ཕྱེ་ཡི་རྐོང་བུ།

དམེ་ཤུལ་རྣམ་ཐར་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-12

                                                                         ༡
       ལོ་ངོ་མང་པོ་ཞིག་འདས་སོང་རུང་ངས་ཕྱེ་ཡི་རྐོང་བུ་དེ་ཡང་ཡང་དྲན་ཡོང་།  ད་དུང་ཡང་མཆོད་མེ་རྐོང་བུ་འགའ་བོ་དེ་མཚར་སྡུག་སྟོང་གི་དྲན་ཡིད་ན་གསལ་གྱི་ལེར། བྱིས་དུས་ཀྱི་དགོད་སྒྲས་བཏེགས་པའི་གནམ་འོག་ནས་རྟག་བརྟན་གྱི་རྣམ་ཤེས་ཤིག་ལ་ཨ་མས་དད་སེམས་ཀྱིས་ལས་ནས་བསྒྲོན་མྱོང་བའི་ཕྱེ་ཡི་རྐོང་བུ་དེ་དྲན་ཡོང་།འཁང་ར་དང་སྡུག་ཡུས་མེད་པའི་བྱིས་དུས་ནི་ནམ་ཡང་ཕྱེ་ཡི་མཆོད་མེ་རྐོང་བུ་འདི་བཞིན་འོད་ཆེམ་ཆེམ་དུ་བསྒྲོན་ཡོད་པས། ནམ་མཁའ་བཞིན་དཀྱེལ་ཡངས་པའི་རྩྭ་ཐང་སྟེང་གི་སྦྲ་ནག་དེ་འོད་ཀྱི་འཇིག་རྟེན་ཡིན། ཞི་འཇམ་དང་ལྷིང་འཇགས་ཀློང་ན་གཟིམ་པའི་རྩྭ་ཐང་དེ་ཡང་རྐང་གླིང་ལས་བརྡོལ་བའི་གདོད་མའི་རོལ་དབྱངས་ཀྱི་འགྱུར་ཁུགས་བཞིན་འཁྱིལ།དེ་དུས་གཏན་དུ་འགྱིང་བའི་རྒྱབ་རི་སྨུག་པོ་དེ་འགྱེལ་སོང་རུང་། ངས་དེ་ལ་གནའ་གཏམ་འབའ་ཞིག་གིས་འགྲེལ་བརྗོད་བྱེད་ངེས་ལ། 
       མེ་ཏོག་འཐུ་རོགས་ཚོ་དང་འབྲེལ་བ་མེད་པའི་ཆུ་བོ་དེ་ཟད་སོང་རུང་། བདག་ལ་འཚེར་སྣང་ཅི་ཡང་ཡོད་མི་སྲིད།ནམ་མཁའི་སྐར་མ་བཏོགས་ནས་ང་ལ་བྱིན་མྱོངས་བའི་ཡུམ་ཆེན་གྱིས་རི་བོང་ཁ་ཤོ་ཁྱོད་གཉིས་གྲོགས་པོ་ཡིན་ཟེར་བས་ཡིན།དེ་དུས། ཨ་མས་མིག་ཟུང་བཙུམས་ནས་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ་ཟེར་བ་དེ་ཡང་། ཕྱེ་ཡི་རྐོང་བུ་འདི་དག་དང་འབྲེལ་བ་གཏན་ནས་མེད་པའི་ལྐོག་གྱུར་གྱི་འཇིག་རྟེན་ཞིག་ཏུ་བསམས་མྱོང་།  

