སེམས་འགྱུའི་ལེ་ཚན།

སེང་ཕྲུག་རྟ་མགྲིན་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-27

                                               ༡
དུས་ཚོད་ཀྱི་ངོ་གདོང་ལས་མཆེད་པའི་ནད་ཡམས་རིགས་ཤིག་ང་ཚོའི་དོན་ལྔ་སྣོད་དྲུག་དང་ཕུང་བོ་བརྒྱུད་ནས་རྣམ་ཤེས་ཀྱི་དབྱངས་རིས་དང་བྲལ་རྗེས།འཇའ་ཚོན་གྱིས་དཀྲིས་པའི་རྨི་ལམ་གྱི་སྐྲ་ལོ་དེ་མཛེས་མ་གང་གི་རྒྱབ་གཞུང་ན་རླུང་བུས་བསྐྱོད་ཅིང༌།ཆང་རག་གི་ཁྲག་རྩར་ཐིམ་པའི་རླབས་ཆེན་གྱི་སྤོབས་པ་དག་ཀྱང་སླར་ཡངསྐྱེས་ཆེན་དག་གི་མིག་ཟུང་ནས་འབར།
                                             ༢
རྩེད་ར་དེ་གོ་རིམ་ཞིག་གི་ཁྲོད་དུ་འཇིག་ཅིང་གོ་རིམ་གཞན་ཞིག་གི་ཁྲོད་དུ་འབུས་པས། རོལ་རྩེད་གྲངས་མེད་ཀྱི་སྒོ་མོ་དེ་ལྐོག་གྱུར་དང་གསང་བའི་སྒོ་ནས་ང་ཚོ་ལ་གཏད་ཀྱིན་པ་སུས་ཀྱང་རྙེད་ཆོག་ཆོག་གི་ཕོ་བྲང་དང་ཉི་འོད་ཁོ་ན།
                                            ༣
ལས་སྐལ་གྱི་ལྷ་མོ་སྟེ་བརྩེ་ཆེན་མ་དང་དམ་དུ་འཁྱུད་པའི་ཀུན་སྤྱོད་ཅིག་ཤེས་རབ་ཀྱི་སྐྱེད་ཚལ་ནས་རིམ་བཞིན་ནར་སོན་དུས། དེ་དང་འཚམ་པའི་མདའ་མོ་ཞིག་ཀྱང་རང་གི་མཛུབ་རྩེར་བསྒྲོན་ཡོད།
                                           ༤
མེ་ཏོག་གི་མགྲིན་པ་ནས་བཞུར་བའི་དུག་ཆུས་མི་དག་དམྱལ་ཁམས་སུ་འཁྲིད་ཅིང༌། ལེགས་བཤད་ཀྱི་བྲག་གཞུང་ནས་བརྡོལ་བའི་རོལ་དབྱངས་ཀྱིས་ང་ཚོ་དག་ཞིང་དུ་བསྐྱལ།
                                          ༥
ཨ། ཚེ་སྲོག་གི་འབབ་ཚིགས་འདི་ཇི་འདྲའི་མཛེས་ཨང༌།
                                          ༦
བྲན་གཡོག་གི་ལས་སྐལ་འདི་བདེ་སྐྱིད་དང་བསོད་ནམས་ཉག་ཅིག་ཏུ་བརྩིས་རྗེས། མེ་ལྕེ་དམར་པོ་ཞིག་གིས་དེ་ལས་མངོན་པའི་གཅོང་རོང་དང་གཡང་གཟར་གྱི་ངོ་གདོང་རྨེག་མེད་དུ་བཟོས་ཟིན།
                                        ༧
སྒྲོན་མེའི་ངོགས་ནས་བདག་གིས་མུན་པ་མཐོང་ལ་འོད་སྣང་ཚོར་བས་སླར་ཡང་རང་ཉིད་ཀྱི་དབང་བོ་མཐའ་དག་ལ་ཚང་རྩིས་མི་རྒྱག་ཀ་མེད་བྱུང༌། དེ་ལྟར་རང་ཉིད་ཀྱི་གྲུབ་ཆ་རེ་ལ་མགོ་ཁུངས་རེ་རེ་བཙལ་རྗེས་སྒྲོན་མེ་ཡང་རང་ཉིད་དང་བར་ཐག་མི་རིང་བའི་ཟམ་པ་ཡིན་པ་འདྲ།
                                     ༨
རྡོ་བའི་སྲ་མཁྲེགས་ལས་སྐྱེས་པའི་གཡེར་དྲིལ་དེ་བུད་མེད་ཅིག་གི་མཆུ་སྒྲོས་ཀྱིས་འགུལ་ཙམ་བྱས་ལ།   སེམས་བསྐྱེད་ལས་མངོན་པའི་འཇིག་རྟེན་གྱི་དབུ་འཕང་དེ་ཡང་རིམ་བཞིན་མཐོ་རུ་འཕགས།
                                     ༩
གློ་བུར་དུ། སྒོ་དང་སྒེའུ་ཁུང་ཚང་མ་ཕྱེས་བྱུང་བས། སེམས་ཀྱི་ཆུ་མིག་དེའང་དལ་གྱིས་བཞུར་འགོ་བརྩམས།
                                    ༡༠
རྣམ་ཤེས་ཀྱི་མེ་ལོང་ངོས་ནས་འཚང་ཁ་རྒྱག་པའི་ཁུ་ཁྲག་གི་མཆོད་པ་དེ་དག བློས་བསླངས་ཀྱིས་བཞེངས་པའི་མཆོད་རྟེན་དེ་དག་ལ་ཅིའི་ཕྱིར་མི་འབུལ།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་འགྱུའི་ལེ་ཚན།

2010-07-27 སེང་ཕྲུག་རྟ་མགྲིན་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།