དབྱར་དགུན་སྟོན་དཔྱིད།

                                                                   ༼ དཔྱིད།༽
       ང་འདུག་ས་དེ་སྐྱིད་རྒྱུ་མེད་ནའང་གྲོགས་པོ་མང་བས་ཁོམ་ལོང་བྲལ་བ་ཞིག་ཡིན་ལ་རྒྱུན་དུ་གླུ་ལེན་གར་རྩེད་རྟ་རྒྱུག་མདའ་འཕེན་བྱས་ཏེ་དུས་རབས་གྲངས་མེད་ཕྱིན་པས་སྐྱོ་བ་སངས་རུང་སྡུག་རང་གིས་ཉོས་ཏེ་ཡིག་འབྲུ་ཁ་ཤས་ཀྱི་ཁོག་པར་ཐེངས་ཤིག་འཛུལ་བས་རྒྱབ་གོས་ཁ་ཟས་བསྐྱུར་ནས་རྨི་ལམ་ལྟ་བུའི་ཐོག་ཁང་ཆེན་པོ་ས་ལ་མ་ཐུག་གནམ་ལ་མ་རེག་པ་དེའི་ལྕགས་འཛེར་ཞིག་གམ་གྱོ་མོ་ཞིག་ཏུ་མི་རྫུ་ཐབས་མེད་ཀྱི་མི་ལོ་ཉི་ཤུ་ཁ་ཤས་འདས་པར་གློ་བུར་དུ་འཇིག་རྟེན་འདིའི་དངོས་པོ་ཐམས་ཅད་རྒས་ཤིང་སྙིང་བོ་མེད་པ་ལྟ་བུའི་ཚོར་བ་བྱུང་དུས་མ་གཞིར་རྒས་ཁོ་ཐག་ནི་རང་ཉིད་རྒས་པ་དང་རང་གི་བསམ་པ་དང་སྦྱོར་བའང་གཞན་གྱི་ཡིན་པ་རྟོགས་ཏེ་ངོ་ཚ་ཞིང་སེམས་སྐྱོ་ནས་རེ་ཞིག་ཁ་རོག་ཏུ་བསྡད་པར་དགུན་ཁས་ང་ཕ་རོལ་ཏུ་དེད་ནས་ད་ལྟའི་གནས་འདིར་བསླེབས།
                                                                 ༼དབྱར།༽
      དྲོད་འཇམ་དེ་ང་ཚོ་ཚང་མའི་ཡིན་པ་གློ་བུར་དུ་ཤེས་ནའང་ང་རང་གཏན་དུ་བྲལ་ནས་ཡུལ་ལྗོངས་གཞན་ཞིག་འཚོལ་དགོས་བྱུང་བས་རི་བོ་ཁ་ཤས་ཤུལ་དུ་བཞག་ཡོད། ངས་ལྗོང་ཤིང་གི་ལོ་འདབ་ནང་བསྐུང་བའི་སྐད་སྒྲ་ཤབ་ཤུབ་དང་གྲོང་སྡེ་ཆུང་ཆུང་གི་ཁུག་ཀྱོག་ཅིག་ན་ཉལ་བའི་ང་རང་གི་བརྩེ་དུང་མཐོང་ནས་ཉིན་གསུམ་ཞག་གསུམ་ལ་གསེར་མདོག་གི་བསམ་བློ་བཏང་བར་གྲོང་སྡེ་ཆུང་ཆུང་དེ་ནི་ངས་འཚོལ་གྱིན་པའི་གྲུ་ཁར་སླེབས་མེད་པས་ངས་མདུན་ཕྱོགས་ནས་འོང་བའི་བགྲེས་སོང་ཞིག་ལ་འགྲོ་ལམ་དྲིས་པར་རྒན་པོས་འཁར་བ་བཀྱགས་ཏེ་ང་འོང་སའི་འགྲོ་ལམ་དེའི་གདོང་ལ་བཙུགས། དེ་དུས་ད་དུང་ཚ་བ་ཆེ་བས་ས་གཞི་སྨུག་པས་བཏུམ་ཞིང་སྤྲིན་པས་གཡོག་སྟེ་རི་བོ་དེ་དག་སྔར་གྱི་གནས་སུ་ཡོད་མེད་གཏན་ནས་མི་མཐོང་ཕྱིར་སྟོན་ཁ་བསླེབ་པའི་བར་དུ་ང་སྡོང་བོ་བཞིན་ས་ཞིང་གཤིན་པོའི་གཏིང་དུ་ཐིམ།
