ཁམས་ལ་ཕྱིན་པའི་ཟིན་བྲིས། ༣

   ཟླ་དྲུག་པའི་ཚེས་ཉི་ཤུ
  གནས་དེ་དག་ལ་ཕྱིན་ནས་ཕལ་ཆེར་ཟླ་ཕྱེད་འགོར་ཡོད་ཚོད་རེད།ད་ནི་དུས་ཚོད་ཀྱིས་དབང་གིས་དོན་དག་འགའ་རེ་བརྗེད་འགྲོ་བཞིན་ཡོད་ངེས།འོན་ཀྱང་བདག་གིས་སྔར་བཞིན་ཉི་མ་དེ་ཚོའི་མཐོང་ཐོས་དག་ཟིན་ཐོར་འགོད་འདོད་ཡོད།
  སྔ་ཉིན་ཅུང་ཟད་དཀའ་སོང་བས་ཡིན་ནམ་ཆུ་ཚན་སྐྱིད་སོང་པས་ཡིན་པ་མི་ཤེས་མོད་མཚན་མོ་ཇི་ལྟར་གཉིད་པ་ཧ་གོ་མ་སོང་ལ་ཕྱི་ཉིན་ཡར་ལ་སད་དུས་ལག་པ་མལ་ཐུལ་གྱི་ཕྱི་རུ་ཕུད་ནས་གཉིད་སོང་བས་ཆམ་པ་ཅུང་ཟད་ཕོག་འདུག སྔ་དྲོ་ནང་ཇ་སྟབས་བདེ་ཞིག་འཐུང་ནས་སྡེ་མགོན་པོར་མཇལ་དུ་ཕྱིན་པ་ཡིན།ངས་ཁོ་ཚོ་ལ་གནས་དེ་ངོ་སྤྲོད་ཅིག་བྱ་རོགས་ཞུས་མོད།བདག་གི་གྲོགས་པོ་དཀར་མཛེས་པ་དེ་ཚོར་འདི་ནི་སྡེ་མགོན་པོ་རེད་ཟེར་རྒྱུ་ལས་མི་འདུག དེ་ནས་གནས་ཡིག་རེ་ཨེ་རྙེད་བལྟས་མོད་ཅི་ཡང་རྙེད་མ་སོང༌།
   དེ་རིང་ངའི་གྲོགས་པོ་གཉིས་ཀ་སྡེ་དགེ་ལ་གློག་བརྙན་འཁྲབ་པར་འགྲོ་དགོས་པས་ང་ཚོ་དཀར་མཛེས་ཀྱི་འདམ་རྫབ་ཆེ་བའི་སྲང་མདོ་ཞིག་ནས་ཁ་གྱེས་ཤིང་ཁ་སང་དཀར་མཛེས་དགོན་པར་མཇལ་མ་ཐུབ་པས་སླར་ཡང་དེ་ཕྱོགས་ལ་ཕྱིན།གླས་འཁོར་ཁ་ལོ་བ་དེས་རྫོང་ནས་དགོན་པ་བར་སྒོར་བཅོ་ལྔ་རེད་ཟེར།ངས་སྔ་ཉིན་བཅུ་ལས་མ་སྤྲད་ཅེས་བཤད་མོད་ཁོས་ཇོ་བོ་རིན་པོ་བཅོ་ལྔ་རེད་ཟེར་བས་བདག་གིས་ཀྱང་ཨུ་ཚུགས་མ་བྱས།གྲྭ་ཚང་གིས་ཆོས་ར་འཚོགས་ས་ནས་ཅུང་ཟད་འགོར་རྗེས་སྒོ་ལ་བུད་དུས་གྲྭ་བ་ཞིག་གིས་བདག་ལ་མི་ཞིག་གིས་ཁྱོད་འཚོལ་བཞིན་འདུག་ཟེར།ང་རང་གིས་འདི་འདྲའི་གནས་ཆ་མེད་ཅིག་ནས་ང་འཚོལ་མཁན་ཅིག་ཡོད་སྲིད་དམ་སྙམ་བཞིན་ཡར་ལ་ཕྱིན་དུས་ད་ཅིའི་ཁ་ལོ་བ་དེས་སྒོར་མོ་ལྔ་ལག་ལ་བཅིངས་ནས་ཚུར་ལ་བརྒྱུགས་ཡོང་ཞིང་ང་ལ།ཤ་ཉེ།སྤོ་མ་ལངས།ཚིག་པ་མ་ཟ།ཇོ་བོ་རིན་པོ།ངས་སྒོར་མོ་བཅོ་ལྔ་རེད་བསམ་ཡོད།སྔོན་མ་ང་རང་ཡོང་དུས་སྒོར་མོ་བཅོ་ལྔ་སྤྲད་ཟི་ཡིན།སྲང་ལ་ཐོན་ནས་གྲོགས་པོ་ཞིག་ལ་དྲིས་རྗེས་ད་གཟོད་བཅུ་ཡིན་པ་ཤེས་ནས་ཁྱོད་ལ་བསྐྱལ་ཡོང་བ་ཡིན་སོགས་གོ་ཞིང་མ་གོ་བའི་སྐད་ཆ་མང་པོ་ཞིག་བཤད་ནས་སྒོར་མོ་ལྔ་བོ་བདག་གི་ལག་ལ་བརྫངས་སོང༌།ང་དལ་ཅིག་ལ་ཧད་ནས་ལུས་ཤིང་དེ་ནས་སྐྱོན་མི་འདུག་ཁ་ཤས་ལབ་པ་ལས་ཅི་བྱེད་དགོས་ཤེས་མ་སོང༌།ཁོ་རང་རྒྱང་དུ་ཕྱིན་རྗེས་ངའི་སེམས་སུ་དྲོད་སྣང་ཞིག་མ་གོ་མ་ཚོར་བར་འཁྱིལ་འདུག ཕྱིར་གྲོང་ལ་ལོག་རྗེས་ཨ་ལ་ཟེར་བའི་ཞོར་ཟས་ཞིམ་པོ་ཞིག་ཟོས་པ་ཡིན།ཁོ་ཚོས་བཤད་ན་ཡུལ་འདི་ལ་ཨ་ལ་རྐྱང་བས་ཚོང་བརྒྱབས་དེ་ཕྱུག་པོར་གྱུར་སོང་བ་ཡོད་ཟེར།དེ་འདྲ་ཡིནཚོད་རེད་དེ་ང་འགྲོ་སའི་ཟ་ཁང་དེ་ལ་སྒོ་ཞིག་ལས་མེད་པར་ཨ་ལ་ཟ་མཁན་ཚོ་སྒོ་ཁའི་སྐུབ་སྟེགས་ཕྲ་བོའི་སྟེང་གྲལ་སྒྲིག་ནས་ཟ་བཞིན་འདུག  འོན་ཀྱང་ཆ་རྐྱེན་ཐབས་སྡུག་འདིས་གནོད་གང་ཡང་ཐེབས་མེད་པ་འདྲ་དེ་རླངས་འཁོར་ཡག་པོ་བསྐོར་ཞིང་ཡོང་མཁན་དང་རྐང་ཐང་ལ་ཡོང་མཁན་ཚང་མ་སུ་ཡིན་རུང་སྐུབ་སྟེགས་ཕྲ་བོ་དེའི་སྟེང་ན་ཨ་ལ་ཁོ་ནས་ཡིད་ཚིམ་འདུག
    ཡར་མར་ལ་ཅིག་ཕྱིན་དུས་ཕལ་ཆེར་ཉིན་གུང་ཡོལ་སོང༌།ཡ་ཆེན་ལ་འགྲོ་བའི་རླངས་འཁོར་ནི་ངོ་མ་འཚོལ་རྒྱུ་དཀའ་མོ་རེད།སྐབས་དེར་ཡ་ཆེན་དགོན་པས་བཀའ་བསྒྲགས་ནས་ཡར་མར་ལ་འགྲོ་བའི་རླངས་འཁོར་རིགས་ཀྱི་གོང་ཚད་ཅིག་གཏན་འཁེལ་བཟོས་མོད་ཁ་ལོ་བ་ཚོ་ཡང་གོང་དེ་སྤྲད་པས་འགྲོ་མཁན་མི་འདུག མཐར་དགོན་པ་དེའི་ཇོ་མོ་ཞིག་གིས་གོང་ག་ཚད་དགོས་ན་དེ་སྤྲད་ཅེས་བཤད་ནས་ཕར་སོང་རྗེས་དགོན་པའི་ཆོས་ཁྲིམས་ཚོགས་པ་བོས་ན་གཏན་འཁེལ་གྱི་གོང་ལས་སྤྲོད་དགོས་མ་རེད་ཟེར་བས་གཞི་ནས་རླངས་འཁོར་ཞིག་ལ་མི་རེས་སྒོར་བརྒྱད་ཅུ་ལྷག་སྤྲོད་རྒྱུ་བྱས་ནས་ལམ་ལ་བུད་པ་ཡིན།ཕར་ཡ་ཆེན་ལ་སླེབས་གྲབས་ཡོད་དུས་ཁ་ལོ་བས་གཡོ་འོག་དུ་ཚུད་པ་ཚོར་བ་ཡིན་ནམ་ང་ཚོ་གཡོ་འོག་དུ་འཛུད་འདོད་ཡིན་པ་མི་ཤེས་མོད་གླ་ཆ་མ་སྤྲད་ན་འགྲོ་གི་མིན་ཟེར་ནས་འགྲོ་མི་འདོད་ལྟར་བྱེད་ཀྱིན་འདུག  