མི་རིགས་གོང་འཕེལ་དང་བོད་ཀྱི་སློབ་གསོ།

སྔ་རབས་པ་ཡིས་མདོ་སྔགས་གཉིས་སུ་བསྡུས།།
བར་རབས་པ་ཡིས་ལུགས་གཉིས་སྦྲགས་མར་སྤེལ།།
ཕྱི་རབས་པ་ཡིས་གསར་རྙིང་གཉིས་ལ་སྤྱོད།།
ཨེ་མ་དེང་འདིར་དུས་གསུམ་བསྐལ་བ་བཟང་།།
              ཞེས་ཤོ་ལོ་ཀ་གཅིག་གིས་མདུན་བསུས་ཏེ་གླེང་བར་བྱ་བ་ནི་མི་རིགས་སློབ་གསོའི་བྱ་བ་ཡིན། དཔྱད་གཞི་འདི་བསྐྱར་ཟློས་ཀྱི་སྐད་ཆ་ཡིན་ཀྱང་ངས་ཧ་ཅང་གླེང་འདོད་པ་ཡིན།མི་རིགས་གང་དང་གང་ཡིན་ཀྱང་གོང་འཕེལ་དུ་གཏོང་ན་རིག་གནས་སློབ་གསོ་འདི་རྩ་བར་བཟུང་ནས་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་དེ་རེད།དེ་བས་བོད་མི་རིགས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་འདི་ཧ་ཅང་རྗེས་ལུས་ཡིན་པ་ནི་རིག་གནས་སློབ་གསོ་རྗེས་ལུས་ཡིན་པའི་རྐྱེན་རེད།འོན་ཀྱང་གསར་སློབ་པ་འགའ་རེས་ལྟ་ཚུལ་ལ་བོད་སྤྱི་ཚོགས་ཀྱི་རྗེས་ལུས་རྣམ་པ་འདིའི་འབྱུང་རྐྱེན་ནི་ཆོས་ལུགས་ལ་ཐུག་ཡོད་སྙམ་པ་དང་།ཀླད་རྙིང་མཁྲེགས་བཟུང་གིས་ཚན་རིག་མི་སློབ་པ་བཅས་ཡིན་པར་བསམ་འདུགདེ་ལ་བདེན་རྫུན་གྱི་དབྱེ་བ་དང་བཟང་ངན་གྱི་བླང་དོར་ཧ་ཅང་མང་པོ་ཡོད་པས་དཔྱད་པ་གཏོང་རྒྱུ་ཤིན་ཏུ་གལ་ཆེ་ལ་དགག་པ་གཏོང་རྒྱུ་ཡང་མང་བས་མཚམས་འདིར་རེ་ཞིག་འཇོག་རྒྱུ་ཡིན།ད་ནི་བརྗོད་བྱའི་གཙོ་བོ་གླེང་བར་བྱ་སྟེ།བོད་མི་རིགས་འདི་ལ་མཁས་བླུན་སུས་བལྟས་ཀྱང་འཛམ་གླིང་གོ་ལའི་སྟེང་དུ་ད་དུང་རྗེས་ལུས་ཡིན་པ་གསལ་བོ་ཤེས་ཡོད།དེའི་རྒྱུ་རྐྱེན་ཅི་ཞིག་ཡིན་པའང་ཤེས་ཡོད།འོན་ཀྱང་བཤད་ཐུབ་པ་དང་སྒྲུབ་ནུས་བ་ནི་མི་གཅིག་ཀྱང་མེད་པ་འདྲ།གལ་ཏེ་སུས་བཤད་ན་ཕོག་ཐུག་བཟོ་རྒྱུ་ཡིན་པ་འདྲ།གང་ལྟར་བོད་ཀྱི་ཡི་གེ་དང་རིག་གཞུང་སློབ་གསོ་འདི་སྲིད་ཕྱོགས་ལ་བཀོལ་སྤྱོད་ཧ་ཅང་ཉུང་བས་ལན་པ་རེད་སྙམ། དེང་དུས་ཀྱི་ཆབ་སྲིད་ལས་གཉེར་བ་