དྲ་རྒྱའི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་རགས་ཙམ་ལྟ་བ། ༢

      རྒྱུན་པར་སློབ་བུ་མང་པོས་རྒོད་པོ་ཤ་ལ་འདུར་བ་བཞིན་   མདོ་སྨད་ཁུལ་ལ་མང༌།”   དྲ་ཐོག་ལ་ཞུགས་བཞིན་འདུག  སློབ་བུ་དེ་དག་གིས་ཐ་སྙད་ཆག་གྲུམ་ཤོར་བ་འགའ་དང་ཡ་མཚར་ཅན་གྱི་བོད་ཡིག་གི་བརྡ་སྤྲོད་འགའ་འཁྱེར་ནས་ཐོར་རྩོམ་རྐང་པ་འཁྱོག་པ་འགའ་སྤེལ་རྒྱུར་དགའ།   བོད་ཀྱི་མཁས་པའམ་རྩོམ་པ་པོ་རང་ཚུགས་ཅན་རྒན་རབས་ཚོ་ནི་དྲ་ཐོག་ཏུ་མི་ཡོང་བས་དྲ་ཐོག་ནི་མཚམས་ལན་རེར་མདོ་སྨད་པ་འུད་སྒྲོག་ཅན་ཚོའི་བདེ་ཐང་ཞིག་ལ་གྱུར་སོང་བའི་སྣང་བ་སྟེར་གྱིན་འདུག  ན་གཞོན་མང་པོ་ཞིག་གཡམ་རྒྱུགས་ལ་དགའ་ཞིང་ཆོས་སྲིད་གང་ལ་ཡང་མིག་དཀྱུས་ཕྲ།ཁོ་ཚོའི་བྱ་ལུགས་སོགས་ལ་རང་སྣང་གང་དྲན་གྱི་ཤན་ཆེར་ཞུགས་པས་མགོ་འཐོམ་མང་པོ་ཞིག་ལམ་དེར་བགྲོད་རྒྱུར་གོམས།དུས་སྐབས་འདིར་དྲ་ཐོག་རིག་གནས་དར་བས་བོད་ཀྱི་བརྡ་སྤྲོད་རིག་པ་འདི་འཕེལ་རྒྱས་དང་ཉམས་རྒུད་གང་རུང་ཞིག་གི་ས་མཚམས་ལ་བཅར་བར་སྙམ། དྲ་བའི་རྩོམ་སྒྲིག་པ་ཕལ་ཆེར་ཞིག་ལ་བོད་རང་གི་སྐད་ཡིག་ཆུ་ཚད་དམན་པའི་ཁར་ལེགས་ཉེས་འདེམས་གསེས་བྱེད་པའི་འཁོས་ཆུང༌།དེ་ལྟ་བུའི་རྒྱུ་མཚན་གྱིས་པོད་ཁུག་དང་ཟིན་བྲིས་མཁན་པོ་འདེམས་ལུགས།   
   དྲ་བའི་རྩོམ་ཡིག་རྩོམ་སྒྲིག་བྱེད་ལུགས་མཚོན་པར་རུལ་སྲུང་དང་གཡོ་སྒྱུ། ཉེ་རིང།རྨོངས་འཐོམ་བཅས་ཀྱི་དྲི་ངན་རྫོབ་པོ་ཞིག་འཐུལ་གྱིན་འདུག  ཞིབ་ཕྲ་སྨྲ་མི་དགོས་པར་རྩོམ་སྒྲིག་པ་དག་གིས་དྲག་འདེམས་བྱས་པའི་ཟིན་བྲིས་དང་པོད་ཁུག་མཁན་པོ་ཚོའི་སྐད་ཡིག་གི་སྒྲིག་གཞི་དང་བརྡ་སྤྲོད་ལ་མིག་མྱུལ་ཞིག་བྱས་ཚེ་རྟོགས་པ་དེ་རང་བཞིན་གྱིས་སད་འོང། ད་སྐབས་བོད་ཀྱི་དྲ་ཐོག་ན་ཡ་མེད་ཨུ་ཚུགས་ཅན་མང༌།ར་མིན་ལུག་མིན་གྱི་རྩོམ་འཆལ་འབྲི་མཁན་མང༌། ཀླད་པ་མེད་ཀྱང་སྒྲོབ་རྟགས་སྟོན་མཁན་མང༌། བརྡ་སྤྲོད་རྐང་པ་ཆག་ཀྱང་སྙན་ངག་པ་ཡིན་ཞེས་སྐད་ཅོར་རྒྱག་མཁན་མང༌།ཕྱི་ནང་རིག་གཞུང་ལ་མིག་ཞར་ཡང་འོལ་ཚོད་ཀྱིས་གང་ལ་ཡང་བསྡོམས་ཚིག་འགོད་མཁན་མང༌། ངོ་བསྟོད་དང་ངོ་སོ་སྦར་མ་གང་གི་ཆེད་ལྷན་སྐྱེས་རང་གཤིས་ས་ལ་བསྐྱུར་མཁན་མང༌།   གཏམ་དང་ཁེ་གྲགས་ཀྱི་དོན་དུ་སྨྱོ་རྟགས་སྟོན་མཁན་མང༌།
        དེ་ལྟའི་བོད་ཀྱི་དྲ་ཐོག་ན་འུ་ཚོའི་རིག་གནས་གོ་བབ་ཅི་འདྲ་ཞིག་ལོན་པ་ཅུང་ཙམ་ཤེས་ཐུབ།  ད་ལྟའི་བོད་ཀྱི་ན་གཞོན་མང་ཞིག་བྱ་དངོས་གསར་པ་ཞིག་ལ་ཤི་ལ་ཁད་དུ་འཐམས་པ་ནི་བྱིས་པ་ཚོ་མངར་ཆ་གང་ཡོད་ཀྱི་ཕྱོགས་ལ་མྱོས་པ་འདྲ།  ནམ་ཞིག་གི་ཚེ་ན་ཁོ་ཚོ་རྒན་ལོངས་ནས་དཔྱོད་ཤེས་ཀྱི་བློ་ཁ་རྒྱས་པའི་ཚེ་ཆུང་དུས་ཞིམ་པོ་རྐྱང་ལ་རེག་ཅིང་ཚོར་བའི་མངར་ཆ་དེ་ན་ཚོད་མ་ཟིན་པའི་སྐབས་ཀྱི་བཟའ་བ་ཞིག་ཡིན་པ་ཤེས་ཐུབ།  
                                                                                                                                                                                                  ༢༠༡༠ལོའི་༧པའི་ཚེས་༡༦ཉིན་ས་སྐྱིད་པོ་རྒྱལ་ཐང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲ་རྒྱའི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་རགས་ཙམ་ལྟ་བ། ༢

2010-07-20 ཁ་བ་དཀར་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།