དྲ་ཐོག་གི་བརྩེ་དུངས།

ཨ་རིག་དགེ་མཐོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-05

    སྤྱིར་བཏང་དྲ་ཐོག་གི་བརྩེ་དུངས་ལབ་ནས་བྲིས་དུས་ཁ་བྱུང་མཐོང་མ་ཐག་བླ་རྒན་འདི་ཡང་བུ་མོ་ཞིག་གི་ཆེད་དུ་སྨྱོན་འདུག་བསམ་ངེས་རེད། དེ་ནི་ཚུར་མཐོང་སྐྱེ་བོ་ཚོའི་རང་གཤིས་ཤིག་ལས་བརྩེ་དུངས་ལབ་ན་མཐའ་གཅིག་ཏུ་དེ་འདྲ་མི་དགོས་པ་དང་། ད་ཐེངས་ངས་འབྲི་བཞིན་པའི་དྲ་ཐོག་གི་བརྩེ་དུངས་དེ་ཡང་་ང་དང་དྲ་གྲོགས་ཚོའི་བར་གྱི་བརྩེ་བ་རྣམ་དག་དེ་ཡིན། ཁོ་བོ་ལོ་གཉིས་གསུམ་གྱི་སྔོན་ནས་བཟུང་དྲ་ཚིགས་སུ་ཞུགས་ཤིང་། ཟིན་བྲིས་ཞེས་པའི་ས་མིག་ཅིག་ཉར་ཏེ་ཡིག་ནོར་དང་དོན་ནོར་མང་བས་ཟིན་བྲིས་གང་འཚམས་ཤིག་སྤེལ་བ་ཡིན། སྐབས་དེར་དྲ་གྲོགས་ལྷག་བསམ་ཅན་དག་གིས་ལམ་སྟོན་དང་དྲ་འབུ་མ་རབས་ཅན་དག་གིས་མཐོང་ཆུང་བྱས་པ་སོགས་ནི་ངས་ནམ་ཡང་བརྗེད་མི་སྲིད་པར་སེམས་ཀྱི་གཏིང་རིམ་ན་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་གྱུར་ཡོད། དྲ་གྲོགས་ཚོའི་བརྩེ་དུངས་ནི་ངས་མ་བཤད་ཀྱང་དྲ་ཞུགས་རྩོམ་པ་པོ་དང་ཀློག་པ་པོ་དག་གིས་མཁྱེན་ངེས་རེད། འོན་ཀྱང་། ད་དུང་དེང་དུས་ཀྱི་བརྡ་འཕྲིན་བརྒྱུད་ལམ་རྣ་ཐོས་ཙམ་དང་རྩོམ་ཡིག་ཡོད་ཚད་ཡིག་ཐོག་ཏུ་འབྲི་བར་བརྩོན་པ་དང་། ཚགས་པར་དང་དུས་དེབ་ལས་རྩོམ་འགོད་ས་མི་རག་ནི་ཚོ་ལ་ཁ་བརྡའི་ཞོར་ནས་ལམ་སྟོན་ཙམ་བྱེད་འདོད་ཡིན། དང་པོ། ཟིན་བྲིས་སྤེལ་དུས་ཀློག་མཁན་ཉུང་བ་དང་ཕན་ཚུན་ལ་གུ་ཡངས་ཀྱི་བསམ་བློ་མེད་པར་མི་གཞི་དང་འབྲེལ་བའི་སྒོ་ནས་དམའ་འབབ་བྱེད་པ། དེ་ནས་ཡིག་ནོར་དང་དོན་ནོར་སོགས་ཀྱིས་རང་གཞན་གཉིས་ཀྱི་ཡི་ག་འགག་བཅུགས་པ། ད་དུང་ཨམ་སྐད་དང་ཁམས་སྐད། དབུས་སྐད་སོགས་བརྩད་ནས་ཕྱོགས་ཞེན་གྱིས་བཟི་བ། གཞན་དྲ་ཚིགས་ནང་གི་ལེགས་པའི་ཆ་ལེན་མ་ཤེས་པར་སྐྱོན་གྱི་ཆ་ལ་བལྟས