གངས་རིའི་རང་མདངས།

    མདོ་དབུས་མཐོ་སྒང་དུ་སྔས་བཅས་ཤིང་མི་རབས་ནས་མི་རབས་བར་དུ་འཚོ་བ་རོལ་ བའི་གདོང་དམར་བོད་དམ་མགོ་ནག་བོད་པའི་མིང་སྲིང་ཚོ། ལྷ་ལ་དད་ཅིང་ཆོས་ལ་དུངས་པ།
    འདྲེ་ལ་སྡང་ཞིང་སྡིག་པར་འཛེམ་པ་དང་དགེ་ཕྱོགས་དཀར་ཕྱོགས་ལ་དགའ་བའི་གོམས་གཤིས་་་འདི་ནི་དུས་ཡུན་ཐུང་ངུ་ཞིག་ཏུ་གྲུབ་ཅིང་ཆགས་པ་མ་ཡིན་པར།དུས་ཡུན་ཧ་ཅང་རིང་བོ་ཞིག་གི་འཚོ་བའི་བརྒྱུད་རིམ་ཁྲོད་དུ་རིམ་བཞིན་བྱུང་བ་ཡིན་པས།སངས་རྒྱས་ཆོས་ལུགས་ཀྱིས་མིའི་རིགས་ཀྱི་འཚོ་བ་ལ་ཕན་ཐོགས་ཅི་འདྲ་ཞིག་བྱུང་རུང་གདོད་མའམ་སྲོལ་རྒྱུན་གྱི་བག་ཆགས་སྟུག་པོ་ཞིག་གིས་དེང་དུས་ཀྱི་བོད་མི་ཤེས་མི་ཤེས་པ་ཐམས་ཅད་དང་རྒན་དར་གཞོན་གསུམ་ཚང་མས་མཆོག་གསུམ་ལྷ་ལ་དད་ཅིང་ཆོས་ལུགས་གཙུག་ཏུ་བཀུར་ནས་དུས་རྒྱུན་འཚོ་བར་བཟང་མི་བཟང་གི་ཤན་ཤུགས་མང་པོ་ཞིག་ཐེབས་ཀྱིན་ཡོད་པ་རེད།
    སངས་རྒྱས་ཆོས་ལུགས་ཀྱིས་མཐོ་སྒང་འདིར་བརྗེད་དུ་མེད་པའི་ལོ་རྒྱུས་ཀྱི་ཁྲག་གི་འཁོར་ལོ་བསྐོར་བ་གྲངས་མེད་ལ།མི་ཤི་རྟ་འགྱེལ་གྱི་དོན་མང་པོ་མང་པོ་ཞིག་གི་སྣ་དྲངས་མྱོང་བའང་དོན་་དངོས་རེད།    ཡང་སངས་རྒྱས་ཆོས་ལུགས་ཀྱིས་བོད་མིའི་བསམ་པ་དག་གཙང་དུ་བཏང་མྱོང་ལ། སངས་རྒྱས་ཆོས་ལུགས་ཀྱིས་བོད་མི་དད་པ་ཅན་མང་པོ་ཞིག་ནུབ་ཕྱོགས་བདེ་ལྡན་ཞིང་དུ་དྲངས་མྱོང་བ་མ་ཟད།   དམྱལ་ཁམས་བཅོ་བརྒྱད་ལས་ཡར་དྲངས་མྱོང་བའི་རྣམ་ཐར་ལ་སུས་ཀྱང་དོགས་ སློང་མ་མཛད་པར་དུས་ད་ལྟ་ཡང་དེ་ནི་དོན་དངོས་འཁྲུལ་མེད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།བོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་མཚན་རྨང་ནས་བསྙིལ་མཁན་ཡང་ཆོས་ལུགས་འདི་ ཉིད་ལས་མ་འདས་ལ།ད་ལྟ་འཛམ་གླིང་གི་ཡང་རྩེ་ན་བོད་ཅེས་པའི་མི་རིགས་ཤིག་ཡོད་པ་རེད་་་་ཅེས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་གྱིན་པ་འདི་ཡང་སངས་རྒྱས་ཆོས་ལུགས་ཀྱི་བཀའ་དྲིན་མ་རེད་ཅེས་སུས་ཀྱང་བརྗོད་མི་ཐུབ་བོ།'
    ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་འཕོ་འགྱུར་གང་མང་ཞིག་གི་ཁྲོད་་ནས་སངས་རྒྱས་ཆོས་ལུགས་ཀྱིས་བོད་སྤྱི་ཚོགས་དང་བོད་མིའི་འཚོ་བར་ནུས་པ་དང་ཤན་ཤུགས།      བཅོས་སྒྱུར་མང་པོ་ཞིག་ཐེབས་མྱོང་བ་མ་ཟད།དུས་ད་ལྟ་ཡང་བོད་མིའི་སེམས་ཁོང་ན་སངས་རྒྱས་ཆོས་ལུགས་ནི་ཁོ་ཚོ་དང་འགྲོ་བ་མིའི་རིགས་སྐྱོབ་མཁན་གྱི་གཉེན་གཅིག་པུ་ཡིན་པར་ངོས་འཛིན་རྐྱང་བྱེད་ཅིང་།སངས་རྒྱས་ཆོས་ལུགས་ཀྱིས་ཁོ་ཚོར་དེ་ལྟ་བུའི་བསམ་བློའི་རྒྱགས་ཕྱེ་དང་སེམས་ཀྱི་བདེ་འཇགས་སྟེར་ཐུབ་པས་ཁོ་ཚོའི་སེམས་ཁོང་གི་སངས་རྒྱས་ཆོས་ལུགས་ནི་གངས་རི་བཞིན་དཀར་ཞིང་དྲི་མས་མ་གོས་ཤིང་།ནམ་ཡང་གཞན་དོན་འཁུར་དུ་ཁྱེར་བར་འཇིགས་པ་མེད་པ་དང་འགྲོ་བ་ཡོངས་ལ་བརྩེ་བས་གཟིགས་པ་ཞིག་ཡིན་པས།   ནམ་ཡང་ལྷག་བསམ་རྣམ་དག་དང་དགའ་ དགའ་སྤྲོ་སྤྲོ།འགྱོད་སེམས་དང་ཕངས་སེམས་མེད་པར་དད་པ་རྩེ་གཅིག་གིས་ཡིད་ཆེས་བྱེད་པ་རེད།ལོ་ངོ་སྟོང་ཕྲག་དུ་མར་མི་རིགས་ཤིག་འདི་ལྟར་སངས་རྒྱས་ཆོས་ལུགས་ལ་བརྟེན་ཞིང་སེམས་ཀྱི་དད་པ་རིགས་ཤིག་གི་རྒྱུན་ཐག་ལ་བརྟེན་ནས་ད་ལྟའི་བར་དུ་གནས་ཤིང་འཕེལ་རྒྱས་བྱུང་ཡོང་བ་རེད།
    འདི་ལྟར་ང་ཚོས་བོད་མི་གླེང་དུས་ངང་ངམ་ཤུགས་ཀྱིས་ཆོས་ལུགས་གླེང་འགྲོ་ལ་བྱེ་བྲག་ཏུ་་་སངས་རྒྱས་ཆོས་ལུགས་གླེང་ཡོང་བ་རེད།འདི་ནི་ང་ཚོའམ་ཁོ་ཚོ་གླེང་རྒྱུར་དགའ་བས་མ་ཡིན་པར་བོད་མི་རིགས་འདི་ཉིད་སངས་རྒྱས་ཆོས་ལུགས་དང་ཁ་འབྲལ་ཐབས་མེད་པས་རེད། རྒྱུ་མཚན་ནི་ བོད་ཀྱི་ལོ་རྒྱུས་གླེང་བ་དང་བོད་ཀྱི་རིག་གནས་གླེང་བ།ཐ་ན་བོད་མིའི་ཟ་འཐུང་གི་སྐོར་དང་གོན་པ་གྱོན་ལུགས་སོགས་ཀྱང་ཆོས་ལུགས་དང་མ་འབྲེལ་བ་མེད་པས་ན།བོད་གླེང་དུས་ང་ཚོས་ཆོས་ལུགས་གླེང་འགྲོ་བར་ཁག་མི་འདུག་ཅིང་།དགོས་དབང་དང་འབྲེལ་བའི་སྟེང་ནས་ཆོས་ལུགས་ལས་བྱེ་བྲག་ཏུ་སངས་རྒྱས་ཆོས་ལུགས་གླེང་འགྲོ་བར་ཡང་རྒྱུ་མཚན་དང་གནས་ལུགས་མེད་པ་ཞིག་་་་་མིན་པར་སེམས་ན།བར་སྐབས་འདིར་ང་ཚོས་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་མི་སྣ་གལ་ཆེན་ཞིག་ཅི་ནས་ཀྱང་གླེང་དགོས་པ་རེད།དེ་ནི་སངས་རྒྱས་ཆོས་ལུགས་གསར་གཏོད་བྱེད་་་་་་མཁན།བོད་མི་ཀུན་གྱི་སེམས་ཁོང་གི་ངེས་པ?