ཁམས་ལ་ཕྱིན་པའི་ཟིན་བྲིས། ༤

   ཟླ་དྲུག་པའི་ཚེས་ཉེར་གཅིག
   ཡ་ཆེན་དགོན་པ་ནི་ཁྲོམ་ཆུ་ཟེར་བའི་ཆུ་ཞིག་གི་འགྲམ་ལ་ཆགས་ཡོད་ཅིང་ཕར་ངོགས་གི་ཇོ་མོའི་དགོན་པར་རྒྱུན་སྡོད་ཇོ་མོ་ལྔ་སྟོང་ཙམ་དང་ཆོས་ཁྲིད་སོགས་འདུས་པ་ཆེ་དུས་བརྒྱད་སྟོང་ཙམ་རེ་ཡོད་ཟེར།ཁྲོམ་ཆུའི་ཚུར་ངོས་ཀྱི་གྲྭ་བའི་དགོན་པར་རྒྱུན་སྡོད་སུམ་སྟོང་ཙམ་དང་འདུས་པ་ཆེ་དུས་ལྔ་སྟོང་ཙམ་རེ་ཡོད་ཟེར།གང་ལྟར་མིག་གིས་ཁེབས་ཚད་ནི་ཤིང་གི་ཁང་བ་སྒམ་ཆེན་པོ་རེའི་ཆེ་ཆུང་འདྲ་བས་གང་འདུག་ལ་ཤིང་གི་ཕྱི་ལ་གཟན་ཤམ་རྙིང་བ་སོགས་གྱིས་ཐུམ་བརྒྱབས་ནས་ཡོད་པས་ཨ་ན་མ་ན་འབྲོག་པ་ཚོའི་མར་སྒམ་དང་འདྲ་བ་ལས་ཁང་བ་ཞིག་གི་ཚུགས་ཀ་ཆེར་མི་འདུག ནང་ལ་ཕྱིན་ན་མི་གཅིག་གི་ཉལ་ས་སྟབས་བདེ་ཞིག་ལས་གཞན་པའི་ས་སྟོང་ཆེར་མེད་ས་དག་དག་རེད།དེ་དང་བསྡུར་ན་མཁན་པོ་ག་གེ་མོ་དང་སྤྲུལ་སྐུ་ག་གེ་མོའི་གཟིམས་ཁང་རེད་ཟེར་བ་ཕལ་མོ་ཆེ་ནི་རྒྱས་སྤྲོས་ཆེ་ཐག་ཆོད་པ་རེ་འདུག འདི་གཉིས་ཀྱི་ཧེ་བག་ཆེ་དྲགས་པས་སྐབས་ལན་རེར་སེམས་མི་སྐྱིད་པ་ཅུང་རེ་བཟོ་གི་འདུག་མོད།ཁོ་ཚོ་ཇོ་སེར་གང་ཡིན་ཀྱང་འདི་ལ་མི་མོས་པའི་རྟགས་ཙམ་ཡང་མེད་པར་སེམས་ཞི་ཞིང་ལྷོད་པར་ཡོད་པས་འདྲ་མཉམ་དང་ལྷག་པར་དུ་འཚོ་བའི་ཆ་རྐྱེན་གྱི་འདྲ་མཉམ་ལ་དེ་འདྲ་དང་དོད་བྱེད་པའི་རང་ཉིད་ཀྱང་ནོར་བ་ཨེ་ཡིན་སྙམ་ན་རིམ་གྱིས་ཡལ་འགྲོ
    ཉིན་དེར་ཆུའི་ཕར་ངོགས་ཀྱི་འདན་སྲས་དཔའ་བོའི་ཟློས་གར་ཐང་ཞེས་པའི་སྤང་ཁུད་དེ་རུ་བླ་རུང་གི་ཆོས་རྗེ་ཡིད་བཞིན་ནོར་བུའི་གདུང་མཆོད་ཀྱི་ཚུལ་དུ་འདན་སྲས་རྟོགས་བརྗོད་ཀྱི་འཆམ་འཆམ་བཞིན་ཡོད་ཅིང་སྔ་དགོང་གི་བར་གསེང་དག་ལ་བླ་མ་ཨ་ཁྱིག་མཆོག་གིས་གསུང་ཆོས་གནང་བཞིན་ཡོད་པས་མི་ཚོགས་ཀྱི་འདུ་ལོངས་ནི་བློ་ཡུལ་ལས་འདས་པ་ཞིག་རྒོད།འཆམ་གྱི་མཇུག་དུ་སྔ་དྲོ་སེར་མོ་དང་ཕྱི་དྲོ་ཇོ་མོ་ཚོས་དེང་གི་རྡུང་ལེན་གྱི་འགྱུར་ཁུག་དང་བསྟུན་ནས་བྲོ་འཁྲབ་པ་ཡང་སྔར་མ་མཐོང་བའི་ལྟད་མོ་སྐྱིད་པོ་ཞིག་རེད།ཕྱི་དྲོ་གསུང་ཆོས་སྐབས་བླ་མས་ཁྲི་ཐོག་ནས་ངའི་ཐོད་པ་ན་འཕགས་པ་སྤྱན་རས་གཟ?