་ནས་དྲ་ཞུགས་རྩོམ་པ་པོ་ཚོ་ལ་རེ་ཐང་ཆད་པ། ད་ལྟ་དེ་དག་ཡོངས་ལས་ལེགས་ཆ་ལེན་རྒྱུ་ཡོད་པ་དང་སྐྱོན་ཆ་ཅན་ཚོ་བཏང་སྙོམས་སུ་འཇོག་དགོས་ཚུལ་དང་ཡིག་ནོར་དང་དོན་ནོར་སོགས་ལས་ཅུང་ཙམ་ཁ་ཐག་རིང་དུ་སོང་བ། ཕན་ཚུན་ལ་གུ་ཡངས་དཀྱེལ་ཡངས་ཀྱི་བསམ་བློ་དགོས་པ་བཅས་ཀྱི་གནས་སྟངས་ཧ་གོ་བྱུང་།  དྲ་ཚིགས་སུ་ཞུགས་པའི་རྩོམ་པ་པོ་ལ་རྩོམ་རྩལ་གྱིབཟང་ངན་མེད་པར་དུང་ཞེན་ཟབ་མོ་ཞིག་སྐྱེས་པ། དེ་ནི་སྐད་ཡིག་གཅིག་གིས་སྤྲད་པས་ཚོར་འདུ་ཡིན་སྲིད། ཡང་འགའ་རེས་དྲ་ཞུགས་རྩོམ་པ་པོ་དང་ཟིན་བྲིས་པ་ཚོ་ནི་དོན་མེད་དུས་ཚོད་མ་སོང་བ་ཞིག་ཏུ་ངོས་འཛིན་མཁན་གྱི་བགྲེས་སོང་འགའ་རེ་དང་དེ་དང་མཚུངས་པའི་གཞོན་སྐྱེས་ཁག་ཅིག་ཡོད་ཀྱང་དེ་ཚོ་ལ་ཁ་ཡ་བྱེད་འདོད་མ་བྱུང་ངོ་།།  རྒྱུ་མཚན་ནི་ང་ཚོས་བོད་སྐད་ཡིག་སྟེང་ནས་རང་ཚོད་ཀྱིས་བགྲོ་གླེང་བྱེད་པ་ལས་ཁྱིམ་གྱི་ཡོད་ཚད་དང་རང་གི་རྒྱུ་ནོར་བཅས་རྒྱན་འཛུགས་བྱེད་རྒྱུ་མེད་པས་སོ།།
     གོང་གི་དེ་ཚོ་རྙོག་གཏམ་ཞིག་དང་འབྲེལ་མེད་ལྟ་བུ་ཞིག་ཆགས་སོང་། ད་ནི་བརྗོད་བྱ་དངོས་དེ་གླེང་འདོད་བྱུང་། དྲ་ཐོག་གི་བརྩེ་དུངས་ནི་རྒྱ་མཚོ་བཞིན་དུ་མཐའ་མེད་ལརི་རབ་བཞིན་དུ་གཏིང་ཟབ་སྟེ། དྲ་ཞུགས་རྩོམ་པ་པོ་དང་ཀློག་པ་པོའི་བར་དུ་འབྲལ་མི་ཐུབ་པའི་བརྩེ་དུངས་ཤིག་གིས་དུས་ཚོད་གང་ཡོད་ལ་དྲ་ཁང་ནང་དུ་་ཡོང་སྟེ་དྲ་སྟེང་གི་གནས་ཚུལ་དང་བཅས་ལ་རྒྱུས་ལོན་བྱེད་ངེས་ཡིན། གཙོ་བོ་ངས་རང་ཉིད་ཀྱི་ཉམས་མྱོང་གཞི་ལ་བཞག་ནས་དྲ་གྲོགས་སྤྱིའི་འདུ་ཤེས་གླེང་གིན་ཡོད།  དཔེར་ན། ལོ་གསུམ་གྱི་སྔོན་ནས་ཁོ་བོ་དྲ་ཚིགས་སུ་ཞུགས་ཤིང་དེའི་རྗེས་ངྷ་རམ་སར་བོད་ཀྱི་རྩོམ་པ་པོའི་ཚོགས་འདུ་ཞིག་ལ་སོང་བ་ཡིན། སྐབས་དེར་རྩོམ་པ་པོ་རྒན་པ་དང་གསར་རྩོམ་གྱིི་ལམ་ཁུར་ཞུགས་པའི་མི་སྣ་མང་བོ་ཞིག་འཛོམས་འདུག་ལ། ལྷག་པར་མཁས་དབང་འབོད་པའི་སྐྱེས་བུ་འགའ་རེ་ཡང་ཕེབས་འདུག  