                                                              ༼སྟོན།༽
       གསེར་མདོག་གི་ཆུ་ལོག་བརྡོལ་ནས་ས་གཞི་སྟོང་སང་ངེར་གྱུར་ཏེ་ང་རང་གྲོགས་མེད་ཁེར་རྐྱང་དུ་ལུས་སོང་སྙམ་པར་རི་བོང་ཞིག་ཐང་ཆད་པ་མཐོང་ཡང་དེ་ནི་ང་དང་ཆུ་ལོག་ལས་ཤི་བའི་ན་ཟླ་ཚོའི་ལོ་སྙིང་ཡིན་པ་གཞི་ནས་ཤེས་ཤིང་གཤིན་པོ་རྣམས་ལ་འདས་མཆོད་ཅིག་བྱེད་བསམ་ཚེ་ཤིང་སྡོང་གི་ལོ་མས་ཕུ་ཞིག་བཏབ་ནས་སེམས་པ་ལྟར་དམར་བའི་མཆོད་མེ་ཐམས་ཅད་བཅིལ། གཤིན་པོའི་རྣམ་ཤེས་ཕྱོགས་བཞི་ནས་འདུས་ཏེ་ང་ཚོ་ཚང་མ་སོང་ཚར་དུས་ཁྱོད་གཅིག་པུ་ཤུལ་ནས་བསྡད་དེ་ཡང་སྙིང་ལྐོག་གཡོ་ཅི་ཞིག་ཡོད་ཅེས་གཤེ་གཤེ་གཏོང་ཞོར་ཚིག་གྲི་རྣོན་པོས་ང་རང་དུམ་བུ་དུམ་བུར་གཏུབས་ནས་ཐལ་བར་བསྲེས་ཏེ་ས་ལ་གཏོར་བས་ངའི་བླ་སྡོང་སླར་ཡང་སྐྱེས་ཤིང་བྱིའུ་ཁ་ཤས་ཀྱང་དེའི་སྟེང་དུ་བབས་ནས“ལྐོག་གྱུར” “ལྐོག་གྱུར”ཞེས་ཅ་ཅོ་བར་མེད་སྒྲོག་ཞོར་ལོ་མའི་སྦུབས་སུ་ཐིམ།
                                                      ༼ དགུན།༽
     ཆུ་ཡོད་ན་ཆུ་དང་དྲོད་ཡོད་ན་དྲོད་ཅིག་སྟེར་རོགས།  བྱིའུ་རྣམས་འཕུར་སོང་བ་དེ་ནི་བསམ་བློ་རེད།  ལོ་མ་རྣམས་སྐམ་སོང་བ་དེ་ནི་ཚེ་སྲོག་རེད། ངས་ཁེར་བཤད་རྒྱག་པ་རྣ་འབྱོག་གིས་ཐོས་ནས་མ་ཡིན་ཡིན་མདོག་སྟོན་ཀྱང་ངས་རང་ཉིད་ལ་བལྟས་ཏེ་མིག་བརྡ་ཞིག་བཏང་ནས་ལུས་པོ་ས་གཞི་ལས་འབལ་བར་འདོད་དུས་རང་ཉིད་གང་དུ་ཡོད་པ་བཙལ་ནས་མ་རྙེད་པར་དངངས་སྐྲག་དང་བཅས་ཏེ་བྲོས་ནས་འགྲོ་སྐབས་མེ་ཏོག་གི་ཚལ་དུ་བག་ཡངས་རྒྱུ་བའི་ཡུ་མོ་ཞིག་གིས་མིག་གི་ཟུར་མདའ་འཕེན་པ་ཚོར་ནས་གོམ་མཚམས་བཞག་མ་ཐག་ཐག་རིང་གི་གླུ་ལེན་གར་རྩེད་དང་རྟ་རྒྱུག་མདའ་འཕེན་བྱེད་ཚུལ་དྲན་བྱུང༌།།

རྩོམ་ཁུངས། ལྗང་བུའི་ལྷུག་རྩོམ་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱར་དགུན་སྟོན་དཔྱིད།

2010-08-09 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།