གས་ཡོད་པ་མཐོང་གི་འདུག་གམ།མཐོང་ན་ལག་པ་ཡར་ཁྱོགས་ཟེར་དུས་ངའི་གམ་གྱི་རྒན་མོ་དེས་ཚམ་ཚོམ་མེད་པ་ལག་པ་བཀྱགས་བྱུང༌།ངས་ཁོ་མོས་ངོ་མ་མཐོང་བ་ཡིན་ནམ་སྙམ་ནས་ཡ་མཚར།རང་གིས་མ་མཐོང་བར་ཡི་མུག་ནས་ཡོད་དུས་མོས་ཡང་རང་གི་གམ་གྱི་བུད་མེད་མོའི་བུ་མོ་ལོས་ཡིན་སྙམ་པ་ཞིག་ལ་ལག་པ་ཁྱོགས་ཞེས་བསྐུལ་བྱུང༌།བུད་མེད་དུས་ལག་པ་ཅི་ལ་འཇོག་དགོས་པ་དྲིས་པར་རྒན་མོ་དུས་བླ་མས་ཁྱོགས་གསུང་གི་འདུག་ཟེར་བས་གཞི་ནས་མོས་བླ་མའི་གསུང་གི་དོན་མ་གོ་བ་ཤེས་སོང༌།དེ་ལའང་ཅི་ཁག་སྟེ་དེའི་མཐའ་འཁོར་གྱི་སྡེ་བ་དེའི་མིང་ལ་ཁྲོམ་མཐའ་ཟེར་ཞིང་ཁྲོམ་མཐའི་སྐད་ནི་ཡུལ་གང་གི་འབྲོག་སྐད་དང་ཡང?མི་འདྲ་བར་གདངས་མཚར་བོ་ཞིག་ཡོད་ལ་དེ་མིན་གྱི་དེ་དང་ཉེ་བའི་ས་ཆ་དཀར་མཛེས་ཉག་རོང༌།དཔལ་ཡུལ་གང་ཡིན་ཡང་རང་རང་གི་སྐད་གྱི་ཁྱད་པར་གསལ་བོ་མཆིས་པས་གོ་བརྡ་སྤྲོད་རྒྱུ་ནི་ངོ་མ་དཀའ་མོ་ཞིག་རེད།
     སྔ་ཉིན་ས་སྲོད་ལ་བདག་ལ་ལས་ཡག་ནས་ཁྱི་སྡོམ་གཅིག་གིས་ཀྱང་བསྙད་བརྐོས་མ་བྱུང༌།ཕྱི་ཉིན་ཡུལ་དེའི་མི་ཚོས་བཤད་ན་ཁྱི་སྡོམ་དག་གིས་རུབ་ནས་སྔོན་ཆད་ཀྱང་མི་འགའ་རེ་རྨས་ཤིང་འགའ་རེའི་སྲོག་ཀྱང་ཤོར་སོང་ཟེར་བས་དེ་ནས་བཟུང་རང་གཅིག་པོར་གང་འདོད་དུ་འགྲོ་མི་ཕོད་པ་ཞིག་བྱུང༌།ཡ་ཆེན་དགོན་པར་ད་དུང་གློག་འཐེན་མེད་པར་གྲྭ་བ་ཚང་མ་ཉི་གློག་གི་འོད་ལ་བརྟེན་ཡོད་པས་བདག་གི་ཁ་པར་གྱི་གློག་ཡང་ཚར་སོང༌།དེ་བས་ཉི་མ་འདི་ནི་ཕྱི་སོ་དང་འབྲེལ་ཐག་རྦད་ནས་བཅད་པའི་ཉི་མ་གཅིག་ཡིན།སང་ཉིན་སྔ་མོ་ནས་ལམ་ལ་ཆས་སྟེ་དཔལ་ཡུལ་ཕྱོགས་སུ་འགྲོ་རྒྱུ་ཡིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁམས་ལ་ཕྱིན་པའི་ཟིན་བྲིས། ༤

2011-01-25 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།