ཕན་ཚུན་གྱི་ངོ་གདོང་མཐོང་མ་མྱོང་ཡང་སྐེ་ལ་བཏགས་པའི་ངོ་སྤྲོད་དཔང་རྟགས་ལས་ཕན་ཚུན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ལ་དགའ་དགའ་དུང་དུང་བྱེད་བཞིན་འདུག  ལྷག་པར་ཁོ་བོ་ལྟ་བུའི་ཤེས་དམན་པ་ཞིག་ལ་ཡང་རྩོམ་པ་པོ་རྒན་པ་དང་སློབ་མ་སོགས་ཀྱིས་ངོ་ཤེས་ཤེས་དང་བརྩེ་བ་ཟབ་མོ་ཡོོད་ཡོད་ཅིག་བསྟན་པ་དེས་ང་དྲ་ཚིགས་དང་ཟིན་བྲིས་ལ་དུང་ཞེན་ཆེ་རུ་བཏང་བྱུང་། འཚོགས་འདུ་གྲོལ་སྐབས་སུ་ཇ་ཁང་དང་ཆུ་མངར་མོ་འཐུང་ས་རེ་ནས་རང་ཉིད་ཀྱིས་བསམ་ཚུལ་དག་བརྗོད་པ་དང་། དགོང་མོ་རང་མོས་བགྲོ་གླེང་སྐབས་སུ་རང་འདོད་ཀྱི་སེམས་གཏམ་རེ་བཞིན་པ་དེ་ནི་འདོད་ལྡན་སྐྱེས་བུ་དར་མ་ཞིག་ཆེས་མཛེས་ཤིང་ལྟ་ན་སྡུག་པའི་བུ་མོ་ཞིག་དང་ལྷན་དུ་ཐེངས་ཤིག་ཉལ་བས་བདེ་བ་ལྟ་བུ་ཞིག་རེད། དེ་ལྟར་ཕན་ཚུན་ལ་འདྲིས་ཤིང་དུང་བ་ཟབ་པ་དང་། གྱེས་ཁར་གློག་འཕྲིན་ཁ་བྱང་དང་ལག་འཕྲིན་ཁ་པར་ཨང་གྲངས་སོགས་སྤྲོད་དེ་ལག་འཇུ་བྱས་པ་ནི་ན་ཚོད་སྨིན་པའི་བུ་དང་བུ་མོ་ཞིག་གི་བརྩེ་བ་ལས་ཀྱང་ལྷག་པ་རེད་བསམ་བྱུང་།  དེའི་རྗེས་གནས་སྐོར་བྱེད་དུ་སོང་བ་དང་གསུང་ཆོས་ཤིག་གི་སྐབས་སུ་ཡང་དྲ་གྲོགས་མང་བོ་ཞིག་དང་འཕྲད་སོང་། དེ་ནི་ས་མིང་གྲགས་ཅན་དང་གནས་བྱིན་རླབས་ཅན་རྡོ་རྗེ་གདན་རེད། སྐབས་དེར་དྲ་གྲོགས་མང་བོ་ཞིག་དང་ལྷན་དུ་གླེང་མོལ་བྱས་པ་ཡིན། ལྷག་པར་མཐོ་སློབ་ཁག་གི་སློབ་མ་ཁག་ཅིག་དང་འཕྲད་སོང་ལ། ཕན་ཚུན་ལ་ངོ་སྤྲོད་རེ་བྱས་རྗེས་སུ་ཟ་ཁང་ཞིག་ཏུ་སོང་སྟེ་ལྷོད་ལ་བབས་ནས་ཁ་བརྡ་ཞིག་བྱས་ཡིན། ད་དུང་ཁ་གྱེས་ཁར་ཕན་ཚུན་ལ་ལེགས་སྐྱེས་སུ་དཔེ་དེབ་རེ་སྤྲད་པ་ནི་ཇེ་འདྲའི་རིན་ཅན་ཞིག་དང་ལུགས་སྲོལ་བཟང་བོ་ཞིག་རེད།དེ་ནས་ཁ་སང་ཟླ་གཅིག་སྔོན་ཁོ་བོ་འཇང་དགུན་ཆོས་ལ་སོང་བ་ཡིན། སྐབས་དེར་དྲ་གྲོགས