གཙང་པོའི་ཆུ་ལ་འགོ་ཁུངས་ཤིག

        “ཆུ་འགོ་གངས་དང་ཆུ་རྔ་རྒྱ་མཚོ།”རེད་ཡ།སྤང་ཐང་དང་གྲོག་རོང་དུ་མཆོང་རྒྱུག་བྱེད་པའི་ཆུ་ཕྲན།བདེ་ཐང་དང་རི་རབ་དལ་གྱིས་བསྐོར་བའི་གཙང་ཆེན།འདི་ཐམས་ཅད་ལ་རང་རང་གི་འབྱུང་ཁུངས་རེ་ལོས་ཡོད།
       རྨ་ཀླུང་རིང་མོའི་ཆལ་ཆིལ་གྱི་རྦ་རླབས་གཡོ་བའི་རྩེ་ན་ཟེགས་མའི་མེ་ཏོག་འབར་བ་རིང་ནས་མཐོང་ལ། འབྲི་ཆུ་སྔོན་མོའི་དབྱངས་ཀྱི་འགྱུར་ཁུག་སྙན་པོའི་བྲག་ཅ་འགག་གསུམ་ཁྲོད་ནས་སྒྲོག་པ་ཡང་ཐོས་ཐུབ། མཚན་མོ་དེར། བདག་རྨི་ལམ་གྱི་ཁྲོད་ནས་རྨ་འབྲིའི་འགོ་ཁུངས་འཚོལ་ཕྱིར་ནུབ་ཕྱོགས་སུ་མྱུར་བ་མྱུར་བར་ཆས།
    སྐར་རྒྱན་གྱི་འོད་མདངས་ག་ལེར་ཉམས། ཤར་ཕྱོགས་ཀྱི་མཁའ་མཐའ་མོག་པོར་གྱུར། གློ་མདོག་གི་སྤྲིན་པ་སྲབ་མོ་རིམ་གྱིས་ཆེ་རུ་ཕྱིན། སྐྱ་རེངས་ཤར་བྱུང༌། དེ་ནི་འོད་གསལ་གྱི་ཕོ་ཉ་སྟེ་ཉི་གཞོན་གྱིས་མངགས་པའི་གདོང་མཆོང་དཔའ་བོ་ལགས། དེ་ནི་བདེ་སྐྱིད་ཀྱི་སྔ་ལྟས་སོ།།
   འོད་ཟེར་གྱི་ཕུང་བོ་ཆེ་དེས་གསེར་གྱི་མདའ་མོ་འབུམ་གྱིས་ཁོ་བོའི་གཙུག་ནས་རྐང་མཐིལ་བར་བརྟོལ་ཅིང༌། ཚ་མེར་མེར།  དྲོད་ལམ་ལམ་གྱི་དགའ་བདེ་དུ་མས་བདག་ཡིད་ཀྱི་གུར་ཁང་ཡོངས་སུ་ཁྱབ། འོད་གསལ་གྱི་འོག་ཏུ་གངས་དཀར་རི་བོའི་དབུ་རྩེ་ཤིན་ཏུ་མཛེས།  སྔོན་བྱོན་གྱི་དམ་པ་འགའ་རེས་དེ་ནི“ཤེལ་གྱི་མཆོད་རྟེན་བཞེངས་འདྲ”ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཕྲེང་མཛེས་མགུལ་བར་བསྐོན་པ་ཇི་འདྲའི་དོན་ལ་གནས། ཇི་འདྲའི་ཡི་གར་ཡོང༌།
   གངས་ཀྱི་ཕང་བར་སྤྲིན་དཀར་སྲབ་བུ་ཞིག་དལ་བ་དལ་བུར་འཕགས་པའི་ཤུལ་ན་མིག་གིས་བཟོད་དཀའི་བཀྲག་མདངས་ཡང་ཡང་འཚེར། དགུ་ཚིགས་ཀྱི་གཙང་པོ་ལས་སྐར་མ་སྐྱོགས་གང་ས་རུ་གཏོར་བའམ་གངས་དཀར་རི་བོའི་སྤྱན་གཅིག་འདི་རུ་བཀྲ་འདུག  ཉེ་བར་བཅར་དུས་མཐོང་བ་ནི་གངས་ཁྲོད་ནས་ལུད་པའི་ཆུ་མིག་ཅིག་རེད། དྭངས་ཤིང་གཏིང་མཐོང་ལ། འབབ་སྒྲ་སྙན་ལྷང་ལྷང༌། ཉི་འོད་ཀྱིས་བསྐྱེད་པའི་འོད་ཀོར་གྱི་ཕྲེང་ཚོགས་སྐྱེད་ཚལ་གྱི་དཔལ་བཞིན་སྙེམས། ས་གཞིའི་སེམས་གཏིང་ནས་བརྡོལ་བའི་ལྷག་བསམ་གྱི་རྒྱུན་རིང་པོ་འདི་ནི་གཙང་པོའི་ཆུ་ཡི་འགོ་ཁུངས་མིན་ནམ།
