ཁམས་ལ་ཕྱིན་པའི་ཟིན་བྲིས། ༢

    ཟླ་དྲུག་པའི་ཚེས་བཅུ་དགུ
    སྔ་ཉིན་ཕྱི་དྲོ་ནས་པ་སེ་ཉོ་རུ་ཕྱིན་པ་ཡིན་མོད་རླངས་འཁོར་གྱི་འདུག་སྟེགས་རྗེས་མ་ལས་ལྷག་མི་འདུག་པས་དར་མདོ་ནས་དཀར་མཛེས་བར་གྱི་དུས་ཚོད་དེ་ནི་གཡག་སྣ་ལོ་མ་ཐུལ་བ་ཞིག་གི་རྒྱབ་ལ་བཅངས་བ་བཞིན་གསུག་ཅིང་འཁྱོམ་བཞིན་འདས་སོང༌།
     ཉི་མ་འདི་ཚོར་ས་སྐྱ་གོང་མའི་སྲས་གཉིས་འདི་ཕྱོགས་ལ་ཕེབས་འདུག་པས་ག་ས་གང་དང་ལྷག་པར་ས་སྐྱའི་དགོན་པ་ཁག་ལ་འདུ་འཛི་ཤིན་ཏུ་ཆེ།ང་ཚོ་མི་ཉག་ལྷ་སྒང་ལ་སླེབས་དུས་ཏག་ཏག་ཁོང་ཅག་གི་ཞབས་སོར་གནས་དེར་འཁོད་འདུག་པས་གྲོང་དང་དགོན་པ་ཐ་ན་སྤང་ཐོག་སོགས་གནས་ཀུན་ལ་མི་ཡིས་གང་འདུག་ཅིང༌།གནས་སྐབས་སུ་ཕུབ་པའི་ཤུག་སྒོ་དག་གི་ངོས་སུ་བཀྲ་ཤིས་པའི་ཁ་གཡང་སྣ་ཚོགས་བྲིས་ཤིང་ལམ་འགྲམ་གྱི་བསང་ཁུང་དག་ནས་དྲི་ངད་ཞིམ་པོ་ལྡིང་ཡོང་བས་ཡིད་སྤྲོ་ལྷང་ངེར་བྱས་སོང༌།དེ་ནས་ཡར་ལ་ཕྱིན་ན་རྟའུ་ལ་སླེབས་ཤིང༌།གནས་དེའི་བོད་ཁང་ལ་མིང་གྲགས་ཡོད་རབས་ཟེར།ང་ཚོས་ཕྱི་དང་ནང་ཚང་མ་ཤིང་རྐྱང་རྐྱང་གིས་བཟོས་ཤིང་ཤིང་དེ་དག་གི་སྤུས་ཀ་ཡང་ཡག་པོ་ཡོད་པ་ མཐོང་དུས་ནགས་ཚལ་མེད་སའི་འབྲོག་པ་ང་ནི་ངོ་མ་ཧ་ལས་སོང༌།ང་ཚོའི་ཕ་ཡུལ་དུ་དགུན་ཁ་ལྕི་བའི་ཁང་བ་སྟབས་བདེ་ཞིག་བཟོས་ཤིང་དབྱར་ཐོན་དུསབཤིགས་སྟེ་ཨོང་བ་བྱེད་པ་དང་བསྡུར་ན་འདི་ཚོས་ཁང་བ་དག་ནི་ངོ་མ་དགོན་པའི་འདུ་ཁང་ལས་ཀྱང་འཕྱོར་བོ་ཞིག་འདུག
     དེ་ནས་ཡར་ཕྱིན་ན་བྲག་འགོ་ལ་སླེབས་ཤིང་གཉིད་མ་སད་ཅིག་གི་ངང་སྒེའུ་ཁུང་ནས་བལྟ་དུས་སྲང་ལམ་རྫོབ་པོ་ཞིག་རེད་སྙམ་མོད་ཕྱིར་ཡོང་དུས་རྫོང་གི་མཐའི་ལམ་ཞིག་དེད་ནས་ཡོང་དུས་ངོ་མ་རྫོང་མཁར་སྐྱིད་པོ་ཞིག་ཡིན་པ་མཐོང་ཡོང༌།དེ་ལྟར་ཞོགས་པ་ཆུ་ཚོད་ས་སྲོད་ཆུ་ཚོད་བརྒྱད་པའི་བར་བསྙེགས་རྗེས་གཞི་ནས་དཀར་མཛེས་ལ་སླེབས་བྱུང༌།གྲོང་གི་མདུན་ནི་ཏྲེ་ཤོད་ཁ་བ་ལོ་རི་དང་བཙོ་ཟླ་སོགས་གངས་ཀྱི་རི་བོ་ཕྲེང་བར་བསྒྲིག་ཡོད་ལ་རྒྱབ་ན་དཀར་མཛེས་དགོན་པ་རིའི་ལོགས་སུ་ཆགས་ཡོད་པ།མཐའ་ན་བོད་ཁང་ཆེ་ཆུང་མང་པོ་མིག་མང་གི་རེའུ་མིག་ལྟར་བཀྲ་བས་ངོ་མ་བོད་ཀྱི་གྲོང་རྣལ་མ་ཞིག་ལ་སླེབས་པའི་སྣང་བ་སྟེར།འོན་ཀྱང་རྫོང་གི་སྲང་ལམ་བསྐྱར་དུ་ལས་བཞིན་ཡོད་པས་ས་རྡོ་ཚང་མ་ག་ས་གང་དུ་སྤུང་ཤིང་ཉི་མ་ཁ་ཤས་ལ་ཆར་བ་བབས་པས་འདམ་རྫབ་གྱི་གོམ་པ་སྤོ་དཀའ་བ་ཞིག་རེད།ཡུལ་དེ་ན་ཡོད་པའི་སློབ་གྲོགས་ཤིག་གིས་བཤད་ན་ང་རང་སླེབས་དུས་ནི་དཀར་མཛེས་ཆེས་བཙོག་དུས་རེད་ཟེར་མོད་སྲང་ལམ་ཕུད་པའི་ས་ཆ་གང་ལ་བལྟས་ཀྱང་བཙོག་པའི་སྣང་བ་མ་བྱུང།
      ཕྱི་དྲོ་དགོན་པ་རུ་ཅིག་ཕྱིན་མོད་འཕྱི་དྲགས་པས་ཅི་ཡང་མཇལ་མ་ཐུབ།དེ་ནས་གྲོང་མཐའི་ཆུ་ཚན་ལ་ཉལ་དུ་ཕྱིན་པ་ཡིན།རྫོང་མཁར་གྱི་གད་འོག་དེ་ཡི་ག་ས་གང་ནས་ཆུ་ཚན་བརྡོལ་བས་ད་ལྟ་ཡུལ་ན་ཆུ་ཚན་ལ་ཉལ་ས་དང་ཆུ་ཚན་གྱི་མགྲོན་ཁང་སོགས་མང་པོ་བཙུགས་འདུག ང་ཚོ་ཆུ་ཚོད་ཕྱེད་ཀ་ཙམ་ལ་ཉལ་ནས་ཕྱིར་མགྲོན་ཁང་དུ་ལོག་དུས་ཐང་ཆད་ནས་རྐང་ལག་དག་ཀྱང་ཡར་འདེགས་མི་སྤྲོ་བའི་ཚད་ལ་སླེབས་འདུག་ཤིང༌།ཆུ་ཚན་གྱིས་དྲིན་ལ་རུས་ཚིགས་དང་དོན་སྣོད་ཚང་མ་སོབ་སོབ་འདྲ་ཡིན་པ་སྣང་བ་ཞིག་སྐྱེས་ཡོང༌།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁམས་ལ་ཕྱིན་པའི་ཟིན་བྲིས། ༢

2011-01-25 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།