གྲོགས་པོ་རྒྱན་པོ་འགྱེད་མཁན་གཉིས་ཀྱི་གནས་ཚུལ་ངོ་མ།

      ང་ལ་གྲོགས་པོ་ངོ་ཤེས་རྒྱན་སྐུགས་ཤིག་ཡོད།  སྤྱིར་ཁོང་ལ་ཤེས་བྱ་ཡོན་ཏན་མེད་ཀྱང་རང་ཉིད་ཀྱི་འཚོ་བ་གཉེར་བའི་ཕྱོགས་སུ་ཉིན་རྒྱུན་ཁོམ་གི་མེད་པའི་འབྲོག་པ་ཞིག་ཡིན།སྔོན་ཆད་ཡིན་ན་ཁོང་གི་འཚོ་བ་དང་བཟའ་ཚང་གི་འབྱོར་བ་གང་གི་ཐད་ནས་ལ་ལའི་གོང་མ་དང་ལ་ལའི་འགབ་མ་ཞིག་ཡིན།ལོ་གཉིས་གསུམ་ཞིག་གི་སྔོན་དུ་སྒོ་ཕྱུགས་ཚང་མ་བཙོང་སྟེ་རྫོང་མཁར་དུ་གནས་སྤོས་བྱས།སྒོ་ཕྱུགས་བཙོང་བའི་སྒོར་དེ་དག་གིས་རླངས་འཁོར་ཞིག་ཉོས་ཏེ་བཟའ་མི་ལྔ་བོའི་འཚོ་བའི་ཡོང་འབབ་འཚོལ་གྱི་འདུག དེ་དུས་ངེད་གཉིས་རྒྱུན་པར་ངོ་ཐུག་གི་འདུག ད་དུང་ང་ལ་ཨོང་བ་ཐེངས་དུ་མར་དྲུད་མྱོང་། གང་ལྟར་མི་བཟང་བོ་ཞིག་ཡིན།མི་འཇོན་པོ་ཞིག་ཡིན།དེ་ནི་ཁོང་རྫོང་མཁར་དུ་གནས་སྤོས་བྱས་པའི་གནས་ཚུལ་དངོས་རེད།ན་ནིང་ཞིག་ལ་ང་ཁོང་ལ་ཐེངས་འགར་ཐུག་རྒྱུ་བྱུང་དེ་དུས་ཁོང་གིས་ང་ལ་བཤད་རྒྱུར་ཉིན་རྒྱུན་རླངས་འཁོར་བསྐོར་ནས་དཀའ་སྡུག་གིས་སྒོར་མོ་བསོག་པ་ལས་རྒྱན་འགྱེད་དེ་དུས་ཚོད་སྐར་མ་འགའི་ནང་དུ་སྒོར་ཁྲི་མང་པོ་བསོག་རྒྱུ་དེ་བཟང་རབས་བཤད་བྱུང་།ཉིན་འགའི་སྔོན་དུ་ང་ལ་དོན་དག་ཅིག་ཡོད་པས་ཁོང་གི་ཁྱིམ་ལ་སོང་བ་ཡིན།དེ་དུས་ང་རང་ཧང་སང་སོང་། ཁོང་རང་ཁྱིམ་དུ་མི་འདུགའོན་ཀྱང་ཆུང་མ་དང་བུ་མོ་གཉིས་ཁྱིམ་དུ་བསྡད་འདུག དེ་དུས་ཆུང་མས་ང་ལ་བཤད་སོང་། ཁོང་གི་རྒད་པོས་རྒྱན་སྐུགས་ཏེ་སྒོར་ཁྲི་ཉི་ཤུ་མས་ཡས་ཤིག་ཤོར་སོང་ལ་རླངས་འཁོར་དང་བཅས་པའི་ཁྱིམ་ཚང་དེར་ཡོད་པའི་དངོས་པོ་ཚང་མས་འཇལ་ཡང་ད་དུང་སྒོར་ཁྲི་བཅུ་ཡས་མས་ཤིག་གཞན་ལ་དགོས་འདུག་ཟེར།ཆུང་མས་བཤད་རྒྱུར་ད་ལྟ་ཁོང་ཚོར་ཉིན་རྒྱུན་ཇ་ཐོག་གསུམ་པོ་བཟའ་བྱེད་ཀྱི་དངུལ་ཡང་མེད་པས་དཀའ་སྡུག་གི་འཚོ་བ་མྱོང་གིན་པའི་གནས་ཚུལ་མང་བོ་ཞིག་བཤད་རྗེས་མིག་ནས་མཆི་མ་ཁྲོམ་ཁྲོམ་དུ་བཞུར་ཡོང་གི་འདུག འདི་ནི་རྨ་ཆུ་ནས་བྱུང་བའི་ཁྱིམ་བདག་གཅིག་གི་དངོས་ཡོད་གནས་ཚུལ་རེད།སྤྱིར་སྒོར་ཁྲི་ཉི་ཤུ་ཟེར་བ་མང་བོ་ཞིག་ཡིན་ཡང་རྒྱན་སྐུགས་དག་ལ་མཚོན་ན་ཉུང་ཉུང་ཞིག་རེད་ཟེར་གི་འདུག རྒྱུ་མཚན་རྨ་ཆུ་ནས་རྒྱན་སྐུགས་ཏེ་ཆེས་ཤོར་བ་མང་བོ་ནི་ཁྲི་ལྔ་བརྒྱ་ནས་སྟོང་གི་བར་རེད་ཟེར་གི་འདུག དེ་ནི་དངོས་ཡོད་གནས་ཚུལ་རེད། ན་ནིང་ད་ལོ་རྒྱན་སྐུགས་ཚོས་ཤོད་ཀྱིན་པའི་གནས་ཚུལ་དངོས་ཤིག་རེད་འདུགརྒྱན་སྐུགས་ཚོའི་ཁྲོད་ཀྱི་གསར་འགྱུར་མང་བོའི་ནང་གི་གཅིག་རེད་འདུག