ང་ཚོས་ཀྱང་ཕར་མ་ཕྱིན་ན་གླ་ཆ་སྤྲོད་རྒྱུ་མིན་ཞེས་ཨུ་ཚུགས་ཅུང་བྱས་པས་ཁོས་གཙང་ནག་ཟམ་ཁ་བར་འགྲོ་རྒྱུ་དང་དེ་ནས་རླངས་འཁོར་ཅིག་ང་ཚོ་བསུ་རུ་ཡོང་རྒྱུ།ང་ཚོས་དེ་ནས་ཁོ་ལ་གླ་ཆ་སྤྲོད་རྒྱུ་བྱོས་ཟེར།དེ་ནས་གཙང་ནག་ཟམ་ཁར་ཐོན་དུས་དགོན་པའི་ཆོས་ཁྲིམས་ཚོགས་པ་སྔ་མོ་ནས་དེ་ལ་སླེབས་འདུག་པས་ཁ་ལོ་བར་བསམ་དབང་དྲན་དབང་མ་སྦྱིན་པར་དགོན་པ་ལ་ཁྲིད་ཅིང་ང་ཚོ་མི་རེའི་ལག་ནས་སྒོར་མོ་བཞི་བཅུ་རེ་བླངས་ནས་ཁ་ལོ་བར་སྤྲད་སོང༌།འོན་ཀྱང་ཁ་ལོ་བ་ད་ཅི་ང་ཚོའི་སྟེང་ལ་རྫིག་རྫིག་བྱེད་པའི་མི་དེ་མ་ཡིན་པར་གུས་གུས་ཞུམ་ཞུམ་དང་སྐད་ཆ་གཉོམ་པོ་ཁོ་ན་བཤད་པའི་མི་གཉོམ་ཆུང་ཞིག་དུ་གྱུར་ནས་སྐུ་ཚེ་རིང༌།ང་སྤོ་མི་ལངས།ང་ཚིག་པ་མི་ཟ།བླ་མའི་སྐུ་པར་རེ་གནང་རོགས།ང་ཚོ་ཉག་རོང་ཨ་བསེ་ལུང་པ་ནས་ཡར་བསྐོར་དེ་ཡོང་བ་ཡིན།སྒོར་མོ་འདི་ཙམ་གྱིས་སྣུམ་རིན་ཡང་མི་འདང་བས་ཡར་དགོན་པར་ཕུལ་བ་ཡིན།ཡང་ན་ཁོ་ཚོ་འགྲུལ་བ་ཚོར་ཕྱིར་སྤྲོད་རོགས་ཟེར་མོད།ཆོས་ཁྲིམས་ཚོགས་པའི་གྲྭ་བ་དེ་ཚོས་ཡང་ཕར་ལ་དེ་ལས་ཀྱང་གུས་གུས་ཞུམ་ཞུམ་གྱིས་འདི་བླ་མས་བཀའ་རེད་ང་ཚོ་སུ་ཡང་འགལ་ཕོད་ནི་མ་རེད་ཟེར་ནས་ཁོའི་རེ་བ་གང་ལའང་ཁ་ཡ་བྱེད་ཀྱིན་མི་འདུག
    འདི་ལྟར་གུས་གུས་ཞུམ་ཞུམ་གྱི་རྩོད་པ་དེ་མཇུག་སྒྲིལ་དུས་ཉི་མ་ཕལ་ཆེར་རི་ལ་ཡོལ་འདུག་པས་ངས་རྒྱ་སྒོ་བརྒལ་ནས་དགོན་པའི་ཕྱོགས་སུ་ཕྱིན་པ་ཡིན།ཡུལ་དེ་ལ་རིམ་གྱིས་སྤྲིན་པ་འཁྲིགས་ཤིང་ཆར་བ་འབབ་གྲབས་བྱས་བྱུང་བས་ངས་མགྱོགས་པོར་གནས་ཚང་ཞིག་འཚོལ་བར་ཕྱིན་པ་ཡིན།འོན་ཀྱང་རི་ཁ་ཐང་སྟོང་འདི་ན་མིག་གིས་ཁེབས་ཚད་གྲྭ་ཁང་ལས་མགྲོན་ཁང་མི་འདུག་ལ་ད་དུང་ཁྱི་སྡོམ་དག་གིས་ཐག་སྦྲན་བཞིན་འདུག ས་རིབས་ལ་ཡོད་དུས་གཞི་ནས་ཡར་མར་ལ་འབྲེལ་བ་བྱས་ནས་གྲོགས་པོ་ཞིག་གི་གྲོགས་པོ་ཞིག་གི་ས་རུ་རྐང་མལ་གསོ་ས་རྙེད་སོང༌།
    དེ་རིང་དོན་དག་མང་པས་ཡིན་ནམ་འབྲི་འདོད་ཡོད་པས་ཡིན་པ་མི་ཤེས་མོད་ད་ནི་ཅུང་ཟད་མང་དོགས་ལས་མི་འདུག་པས་འདི་ནས་མཚམས་བྱས་དེ་སང་ཉིན་ཡང་འཆད་པར་བྱ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁམས་ལ་ཕྱིན་པའི་ཟིན་བྲིས། ༣

2011-01-25 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།