དང་སྲིད་གཞུང་གི་འགོ་འདྲེན་དང་ལས་བྱེད་པ།ལས་བཟོ་བ།སྤྱི་གཉེར་བ་སོགས་ཀྱིས་རྒྱུན་བཀོལ་སྐད་ཆ་དང་ཡི་གེ་གང་ཡིན་པ་ཤེས་གསལ་རེད།དེ་བས་གོང་འཕེལ་ལ་ཇི་ལྟར་འགྲོ།མི་རིགས་ཆེན་པོ་ཡིན་པའི་དཔོན་པོ་རྣམས་ལ་ཅི་ཉེས།རང་མི་རིགས་ཀྱི་དཔོན་པོ་ཚོས་རང་སྐད་རང་ཡིག་ལ་དོ་སྣང་མི་བྱ་བར་མ་ཟད། གཞན་ཡིག་གཞན་སྐད་ཀྱིས་སྲིད་སྟེགས་སྟེང་དུ་བྱ་བ་སྒྲུབ་བཞིན་འདུགགལ་ཏེ་རུལ་སུངས་མ་བྱས་ཚེ་མི་སྒེར་གྱི་མདུན་ལམ་མེད་པ་རེད།དེ་མིན་ཁྱོད་ཀྱིས་བདག་ལ་འདི་ལྟར། ཁ་དཔེ་ལ་ཡར་ཀླུང་ཕུགས་ནས་འདུག་ན་ཡར་ཀླུང་མཁན་པོར་བརྟེན་དགོས་ཟེར་རྒྱུ་མ་གཏོགས་གཞན་ཅི་ཡོད།ཇི་སྐད་དུ།པད་ཀར་འཆང་བས་ཞལ་ནས།།དེས་ན་ཐམས་ཅད་རང་ཉིད་ལ་རག་ལས་ཤིང་ཞེས་གསུངས་བ་ལྟར་རང་ཉིད་དང་བཟའ་ཚང་གཉེན་ཉེ་རིང་ཁོ་ནར་མི་བསམ་པར་མི་རིགས་འདི་ལ་ཞབས་འདེགས་ཞུ་བའི་སྐད་ཆ་དང་བདེན་དོན་འཚོལ་རྒྱུ་ནི་ཧ་ཅང་གལ་ཆེ།བོད་ཀྱི་ན་གཞོན་ཁ་ཤས་ཀྱིས་བོད་སྐད་བཤད་ན་ངོ་ཚ་དང་གཞན་སྐད་བཤད་ན་ངོ་མཚར་ཡིན་སྙམ།གོང་འཕེལ་ལ་ཇི་ལྟར་འགྲོའམ།སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་ན་གཞོན་གསར་སློབ་པ་དགེ་སློབ་ཕལ་མོ་ཆེ་རྣམས་ཀྱིས་ཁ་ནས་བཤད་པ་དང་དུས་དེབ་ཡིག་ཚགས་དྲ་རྒྱ་སྒྲ་ཐག་འོད་ལྡེར་སོགས་བརྒྱུད་ནས་སྤྱི་ཚོགས་སྟེང་དུ་གསལ་བོར་བསྒྲགས་ཞིན་ཡོད་མོད་ནུས་པ་གང་ཡང་ཐོན་མི་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་ཡོད།འཕེལ་རྒྱས་ཀྱི་ཆུ་བོའི་རྒྱུ་ལམ་དེ་བཀག་འགོག་གི་རགས་ཆེ་མ་ཆུང་གསུམ་དེང་གི་དུས་འདིར་མངོན་ལྐོག་གཉིས་སུ་བརྒྱགས་དང་རྒྱག་བཞིན་པ་མ་ཡིན་ནམ།ཁྱོད་ལ་སྲིད་ཇུས་ཐབས་ཇུས་ཡོད་པས་ང་ཚོ་ལ་བཀོད་པ་ཚར་སོང་བ་ཡིན་ནམ།གང་ལྟར་ན་ངས་ཞུ་རྒྱུ་ཞིག་ལ་ཤ་རུས་གདུང་རྒྱུད་གཅིག་པའི་བླ་དཔོན་དང་སྲིད་ཁྲི་ན་བཞུགས་པའི་ལས་བྱེད་པ།ད་རུང་སློབ་ཆེན་ན་རིག་གཞུང་གཉེར་བའི་སློབ་དཔོན་དང་ཞིབ་འཇུག་པ།    