༼ མེ།༽
  མེ་ཁྱོད་སྲོག་ལྟར་གཅེས་འོས། ཁྱོད་ཀྱི་ཕྱིར་དུ་གྲང་ངར་ཕྱོགས་བཞི་ནས་འོང༌། ཐོག་མའི་བརྩེ་དུང་དོན་མེད་དུ་གྱུར་བའི་མཚན་མོ་དེར་ཡང་ཁོ་མོས་ཁྱོད་ཉིད་སེམས་ཁོང་དུ་བཅུག་ནས་གྲོང་བརྡལ་ཆུང་ཆུང་གི་བར་སྣང་དུ་སྐྱོ་བའི་སྐར་ཚོམ་སྒྲུག་ཞོར་ཕྱིར་རང་ཁྱིམ་དུ་ལོག་མྱོང༌།
   ཁོ་མོས་ཐག་རིང་གི་མེ་དཔུང་གི་ཞབས་བྲོར་བལྟས་ནས་བརྩེ་དུང་ལ་ཅི་ཙམ་བསྒུགས་ཨང༌།  རྩྭ་ཞྭ་དཀར་པོའང་མེ་ལྕེའི་ལྡོག་འོད་ཀྱིས་འཕྱོ་ལྡིང་བྱེད༌། ང་ཚོའི་མེ་དཔུང་གི་མཚན་མོ་རེ་རེ།།
                                                                ༼ རླུང༌།༽
  མུན་ནག་གི་ཁྲོད་ནས་འོད་ཟེར་བཞིན་བསྲིངས་འོང་བའི་སྤུ་སུད་ཀྱི་འདོད་པ་ད་དུང་ཡལ་མེད།  བྲག་རི་ལ་དུས་ཚོད་ཀྱི་ཟླ་འོད་ཕོག་དུས། ད་ཅི་ངར་སྐད་སྒྲོག་མཁན་གྲོགས་པོ་ཚོ་རང་རང་གི་དམིགས་སར་ཆས་དུས།  གྲིབ་མ་སྣ་ཚོགས་ཀྱི་གཡོ་འགུལ་ལས་ཁྱོད་ཀྱིས་གནས་ལུགས་ཟབ་མོ་ཁ་ཤས་རྙེད་བྱུང་ངམ།
        རླུང་བུ་གཡུག་བྱུང༌།།

རྩོམ་ཁུངས། ལྗང་བུའི་ལྷུག་རྩོམ་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་ཆུ་མེ་རླུང༌།

2010-08-11 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།