་འགའ་རེས་བསྟུན་མར་ཟ་མ་དང་མགྲོན་འབོད་བྱས་པ་དེས་ཀྱང་དྲ་གྲོགས་ཀྱི་བརྩེ་བ་མཚོན་ཐུབ། ལྷག་པར་ཁོ་བོས་ད་སྔ་ཡན་རྩོམ་རྙོག་རེ་བསྐུར་སའི་རྩོམ་སྒྲིག་པ་དང་གསར་འགོད་པ་འགའ་རེས་སྙིང་ཉེ་ཉེའི་སྐད་ཆ་དང་ཟ་མ་ཞིབ་མོ་རེ་སྤྲད་པ་དེ་ཚོ་ད་ལྟ་ཡང་སེམས་ངོགས་སུ་ལྷག་འདུག  ད་ནི་ས་ཆ་གང་དུ་སོང་ན་དྲ་གྲོགས་ཟེར་བའི་སྤུན་གྲོགས་དངོས་གནས་ལྟ་བུ་རེ་ཡོད་བསམ་དུས་དགའ་སྣང་ལྷག་མ་ཞིག་རང་བཞིན་གྱིས་སྐྱེས་ཡོང་གི   དྲ་གྲོགས་ཀྱི་བརྩེ་དུངས་ནི་རྣམ་དག་ཅིག་ཡིན་ཏེ། གཅིག་ལ་འགྲོགས་ན་གཅིག་ལ་ཕོག་མི་འགྲོ་བ་དང་། གཅིག་བརྒྱུད་ནས་མང་བོ་ཞིག་ངོ་ཤེས་སུ་གྱུར་འགྲོ། དེ་མིན་བུ་དང་བུ་མོའི་བར་དུ་ཆགས་པའི་བརྩེ་དུངས་ལ་རྙོག་འཛིང་ཆེ་ལ་ཕྲག་དོག་མང་བ་ཀུན་གྱིས་ཤེས་སླ་བས་ཁོ་བོས་གླེང་བར་མི་འོས་སོ།།  གལ་སྲིད་དུས་སྐབས་ཡག་པོ་ཞིག་བྱུང་ནས་ཕྲན་ཕ་ཡུལ་དུ་འབྱོར་ན། བློ་ཐག་ཉེ་བ་དང་དུང་བ་ཟབ་པའི་དྲ་གྲོགས་གང་མང་ཞིག་ཡོད་པ་སྨོས་ཅི་དགོས། དེ་འདྲ་བསམ་དུས་ང་དྲ་ཚིགས་སུ་ཡོང་འདོད་ཉིན་རེ་ནས་ཉིན་རེ་ཇེ་ཆེ་རེད། ད་ནི་དུས་ཚོད་གང་ཡོད་ལ་དྲ་ཚིགས་སུ་ཡོང་ནས་ཁ་འཐོར་སྣ་འཐོར་སོང་བའི་བོད་རིགས་སྤུན་ཟླ་ཚོ་ལ་ཁ་བརྡ་བྱེད་རྒྱུ་དང་གནས་ཚུལ་རྒྱུས་ལོན་གྱི་ཕྱོགས་སུ་འབད་རྒྱུ་ཡིན། ངས་བྱ་བ་དེ་ཡག་པོ་ཞིག་ཏུ་ངོས་འཛིན་བྱས་ཡོད་ཀྱང་མི་དགའ་ནི་མང་བོ་ཞིག་ཡོད་མོད་ཀྱང་དེ་ཚོ་ལ་རང་བཞིན་གྱིས་ཁྱི་ཁ་ཚུམས་ལབ་ནི་ཡིན། འཇང་དགུན་ཆོས་ལ་སོང་ནས་ཟླ་གཅིག་འགོར་བའི་རྗེས་རང་ཤག་ཏུ་འབྱོར་ནས་དྲ་གྲོགས་ཚོ་ལ་ང་ཐོན་ཡོད་ཅེས་པའི་བརྡ་ཙམ་དུ་༢༠༡༡་ལོའི་ཟླ་༠༡་ཚེས་༠༡་ཉིན་བྲིས་པའོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲ་ཐོག་གི་བརྩེ་དུངས།

2011-01-05 ཨ་རིག་དགེ་མཐོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།