ཁྲུང་ཁྲུང་ལྷོ་ལ་འཕུར་བྱུང༌།

ས་དཀར་བློ་གྲོས་ཟླ་བ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-31

ཁྲུང་ཁྲུང་ནི་ཉི་མའི་བུ་ཆུང་ཡིན།
ཁྲུང་ཁྲུང་ནི་ཟླ་བའི་སྲོས་མོ་ཡིན།
     ཁ་ཆར་དང་བུ་ཡུག་གི་ལྷགས་རླུང་རྒོད་དུས། ཁྲུང་ཁྲུང༌། སྟོན་ཁའི་མཛེས་སྡུག་བསྐྱུར་ནས། ལྷོ་ལ་འཕུར་འགོ་བརྩམས། ཁྲུང་ཁྲུང་གི་འཕུར་སྟངས་ནི་ཧ་ཅང་དལ་ལ། ཕྱི་མིག་གི་འཁྲེང་སེམས་ནི་རི་རབ་ལྟར་ལྕི།
    ཁྲུང་ཁྲུང་འཕུར་དུས།  འདབ་ཆགས་ཀྱི་ཚོགས་ལ་མྱ་ངན་གྱི་མིག་ཆུ་བཞུར།  ཡིན་ཡང༌། སྟེས་དབང་གི་བར་མཚམས་ནས།  ཕྱིར་མི་ལྡོག་པའི་གནས་ལུགས་ཤིག་སྟེ། གཤོག་ཟུང་ལེབ་མོ་ཨུ་ཚུགས་ཀྱིས་རྡེབ་མོད།  ཡིད་འོང་གི་སྒྲོ་སྤུ་རེ་རེའི་སྟེང༌།  ཕམ་ཉེས་སྟོང་གི་རི་མོ་གསལ་ལེར་བཀྲ།
   ཁྲུང་ཁྲུང༌། སྟོན་མཇུག་གི་ལོ་མ་རུམ་གང་བཟུང་ནས། ནམ་མཁའ་དང་ཇེ་ཉེ་ནས་ཇེ་ཉེར་གྱུར་ཞིང༌། རྫ་ཆུ་དང་མེ་ཏོག་མོད་པའི་འཇིག་རྟེན་ཞིག་ལ་མིག་ཞགས་འཕངས།  ལྷོ་ཕྱོགས་ནི་འོད་ཀྱི་ཕ་ས་ཞིག་ཡིན་ནམ།
ལྷོ་ཕྱོགས་ནི་མཛེས་པའི་དབྱར་ལྗོངས་ཤིག་ཡིན་ནམ། ཁྲུང་ཁྲུང་ལྷོ་ལ་འཕུར་བར།  དངོས་ནས་སེམས་པ་སྐྱོ་ཨང༌།
   ཁྲུང་ཁྲུང་གིས་གཤོག་ཟུང་གི་གར་སྟབས་སྒྱུར་བཞིན།  ཆེས་དྭངས་གཙང་གི་སྟོན་ཁ་དེ་དྲན་ཞིང༌། རང་ཉིད་ཁེར་རྐྱང་ཡིན་པའང་གཞི་ནས་ཚོར།  ཁྲུང་ཁྲུང་གིས་རི་བོའི་ཕ་རོལ་ནས། ཕྱི་མིག་ཡང་ཡང་བལྟས།  ཕྱི་མིག་བལྟ་དུས།  སྟོན་ཁའི་ཡུལ་ལྗོངས་ཁྲོད།  བསིལ་རླུང་དལ་གྱིས་ལྡང་ཞིང༌། འུག་པ་མགོ་འཁོར་སྐོར་ཞིག་གིས་སྟོན་ལྗོངས་ཀྱི་མྱ་ངན་ལ་གསོལ་སྟོན་བཤམས་བཞིན་པ་མཐོང༌།
   ཁྲུང་ཁྲུང༌།  ཕངས་སེམས་ཀྱི་མིག་ཆུ་གཏོར་བཞིན།  རེ་སྨོན་གྱི་ལྷག་བསམ་ཁྱེར་ནས།  རི་ལུང་དང་ཐང་ཆེན་གྲངས་མེད་བརྒྱུད་ནས་ལྷོ་ལ་འཕུར།
    ཁྲུང་ཁྲུང་ལྷོ་ལ་འཕུར་བ་ནི།  ཆེས་ཉམ་ཐག་གི་ངང་ཚུལ་ཞིག་ཨང༌།
                                                        ༢༠༠༡. ༦. ༡༣

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲུང་ཁྲུང་ལྷོ་ལ་འཕུར་བྱུང༌།

2010-07-31 ས་དཀར་བློ་གྲོས་ཟླ་བ། ཀློག་གྲངས། མཆན ཡོད།

ཁྲུང་ཁྲུང་ནི་ཉི་མའི་བུ་ཆུང་ཡིན།
ཁྲུང་ཁྲུང་ནི་ཟླ་བའི་སྲོས་མོ་ཡིན།
     ཁ་ཆར་དང་བུ་ཡུག་གི་ལྷགས་རླུང་རྒོད་དུས། ཁྲུང་ཁྲུང༌། སྟོན་ཁའི་མཛེས་སྡུག་བསྐྱུར་ནས། ལྷོ་ལ་འཕུར་འགོ་བརྩམས། ཁྲུང་ཁྲུང་གི་འཕུར་སྟངས་ནི་ཧ་ཅང་དལ་ལ། ཕྱི་མིག་གི་འཁྲེང་སེམས་ནི་རི་རབ་ལྟར་ལྕི།
    ཁྲུང་ཁྲུང་འཕུར་དུས།  འདབ་ཆགས་ཀྱི་ཚོགས་ལ་མྱ་ངན་གྱི་མིག་ཆུ་བཞུར།  ཡིན་ཡང༌། སྟེས་དབང་གི་བར་མཚམས་ནས།  ཕྱིར་མི་ལྡོག་པའི་གནས་ལུགས་ཤིག་སྟེ། གཤོག་ཟུང་ལེབ་མོ་ཨུ་ཚུགས་ཀྱིས་རྡེབ་མོད།  ཡིད་འོང་གི་སྒྲོ་སྤུ་རེ་རེའི་སྟེང༌།  ཕམ་ཉེས་སྟོང་གི་རི་མོ་གསལ་ལེར་བཀྲ།
   ཁྲུང་ཁྲུང༌། སྟོན་མཇུག་གི་ལོ་མ་རུམ་གང་བཟུང་ནས། ནམ་མཁའ་དང་ཇེ་ཉེ་ནས་ཇེ་ཉེར་གྱུར་ཞིང༌། རྫ་ཆུ་དང་མེ་ཏོག་མོད་པའི་འཇིག་རྟེན་ཞིག་ལ་མིག་ཞགས་འཕངས།  ལྷོ་ཕྱོགས་ནི་འོད་ཀྱི་ཕ་ས་ཞིག་ཡིན་ནམ།
ལྷོ་ཕྱོགས་ནི་མཛེས་པའི་དབྱར་ལྗོངས་ཤིག་ཡིན་ནམ། ཁྲུང་ཁྲུང་ལྷོ་ལ་འཕུར་བར།  དངོས་ནས་སེམས་པ་སྐྱོ་ཨང༌།
   ཁྲུང་ཁྲུང་གིས་གཤོག་ཟུང་གི་གར་སྟབས་སྒྱུར་བཞིན།  ཆེས་དྭངས་གཙང་གི་སྟོན་ཁ་དེ་དྲན་ཞིང༌། རང་ཉིད་ཁེར་རྐྱང་ཡིན་པའང་གཞི་ནས་ཚོར།  ཁྲུང་ཁྲུང་གིས་རི་བོའི་ཕ་རོལ་ནས། ཕྱི་མིག་ཡང་ཡང་བལྟས།  ཕྱི་མིག་བལྟ་དུས།  སྟོན་ཁའི་ཡུལ་ལྗོངས་ཁྲོད།  བསིལ་རླུང་དལ་གྱིས་ལྡང་ཞིང༌། འུག་པ་མགོ་འཁོར་སྐོར་ཞིག་གིས་སྟོན་ལྗོངས་ཀྱི་མྱ་ངན་ལ་གསོལ་སྟོན་བཤམས་བཞིན་པ་མཐོང༌།
   ཁྲུང་ཁྲུང༌།  ཕངས་སེམས་ཀྱི་མིག་ཆུ་གཏོར་བཞིན།  རེ་སྨོན་གྱི་ལྷག་བསམ་ཁྱེར་ནས།  རི་ལུང་དང་ཐང་ཆེན་གྲངས་མེད་བརྒྱུད་ནས་ལྷོ་ལ་འཕུར།
    ཁྲུང་ཁྲུང་ལྷོ་ལ་འཕུར་བ་ནི།  ཆེས་ཉམ་ཐག་གི་ངང་ཚུལ་ཞིག་ཨང༌།
                                                        ༢༠༠༡. ༦. ༡༣

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།