སྟོང་སྐོར་ཁོག་གི་མགྱོགས་བྲིས།

བྱ་གཞུང་དབྱངས་བྷ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-02

      རླངས་འཁོར་ཕྱི་རོལ་གྱི་རི་ཚོགས་དང་ལབ་ཙེ    དབྱར་སྡོང   རྡོ་བའི་ཚོགས་རྒྱབ་ཕྱོགས་སུ་བཞུར་གྱིན་འདུག
     སྒོ་གླེགས་ངོས་སུ་ཤོག་བྱང་དམར་པོ་སྦྱར་བའི་ཁང་ཁྱིམ་དང་གྲོང་ཚོ་དག་རྒྱབ་ཕྱོགས་སུ་བཞུར་གྱིན་འདུག
      དུས་ཚོད་ཀྱིས་འཁྲིད་ཅིང་ངའི་རྒྱབ་ཕྱོགས་སུ་མངོན་ལྐོག་གང་རུང་གིས་བཞུར་གྱིན་པའི་སྣོད་བཅུད་ཨང   མིག་མདུན་གྱི་གཙོད་ཁྱུ་བཞིན་ཞོགས་ཀྱིན་པའི་སྣོད་དང་བཅུད་ཀྱིས       ང་ལ་མི་ལོ་ལྔ་བཅུའི་ཡར་སྔོན་གྱི་འདྲ་པར་རྙིང་བ་དེ་དྲན་དུ་བཅུག
       འདྲ་པར་ངོས་ཀྱི་ཐོང་གཤོལ་གྱི་སྡེར་མོས་མ་ནོག་པའི་སྤང་རྒོད    སྦྲ་ནག   མེ་མདའ་རྭ་རིང་འཁུར་བའི་འབྲོག་པ་དཔུང་རྗེན་དག  འབྲི་གཡག  ལུག་ཁྱུ   རྟ་ཕོ
       མི་ལོ་ལྔ་བཅུ   ཚེ་ཚད་རིང་ཤོས་ཀྱི་མི་ཕོ་ཞིག་གི་མི་ཚེའི་ཕྱེད་ཀ   
        དུས་ཚོད་ཀྱིས    གོས་ལྗང་ལྟ་བུའི་སྤང་རྒོད་དང་སྤང་རྒོད་ལྟ་བུའི་མི་ཕོ་དེ་ཚོའི་རང་གཤིས་སྙོམ་པོར་རྨོས་ཤུལ་དུ   ལོ་ཏོག་གམ་རྩྭ་ལྡུམ་གཞན་དག་ཐོལ་ཐོལ་སྐྱེས
        དུས་ཚོད    དུས་ཚོད་ནི་གཏོས་ཆེ་བའི་འཕྲུལ་འཁོར་གྱི་གྲོད་ཁོག་ཆེན་པོར་སྐུང་བའི་འཁོར་ལོའི་སོ་ཁ་རྣོན་པོ་དག་དང་འདྲ་བར    མངོན་མེད་གྲག་མེད་སྒོས   རེག་ཏུ་ཡོད་པའི་རི་ཆུ་དང་འཛིན་དུ་མེད་པའི་བར་སྣང   ཡོད་ཚད་ཁྲུམ་ཁྲུམ་འཆའ་ཞིང་འཁོར་རམ
        ཕ་གིའི་ཞིང་ཁ་ན    མགོ་རས་ཁྲ་ཁྲ་དཀྲིས་པའི་དམན་ཤར་གན་ཚོའི་ཁྲག་རྩའི་སྦུབས་སུ    ད་དུང་ཡང་འབྲི་མོའི་བཞོ་དབྱངས་མཆེད་ཀྱིན་ཡོད་དམ
        ཚུར་གའི་ལམ་བར་ན   རྩྭ་ཞྭ་སྒོར་མོ་གྱོན་པའི་སྟག་ཤར་འདི་ཚོའི་རུས་གསེང་དུ    སྔར་བཞིན་རྟ་ཕོའི་རྨིག་སྒྲ་གྲག་གིན་ཡོད་དམ   
       རླངས་འཁོར་གྱི་རྒྱབ་ཕྱོགས་སུ    ཧོལ་གྱིས་ཧོལ་གྱིས་བཞུར་གྱིན་པའི་སྟོང་སྐོར    སྟོད་པ    རི་ཚོགས་ཀྱི་རྦ་རྐང་རེ་རེ་དང་གྲོང་ཚོ་རེ་རེ     སྤང་རྒོད་དང་འགྲོག་སྟེ་ཡལ་བའི་དམར་ནག་གི་ངོ་གདོང་རེ་རེ     དུས་ཚོད་ཀྱི་མཆེ་བར་ནས་རེས་ཀྱི་མངོན་ཞིང་ཡལ་གྱིན་པའི་མར་རྡོག་ལྟ་བུའི་ཆུ་བུར་ལྟ་བུའི་རེ་རེ་ནས་རེ་རེ་དག་ཨང
       ད་ལྟ  རླངས་འཁོར་གྱིས་ང་རང་འཁྱེར་ནས་མདུན་ཕྱོགས་སུ་རྒྱུགས་ཀྱིན་པའི་ད་ལྟའི་སྐར་ཆ་རེ་རེའི་ནང་དུ    ང་རང     དུས་ཚོད་ཀྱི་སོ་ཁ་ན་རྣོན་པོས་འབྲད་ཅིང་འཛད་དམ
                                                                            ༢༠༠༥ .༥.༨ཉིན་སྟོང་སྐོར་བརྒྱུད་པའི་མྱུར་སྐྱོད་རླངས་འཁོར་སྟེང་དུ། 

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོང་སྐོར་ཁོག་གི་མགྱོགས་བྲིས།

2010-08-02 བྱ་གཞུང་དབྱངས་བྷ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།