མི་ཚེའི་རིན་ཐང་།

          མི་ཚེའི་རིན་ཐང་ནི་འབྱུང་བཞིའི་ཕུང་པོ་ཡིས་མགྲོན་དུ་བསུས་མྱོང་ཞིང་།རྣམ་ཤེས་ཕྲ་མོ་འཁོར་བར་འཁྱམས་པའི་དྲན་རྟེན་ཞིག་ཡིན་།མི་ཚེའི་རིན་ཐང་ནི་འགྲོ་བ་མིའི་བླ་ཤིང་ཡིན་ལ་།མི་ཚེའི་རིན་ཐང་ནི་མ་འོངས་པ་ཁོ་ནར་བཅོལ་བའི་ལམ་ཚད་རྡོ་རིང་དེ་ཡང་ཡིན་། མི་ཚེའི་རིན་ཐང་ནི་དགེ་རྒན་གྱིས་བུ་སློབ་རྣམ་དག་ཏུ་སྐྱོང་བའི་གཏོང་ཕོད་དང་འདྲེས་ནས་ཡོད་ལ་།མི་ཚེའི་རིན་ཐང་ནི་བུ་སློབ་ཚོས་ཤེས་རིག་གི་པད་མཚོར་རོལ་མྱོང་བྱེད་པའི་སྤྲོ་བ་དང་མཉམ་དུའང་འཚོ་སྲིད་།

       མི་ཚེའི་རིན་ཐང་ནི་འཚོ་བའི་འཕྲང་ལམ་མོག་པོར་འཕྲད་པའི་མདངས་མཛེས་ཀྱི་མེ་ཏོག་ཆུན་པོ་དེ་ཡིན་ལ་།མི་ཚེའི་རིན་ཐང་ནི་དཀའ་སྡུག་གིས་ལུས་སེམས་གྲང་ཅང་ཅང་དུ་སོང་སྐབས་ཀྱི་མེ་སྟག་རྡོག་པོ་དེ་ཡང་ཡིན་།མི་ཚེའི་རིན་ཐང་ནི་དངུལ་ལོར་གྱི་བག་མ་མི་བསུ་བའི་ཆོས་པ་རྣམ་དག་དེ་ཡིན་པ་ལས་ལྟག་སྒོ་ཡི་སྐྱུག་དྲི་ལ་འཁོར་བའི་ཁྱི་རྒན་རྒྱ་བོ་དེ་ག་ནས་ཡིན་།མི་ཚེའི་རིན་ཐང་ནི་གཞན་རྒྱུད་ཀྱི་སྡུག་བསྔལ་དང་དུ་བླངས་པ་ལས་ཐོབ་པའི་བདེ་སྐྱིད་དེ་ཡིན་པ་ལས་།རང་སྒེར་གྱི་བདེ་སྐྱིད་འཚོལ་བ་ལས་བྱུང་བའི་སྡུག་བསྔལ་དེ་ཅིས་ནས་ཡིན་སྲིད་། མི་ཚེའི་རིན་ཐང་དེ་ཨ་ཕོ་ལུག་རྫིའི་འུར་རྡོ་དང་འདྲ་བས་ཕུགས་འདུན་གྱི་རྡོ་བོ་བླུགས་ཀྱང་འཕེན་མི་ཤེས་ན་རང་གི་ཀླད་མགོ་འཇོམས་རྒྱུ་སྨོས་མེད་རེད་ལ་།མི་ཚེའི་རིན་ཐང་དེ་ཨ་མ་ཆང་མའི་རྫ་སྣོད་དང་ཡང་མཚུངས་པས་རྟག་བརྟན་གྱི་གཡོག་བྱེད་མ་བྱས་ན་གས་ཆག་ཤོར་རྒྱུ་ལས་ཟིལ་མངར་གྱི་ལོ་ཆང་སྦྲུམ་ཐབས་ནམ་ཡང་བྲལ་།མི་ཚེའི་རིན་ཐང་ནི་དགུན་ཨ་རང་ད་རང་དུས་ཀྱི་ཞོགས་ཇ་རླངས་པ་འཚུབ་འཚུབ་དེ་ཡིན་པས་འདི་ན་དྭངས་གཙང་ལྷད་མེད་ཀྱི་མ་བུའི་བརྩེ་དུང་ཞིག་བཞུར་བཞིན་ཡོད་ལ་། མི་ཚེའི་རིན་ཐང་ནི་ན་ཆུང་མཛེས་མའི་མཆུ་སྒྲོས་སྲབ་མོ་དེ་ཡང་ཡིན་པས་།འདི་ན་ད་དུང་ག་ཚོད་ཙམ་བློས་གཏང་དགོས་མིན་གྱི་དྲི་རྟགས་དམར་པོ་ཞིག་འཕྱོ་བཞིན་ཡོད་།
       མི་ཚེའི་རིན་ཐང་དེའི་ཕྱི་ནང་བསློག་ན་།མི་ཡུལ་གྱི་ཆེས་མཛེས་སྡུག་བཀྲ་བའི་འཇའ་ཚོན་དེ་ཕུབ་ངེས་པས་། དེ་ལས་ང་ཚོས་རྒྱུ་འབྲས་བསླུ་བ་མེད་པའི་དཔང་པོ་ཅི་ཡིན་ངམ་ངམ་ཤུགས་ཀྱིས་རྟོགས་སྲིད་།མི་ཚེའི་རིན་ཐང་དེའི་ཁ་གཏིང་བསྔོག་ན་།མི་ཡུལ་གྱི་གྲུ་ཁ་དེར་འཇོག་ཕོད་པའི་ལག་རྗེས་ཅི་ཙམ་ཡོད་པ་གསལ་ངེས་པས་།དེ་ལས་ང་ཚོས་རང་ཉིད་གསོན་པོར་གནས་པའི་ཉིང་དགོས་གང་ཡིན་ངེས་ཤེས་རྙེད་སྲིད་།མི་ཚེའི་རིན་ཐང་ནི་གཟི་མིག་དགུ་པ་གཏའ་མར་བཞག་སྟེ་བླུ་ཐུབ་པ་ཞིག་མིན་པས་དེ་ནི་ཟུངས་ཁྲག་དྲོན་མོ་འཁོལ་བའི་བླ་སྲོག་གཅིག་པུ་དེ་ཡིན་།མི་ཚེའི་རིན་ཐང་ནི་དབང་ཤེད་ཅན་གྱིས་ཁྲིམས་རར་བཅུག་སྟེ་གཙབས་ནུས་པ་ཞིག་མིན་པས་དེ་ནི་རང་དབང་ཆེན་པོ་ཐོབ་པའི་འཁྱམས་པོ་ཉག་གཅིག་དེ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེའི་རིན་ཐང་།

2010-07-29 གླིང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།