     ལོས་ཡིན། གཙང་པོའི་ཆུ་ནི་འཛིན་མའི་པང་ན་ལྷང་ངེར་འཕགས་པའི་གངས་དཀར་རི་བོའི་ཆེས་ཉེ་ཞིང་གཅེས་པར་འཛིན་པའི་བུ་ཕྲུག་རེད་ལ། འཇིག་རྟེན་གྱི་བདེ་བ་ཐམས་ཅད་མེད་པ་ནས་ཡོད་པ། ཡོད་པ་ནས་རྒྱས་པར་བྱེད་པའི་བདག་པོའང་རེད།
   དེ་གཙང་ཞིང་དྲི་མ་བྲལ། གསལ་ཞིང་བཞུར་རྒྱུན་རིང༌། འདི་འདྲའི་ཕྲ་ཞིང་ཆུང་ལ་ཐོག་མ་ནས་ཀྱག་ཀྱོག་གི་ལམ་ལ་ཞུགས་པའི་ཚེ་སྲོག་གི་ཚོགས་པ། འཐབ་འཛིང་གི་དཔུང་ཁག་འདི་ཇེ་ཆེ་ཇེ་རྒྱས། ཇེ་དམ་ཇེ་དྲག ཡངས་པའི་ས་རྒྱ་བཟུང་ཞིང་ཕྱོགས་ཀུན་རྣམ་པར་རྒྱལ།  བདག་གི་ཡིད་སེམས་ཀྱི་དཀྱིལ་དབུས་སུ་འཕགས་པའི་རྨ་འབྲི་ཟུང་ཡང་འདི་ལྟར་འཕྱོ་ཞིང་ཆེ་རུ་རྒྱས་ལ་བཞུར་རྒྱུན་བསྲིངས། འདི་ནི་དགོས་མཁོ་ཞིག་གམ། ཡང་ན་རང་བྱུང་གི་སྣང་ཚུལ་ལམ་ཆོས་ཉིད་ཡིན་ནམ། བདག་གིས་ས་སྟེང་གི་ཚེ་སྲོག་དང་འདུ་ཤེས་ཐམས་ཅད་ལ་དྲིས་པ་ཡིན་ལ།  ཁྱད་པར་དུ་རང་གི་མི་ལོ་ཉེར་གཉིས་ཀྱི་ན་ཚོད་ལ་དྲིས་པའོ།།
    ཆུ་རྒྱུན་འདིས་དུས་ཚོད་ཀྱི་གོམ་པར་བསྡོངས་ནས་ཆུ་སྣ་གསར་བ་གང་མང་ངོམས་མེད་དུ་བསྡུས་ལ། བར་སྣང་གི་རྒྱ་ཁྱོན་དང་བསྡེབས་ནས་ཁ་ཆར་གྲངས་མེད་ཀྱི་རྟག་ཀུན་འཐུངས་ནས་ད་གཟོད་རྒྱས་ཤིང་འཕེལ།  འཕེལ་ཞིང་རྒྱས།
   ཀྭ་ཡེ།  བདག་གི་སྐྱེ་འཕེལ་གྱི་ནུས་པར་འགྲན་དུ་མེད་པའི་མ་ཡུམ་མི་རིགས་ཁྱེད་ལ་ཡང་གཙང་པོའི་ཆུ་འདིའི་ལས་སྐལ་དང་དབྱེར་མེད་པའི་ལོ་རྒྱུས་ཀྱི་རྒྱུན་ཞིག་ཡོད་པ་སུས་མི་མཁྱེན།  དེ་རིང༌། ཉི་འོད་ཀྱིས་འཁྱག་རོམ་བཞུས་དུས་ཁྱོད་ལ་སྟོབས་ཤུགས་དང་རང་དབང་ཐོབ། དེ་ཡང་ཁྱོད་ཀྱི་ཤེས་རིག་དང་བདེ་སྐྱིད་ཀྱི་ཆུ་འགོ་ཡང་འདི་ནས་བརྡོལ་བ་ཐུགས་འཇགས་འཚལ།།

རྩོམ་ཁུངས། ལྗང་བུའི་ལྷུག་རྩོམ་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཙང་པོའི་ཆུ་ལ་འགོ་ཁུངས་ཤིག

2010-08-08 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།