                                                                   ༢
      ཨ་ཕས་སྐུ་འབུམ་ནས་ཉོས་ཡོང་བའི་ཟངས་ཀྱི་རྐོང་བུ་བདུན་ཚར་དེའི་ཞལ་ཁ་གསེར་མདོག་གི་འབྲི་མར་གྱིས་ཕྱེ་དུས། སྦྲ་ནག་ཁྲི་སྡེ་ཡི་གཏམ་རྒྱུད་ཀྱང་ལོ་ཟླ་གང་མང་ཞིག་གི་མུན་ནག་དང་རྒས་གཉེར་གྱི་ལྟེབས་བརྩེགས་ལ་གཅིལ་ནས་ཁང་མིག་ཆུང་ཆུང་ཞིག་ཏུ་གྲུབ་འདུགདེ་དུས་ཨ་མའི་གནའ་གཏམ་ཇེ་ཉུང་རེད་ལ་ཨ་ཕས་གནའ་བཤད་ཀྱང་ཡུན་གྱིས་ཆད་སོང་། ནར་སོན་གྱི་ལོ་ཟླ་ནི་འཇའ་ཚོན་འཛིན་པར་ཆས་པའི་མཚར་འཛིན་གྱི་བློ་དེ་འདྲ་མ་ཡིན་པར་དྭངས་གཙང་གི་ཁ་དོག་རིང་ནས་ཡལ་ཟིན། གཤོག་པ་ཐོགས་པའི་སྤྲིན་དཀར་འགྱུར་བག་གིས་མགོ་ཐོག་ནས་ལྡིང་ལ། དར་ཁ་བསྒྲིགས་པའི་ཆུ་མོས་ཀྱང་དབང་ཤེས་ཀྱི་ཉ་མོ་བཙོན་ལ་བཅུག་སོང་། རི་རབ་དང་ནམ་མཁས་འཁུན་སྒྲ་འབྱིན་བཞིན་ན་ཟུག་གི་ཧྲག་བར་ཕྱེས་དུས། པོ་ཏི་བཅུ་དགུ་འཁུར་བའི་སྣ་བོ་ཆེ་དེ་ཡང་ང་ཚོའི་དྲན་པའི་གྲུ་ག་གང་ཞིག་ན་འདར་སིག་སིགཡོད་ཚད་ལ་བསམ་གཞིག་གི་རུས་པའི་ལྷུ་ཚིགས་བསྒྲིགས་ནས་བོར་ཟིན་པ་མང་པོ་བཙལ་ན་བསམས་དུས་ང་ཚོས་རང་ཉིད་ཀྱང་བོར་ལ་ཉེ། འདི་དག་ནི་ཁོར་ཡུག་དང་གོམས་གཤིས་ཀྱིས་ང་ལ་བསྩལ་བའི་འདྲི་རྟགས་ཡིན།

                          ༣
     མི་རིང་བར་གྲོགས་པོ་རེ་འགས་ལོ་སྔོན་མ་དང་འདྲ་བར་བརྩེ་བ་དྲོན་མོ་ཡིག་རྡོག་ལ་བརྒྱུས་པའི་བརྡ་འཕྲིན་ཅིག་བསྐུར་ནས། ཡེ་ཤུ་མ་ཤུ་ཀའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་ཟེར་དུས། བྱ་རྒོད་ཀྱི་ཁྱུ་ཚོགས་སྐྱ་རེངས་ཀྱི་ཕག་ཏུ་ཡིབ་ནས་བོད་པའི་བླ་སྲོག་གི་གསོལ་སྟོན་མཐའ་མ་བཤམ་པའི་སྟ་གོན་བྱ་གི་ལོས་ཡོད་བསམ་ན།  ང་ཚོས་ཤེས་རབ་དང་སྙིང་རྗེའང་མཉམ་དུ་རླུང་ལ་བསྐུར་ངེས་ཨང་།དེ་དུས་མདོ་སྨད་ཙོང་ཁ་བཞིན་བདག་གི་སྨྲ་ལྕེ་ཀྱང་རྩ་བ་ནས་འགག་ངེས།ཐོ་རེངས་སྐར་ཆེན་གྱིས་ཁྲེལ་མིག་གིས་བལྟ་ཞོར་ཞེན་ཆགས་མེད་པར་ང་ཚོར་སྐྱེལ་མ་ཞུ་དུས། ང་ཚོའང་ཁ་ཆེམས་མེད་པར་ཉི་ཟླའི་མཐོ་ཚད་གཞལ་བའི་ལམ་སྣེ་དེར་ཆས་ཟིན། དེ་བས། སྨྲེ་ངག་དང་སྐྱོ་བས་དྲངས་བའི་ཁྱོད་ཉིད་འཚོལ་བའི་ལམ་ལ་ཆས་འགྲོ། ……
      ཨོ། ང་ལའང་རྨི་ལམ་རྡོག་གཅིག་འདུག་སྟེ། ནམ་ཞིག་ཨ་མས་ལས་པའི་ཕྱེ་ཡི་རྐོང་བུ་དེ་བཞིན་སྦྲ་ནག་ལྟ་བུའི་འཇིག་རྟེན་གཞན་ཞིག་ལ་འོད་སྣང་སྟེར་འདོད་པ་དེའོ།།
                                          རང་གི་འབྲི་དེབ་ལས་བཤུས་ནས་བཀོད།
 སྤྱི་ལོ༢༠༡༢ཟླ༡༢ཚེས༨ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱེ་ཡི་རྐོང་བུ།

2010-12-12 དམེ་ཤུལ་རྣམ་ཐར་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།