ཤེས་ཡོན་ཅན།  མཁས་པ་སོགས་ཀྱིས་བོད་མི་རིགས་འདིའི་སྤྱི་ཚོགས་ལ་སེམས་ཁུར་དང་རྒྱབ་སྐྱོར་མ་བྱས་ཚེ་གོང་འཕེལ་དང་འཕེལ་རྒྱས་ཟེར་བ་དེའི་གོམས་པའི་འདེགས་འཇོག་མཚམས་ཆད་དེ་རྗེས་ལུས་ཀྱི་གཡང་སའི་རྨི་ལམ་གྱི་ཞིང་ཁམས་སུ་ལུས་རྒྱུ་རེད་སྙམ།དཔེར་ན།རྣོ་ལྕགས་དེ་ཡང་བཙོ་སྦྱངས་བྱ་དགོས་ན་གསར་སློབ་གཞོན་ནུ་ཚོས་ཀྱང་སྡུག་རུས་བསྐྱེད་རྒྱུ་ཧ་ཅང་གལ་ཆེ།རང་རེའི་སྤྱི་ཚོགས་དང་སློབ་གསོའི་ཆེད་དུ་ལུས་ཤུགས་དཔའ་བོ་དང་དཔའ་མོ།ཀླད་ཤུགས་དཔའ་བོ་དང་དཔའ་མོ་ཚོ་ལ་སྙིང་ཐག་པ་ནས་མིག་དཔེར་བལྟས་ཏེ་རང་ཉིད་ཀྱི་མི་ཚེ་འདི་སྤྱི་ཚོགས་འདིའི་དོན་ལ་བྱས་རྗེས་ཕྲན་ཙམ་འཇོག་རྒྱུ་མཁྱེན།གང་ལྟར་ཀྱང་། ཇི་སྐད་དུ། འཇིག་རྟེན་ཚུལ་ལུགས་གང་དང་གང་། དེ་དང་དེ་ལ་ཆོས་རྗེས་འཇུག།དེ་ལྟ་བུས་ན་ཆོས་པས་ཀྱང་།།འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང་།།ཞེས་དང་།འཇིག་རྟེན་མ་དད་གྱུར་བ་ཀུན།།མཐོང་དང་དྲིས་ནས་སྤངས་བར་བྱ།།ཞེས་སྔོན་བྱོན་དམ་པས་མ་གསུང་བ་དང་མ་མཁྱེན་པའི་གསར་བ་ཞིག་བཤད་རྒྱུ་གཏན་ནས་མེད་པས་རང་ཅག་རྗེས་རབས་པ་རྣམས་ཀྱིས་གལ་ཆེན་ནང་གི་དོན་ཆེན་ནི་ཕྱི་ནང་གི་སློབ་གསོ་བྱ་བ་འདི་ཡིན་པས་བོད་ཡིག་རྨང་གཞིའི་སྟེང་དུ་ལས་རིགས་ཁག་དང་རིག་གསར་སོགས་ལ་འབད་བརྩོན་བྱ་དགོས།གལ་ཏེ་རིག་གནས་སློབ་གསོ་འདི་རྩ་བར་མ་བཟུང་ན་དབུགས་ཀྱི་རྒྱུ་བ་ཆད་པའི་བེམ་པོ་ལྟ་བུ་ཡིན་ནོ།།ཀྲུའུ་ཞི་མོ་ཙེ་ཏུང་གིས་།མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་གསུང་བ་ནི་ངོ་མ་རླབས་ཆེན་གྱི་སྐད་ཆ་རེད།འོ་ན་དེ་ལས་ཀྱང་རླབས་ཆེ་བའི་གསུང་ནི་ཇི་སྐད་དུ།བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།མ་སྐྱེས་བ་རྣམས་སྐྱེས་གྱུར་ཅིག།སྐྱེས་པ་ཉམས་པ་མེད་པར་ཡང་།།གོང་ནས་གོང་དུ་འཕེལ་བར་ཤོག།ཞེས་གསུངས་བ་ནི་ལོ་སྟོང་ཕྲག་སྔོན་གྱི་གསུང་ཡིན་པས་དེ་ལ་ཡ་མཚན་མི་འདོད་པར་གསར་བཤད་དང་རིག་གསར་རྫས་འཕྲུལ་ལ་ངོ་མཚར་སྐྱེས་གྱིན་འདུགདེ་ལ་ཇི་སྐད་དུ།ཁྱད་པར་ལྟ་བ་སྙིགས་མའི་གནས་སྐབས་འདིར།།
དམ་བཅའ་ཙམ་གྱིས་མཁས་རློམ་སྐྱེ་བོ་ཡི།།
སྔོན་མེད་ལེགས་བཤད་སྐད་ཀྱི་འཆལ་གཏམ་ཡང་།།
བསོད་ཆུང་ཤེས་འཆལ་རྣམས་ཀྱིས་རྣར་འགྲོ་བས།།
རི་བོང་ཅལ་གྱི་རྗེས་སུ་མ་རྒྱུགས་ཨང་།།    
ཞེས་དང་།                     
འཇམ་པའི་དབྱངས་ཀྱིས་ཉིན་བཞིན་གདམས་པ་ཡི།།
རྒྱལ་བའི་དགོངས་པ་མཐའ་དག་མངོན་གྱུར་བ།།
བློ་བཟང་རྒྱལ་བ་ཡིས་ཀྱང་མ་ཐོན་པའི།།
གསར་བཤད་ཕྲ་མེན་མ་ཡི་སོ་ནམ་དེས།།
ཕན་ལས་གནོད་པ་ཆེ་བས་སྒྲིམས་ཤིག་ཨང་།།
ཞེས་གསུང་ཡོད་པས་མང་བོ་མི་སྤྲོའོ།།
མཇུག་ཏུ་ཞུ་རྒྱུ་ནི་སྔོན་རབས་དང་ཉེ་རབས་གཉིས་ལ་སྙིགས་དོར་བཅུད་ལེན་གྱིས་སློབ་གསོའི་རྣམ་པ་ཇེ་མཐོར་བཏང་ནས་བོད་ཁུལ་ཡོངས་ལ་ཆ་འཕྲིན་ལག་རྩལ་ཡོད་པའི་མི་རབས་གསར་བ་ཞིག་ལ་བསྒྱུར་ཏེ་རང་ལ་ཡོད་བཞིན་དུ་གཞན་ལ་རེ་བ།ལག་ལེན་དུ་མི་བྱ་བར་ཁ་བཤད་ཀྱིས་ཉི་མ་ཕུད་པ། སློབ་གསོའི་འོས་འགན་འདི་དགེ་རྒན་གཅིག་པུར་བཀལ་ནས་རང་ཉིད་ཀྱིས་གཙིགས་འཛིན་མི་བྱ་བ་སོགས་ནན་ཏན་གྱིས་བླ་དོར་བྱས་ཏེ་ང་ཚོ་གོང་འོག་བར་གསུམ་གྱིས་འབད་བརྩོན་བྱ་དགོས་སོ།།
ཁྲི་ཚོ་ལྔ་བརྒྱའི་གྲངས་ངེས་རྣམ་པ་ཚོ།།
སྲོག་བསྡོས་རང་རིགས་སློབ་གསོ་སྤེལ་བ་ལ།།
གངས་ཅན་འཛིན་མའི་རྗེས་ལུས་མ་བཟོད་པར།།
སོར་མོའི་འདེགས་འཇོག་བར་ནས་འདི་སྐད་ཐལ།།
༢༠༡༠ལོའི་ཟླ་༨པའི་ཚེས་༢ཉིན་རིག་འབྱུང་ཡུལ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རིགས་གོང་འཕེལ་དང་བོད་ཀྱི་སློབ་གསོ།

2010-08-05 སྤེན་ཐང་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།