དོན་གྱི་སངས་རྒྱས།ལྷག་པར་བོད་ཀྱི་ཆོས་ལུགས་པ་་་དག་དང་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ནང་བ་སངས་རྒྱས་ཆོས་ལ་དད་པའི་ཆོས་པ།སྤྱིར་བཏང་ཆོས་ལ་དད་ཅིང་ཆོས་པ་མ་ཡིན་པའི་ཆོས་དད་པ་རྣམས་ཀྱི་སེམས་ཁོང་ན་རྟག་བརྟན་ཡལ་མེད་དུ་གནས་པའི་ཉི་མ་སེར་པོ་དང་ཐམས་ཅད་མཁྱེན་པ།འཛམ་གླིང་གི་ཆོས་ལུགས་གྲུབ་མཐའ་ཁག་གི་ཁྲོད་ན་གོ་གནས་ཆེས་ཆེར་ཟིན་ཡོད་པའི་ནང་བ་སངས་རྒྱས་ཆོས་ལུགས་ཀྱི་དེད་དཔོན་སྟེ་སྟོན་པ་ཤྰཀྱ་ཐུབཔའམ་མཚན་དངོས་ལ་གོོ་ཏ་མ་གཞོན་ནུ་དོན་འགྲུབ་ཅེས་པ་དེ་རེད།དམ་པ་ཁོང་གི་བློ་རིག་ལས་་སངས་རྒྱས་ཆོས་ལུགས་བྱུང་ཞིང་།ཆོས་ལུགས་འདིས་ལོ་ངོ་སྟོང་ཕྲག་དུ་མར་བོད་མི་རིགས་ཀྱི་བསམ་བློ་ལ་བཀག་རྒྱ་དང་ཤན་ཤུགས་ཐེབས་སུ་བཅུག་པ་མ་ཟད་མི་རིགས་འདི་གོང་བུ་གཅིག་ཏུ་འགྱུར་བར་བླ་ན་མེད་པའི་བྱས་རྗེས་བཞག་ཡོད་པ་རེད།འདི་ལྟ་བུའི་ཆོས་ལུགས་གསར་གཏོད་བྱེད་པའི་་མི་སྣར་ང་ཚོས་རྗེས་སུ་ཡི་རངས་བྱས་ཆོག་ལ།དད་གུས་དང་མཆོད་བཤམས་བྱས་ཀྱང་མི་ཆོག་པ་ཆེར་མེད་པའི་ཚོར་སྣང་ཞིག་བདག་ལ་བྱིན་འགྲོ།  
      ཁ་སང་བོད་ཡུལ་ན་ཆོས་ལུགས་ཀྱི་དྲི་མ་སྟུག་པོས་ཁྱབ་ཅིང་དྲི་མ་སྟུག་པོ་དེས་བོད་མི་ས་ཡ་མང་པོའི་བསམ་བློའི་དཔུང་རྡང་གཅིག་ཏུ་བཏགས་ཤིང་གཅིག་ཏུ་བསྡམས་ཏེ་ལས་རྒྱུ་འབྲས་དཔྲལ་བའི་མིག་ལྟར་གཅེས་ཤིང་།ཚེ་ཕྱི་མ་ཁོག་གི་སྙིང་ལྟར་སེམས་ཞོར་འཁོར་བ་སྡུག་བསྔལ་དང་མི་དགེ་སྡིག་པ།སྡིག་བསགས་དམྱལ་བར་བསམ་ནས་མི་ཚེ་འདའ་བར་བྱས་པ་རེད།བཟང་བོ་ཐམས་ཅད་ལྷ་ཡི་དྲིན་དུ་བསམ་ཞིང་ཐན་ལྟས་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས་པའི་བོད་མི་ཚོ་ཆོས་ལུགས་ཀྱིས་ཁ་ལོ་བསྒྱུར་བ་རེད་ལ།ལྷག་ཏུ་སྟོན་པ་ཤཱཀྱ་ཐུབ་པའི་མངོན་མཁྱེན་གྱི་ལག་མཐིལ་ལས་ཐར་མ་ཐུབ་པ་དེ་ཁོ་ནའོ།།  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་རིའི་རང་མདངས།

2011-03-15 གུ་རུ་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།