     ང་ལ་གྲོགས་པོ་རླངས་འཁོར་ཁ་ལོ་བ་ཞིག་ཡོད།ཁོང་གིས་ལོ་མང་བོར་རླངས་འཁོར་བསྐོར་ནས་བསྡད་ཡོད།ཐེངས་ཤིག་ང་རང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་བགྲོད་དུས་ང་ཚོ་སློབ་མ་མང་བོས་ཁོ་རང་གླས་ནས་སོང་བ་ཡིན།དེ་ནི་ང་རང་བྱིས་པའི་དུས་ནས་འགྲོགས་མྱོང་བའི་མི་ཞིག་ཡིན།ལོ་འགའི་སྔོན་དུ་ཁོང་གི་རླངས་འཁོར་གྱིས་ཚོང་རྒྱབ་སྟེ་མི་འབྱོར་བ་ཅན་ཞིག་ཏུ་གྱུར་སོང་།དེ་དུས་ཁོང་གིས་རླངས་འཁོར་ཁྲི་བཞི་བཅུ་ཡས་མས་ཅན་ཞིག་བསྐོར་གྱི་འདུགཁོང་གི་ལུས་སྟེང་ན་གསེར་གྱིས་གང་འདུགདེ་དུས་ཁོ་ནི་གཞོན་ནུ་དག་གི་ཁྲོད་ཆེས་འབྱོར་བ་ཅན་གྱི་མི་ཞིག་ཡིད།དེའི་རྗེས་ནས་ཁོང་གིས་ཚོང་ཁང་ཆེན་པོ་ཞིག་གི་སྒོ་ཕྱེས་སོང་།དེ་དུས་ཀྱང་ཕྱུག་མདོག་འདྲ་འདུགརྒྱན་ཆ་དང་གོན་པ་ཚང་བ་གོང་ཆེན་ཏག་ཏག་རེད་ཟེར་གིན་ནིང་ལོ་མགོ་ནས་ཁོ་རང་རྒྱན་འགྱེད་པའི་ཕྱོགས་སུ་མགོ་འཁོར་ཏེ་ཚོང་ཁང་དེ་ཡང་སྒོ་བརྒྱབ་སོང་།ཁྲོམ་སྲང་དུ་ཐེངས་འགར་ཐུག་མྱོང་།སྐབས་རེར་སྔོན་གྱི་མདོག་འདྲ་བོ་འདུགལན་རེར་མདོག་ཤོར་འདུག་པ་འདྲ་བོ་འདུགདེ་ནི་རྒྱན་པོ་ཚོར་རྒྱུན་དུ་འབྱུང་གིན་པའི་གནས་ཚུལ་ཞིག་ཡིན་པས་དོ་སྣང་དེ་འདྲ་མ་བྱས།འོན་ཀྱང་ན་ནིང་ལོ་མཇུག་ཅིག་ལ་གྲོགས་པོ་འགས་བཤད་པ་ལྟར་ན་ཁོང་གིས་རྒྱན་ཤོར་ཡོད་པའི་གནས་ཚུལ་ཐོས་བྱུང་། ད་དུང་ཁྲོམ་དུ་ཡོང་ན་སྒོར་གཏའ་མ་འཇོག་མཁན་ཚོས་རྗེས་འདེད་ཀྱིན་འདུག་པས་ནང་དུ་འཛུལ་ཏེ་སྒོ་ཁར་འབུད་ཀྱི་མེད་པའི་གནས་ཚུལ་མི་མང་བོས་བཤད་ཀི་འདུགདེའི་རྗེས་རུ་སྡེ་དང་གཉེན་ཉེ་དག་གིས་སྒོར་མོ་བསྡུས་ཏེ་དོམ་འཇལ་བུ་འཇལ་བྱས་ཡོད་པའི་སྐོར་ཐོས་སོང་། འུ་ཚོ་བོད་ལ་འཛམ་གླིང་སྟེང་བྱུང་མ་མྱོང་བའི་དོག་དག་ཅིག་ཡོད་ནི་རེད། དེ་ནི་མི་རྐྱལ་སྟོང་ཚོས་རྒྱན་སྐུགས་ཏེ་སྒོར་ཇི་འདྲའི་མང་བོ་ཞིག་ཤོར་སོང་ནའང་རུ་སྡེ་དང་གཉེན་དེ་དག་གིས་རོགས་རམ་བྱས་ཏེ་འཇལ་རོགས་བྱེད་པའི་སྣང་ཚུལ་དེ་རེད།འདི་ནི་འུ་ཚོས་སའི་གོ་ལའི་སྟེང་བཞག་པའི་ཐོད་བརྒལ་ཞིག་རེད་ཟེར་གི་འདུགདོན་དམ་གྱིས་འུ་ཚོས་རང་མཚང་ཕྱི་རུ་བསྟན་པ་ལས་ཅི་ཞིག་འདུགདེ་ལ་ཐོད་བརྒལ་ཟེར་རམ་ཞབས་འདྲེན་ཟེར་ཆོག
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་པོ་རྒྱན་པོ་འགྱེད་མཁན་གཉིས་ཀྱི་གནས་ཚུལ་ངོ་མ།

2011-02-19 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།