ལྷ་སའི་ཇ་ཁང་དང་ཟ་ཁང་འདི་དག

          ༼ནཱ་མ་ས་དྷི།༽
      ལྷ་སར་ནཱ་མ་ས་དྷི་ཟེར་བའི་ཟ་ཁང་གཉིས་ཡོད་ལ།  གཅིག་ནི་ལྷ་སའི་བར་སྐོར་ལྟག་རྒྱབ་ཅང་སུའུ་ལམ་གྱི་ཀན་ལྷོའི་དོན་གཅོད་ཁང་གི་མདུན་ཕྱོགས་སུ་རྨི་ཐར་བརྒྱ་ལྷག་ན་ཡོད་ལ།  ཅིག་ཤོས་དེ་རྡོ་སེང་གེའི་ལམ་དང་གཡུ་ཐོག་ལམ་གྱི་འདྲེས་མདོ་རུ་ཡོད།   ཟ་ཁང་དེའི་བཀོད་པར་བོད་ཀྱི་གནའ་བོའི་ཁང་བའི་ཁྱད་ཆོས་ཡོད་པ་མ་ཟད།  ར་བའི་མཐའ་བསྐོར་ཏེ་ཁང་བ་གྲུ་བཞིར་བརྒྱབ་ཡོད་ལ་ཉིས་ཐོག་གི་ཀླད་དུ་ད་དུང་ཇ་འཐུང་སའི་བསིལ་ལྡིང་བཟོས་ཡོད།   ཁང་བའི་ནང་གི་ཀ་བ་དང་གྱང་ངོས་སུ་བོད་ཀྱི་རྒྱན་རིས་དང༌།ཤིང་གིས་བཟོས་པའི་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་བཏོན་པའི་སྒོ་དང་སྒེའུ་ཁུང་ཆུང་ངུ་བཀལ་ཡོད་ལ།    གྲུ་ག་དང་གདུང་ལྕམ་དག་ཏུ་མདོག་སྣ་ཚོགས་ཀྱི་ཆུ་དར་བཀལ་ཡོད།   ཁང་བའི་ཀླད་ངོས་ལ་པ་ཏྲ་དང་གློག་ཏོག་སྣ་ཚོགས་ཀྱིས་བརྒྱན་པས།  བོད་ཁྱིམ་ངོ་མ་ཞིག་ཏུ་སླེབས་པའི་སྣང་བ་སྟེར།   ཟ་ཁང་དེའི་ཟས་ཐོ་རུ་བོད་ཟས་སྣ་ཚོགས་དང༌།  ནུབ་ཟས།  བལ་ཟས།   རྒྱ་ཟས།  རྒྱ་གར་གྱི་ཟས་སྣ་ཚོགས་ཡོད་པ་མ་ཟད།  སྐོམ་ཆུའི་རིགས་ཀྱང་ཧ་ཅང་མང༌།   དཔེར་ན་བོད་ཟས་ལ།   ཤ་མོག་མོག  ཆུར་ཞོག་མོག་མོག  ཤའི་བག་ལེབ།   ཤ་ཁུ།  རྩམ་ཁུ།   པོད་ཐུག  ལུག་ཤ་རྔོས་མ།  ཞོག་ཁོག་ཁ་ལིས་སོགས་དང༌།   ཕྱི་ཟས་ལའང༌།  ཨ་རུའི་རྩིབ་བྲ།  ཧྥ་རན་སའི་ཆུར་ལེབ།  དབྱི་ཐ་ལའི་ཐུག་པ།  ཞོན་ཡ་ལིས་ཤ་སྲེག་སོགས་མང་དུ་ཡོད་པ་མ་ཟད།   དེ་དག་གི་གོང་ཡང་ཧ་ཅང་བདེ་བོ་འདུག

    ༼ལྷ་སའི་ཐབ་ཚང༌།  གངས་ལྗོངས་ཟ་ཁང༌།༽ 
    ལྷ་སའི་ཐབ་ཚང་དང་གངས་ལྗོངས་ཟ་ཁང་གཉིས་ནི་སྦྱིན་བདག་བོད་པ་ཡིན་ལ།  རྒྱལ་སྤྱིའི་ཟ་མ་གཡོ་སྐོལ་བྱེད་པའི་ཟ་ཁང་བཟང་བོ་གཉིས་ཡིན།  དེ་གཉིས་ལྷ་སའི་བར་སྐོར་ལ་འགྲོ་སའི་བསྟན་རྒྱལ་གླིང་ལམ་ཟེར་བ་དེར་ཁ་གཏད་དུ་ཡོད།  དེ་ལསས་ཀྱང་གསལ་བོ་བཤད་ན་ལྷ་སའི་བར་སྐོར་ཀྱི་བོད་ལྗོངས་སྨན་རྩིས་ཁང་གི་སྒོ་བསྟེན་ཁང་གི་རྒྱབ་ལོགས་སུ་ཡོད།   ཟ་ཁང་དེ་གཉིས་སུ་ཕྱི་གླིང་བའི་མགྲོན་པོ་མང་ཙམ་དང་བོད་དང་རྒྱའི་མགྲོན་པོ་ཉུང་ཙམ་ཡིན་པར་སྣང་ནའང༌།  དེ་རུ་བོད་ཟས་ཀྱི་གོང་བདེ་བ་མ་ཟད།   ཕྱི་གླིང་བའི་ཟ་མའི་གོང་ཡང་བབ་ཆགས་པོ་ཡིན་ཏེ།  དཔེར་ན།   ལྷ་སའི་ཐབ་ཚང་གི་ངང་ལག་བག་ལེབ་གཅིག་ལ་སྒོར་༦ཙམ་དང་ཇ་ཕོར་བ་གང་ལ་སྒོར་༥ཙམ་ཡིན་པས།  དེ་གཉིས་ཀྱིས་མི་ལྟོ་བ་འབྲིང་ཙམ་ཞིག་གི་ཕོ་བ་འགྲང་ཐུབ།  ད་དུང་གངས་ལྗོངས་ཟ་ཁང་དུ་ཞོའི་ཁེ་ཁི་གཅིག་ལ་སྒོར་༦གིས་ཆོག་པས་མི་འབྱོར་བ་ཞན་ཙམ་ཡོད་པ་དག་གི་ཆ་རྐྱེན་དང་ཧ་ཅང་འཚམ་པོ་ཡོད།   ཟ་ཁང་དེ་གཉིས་ཀྱི་གྱང་ངོས་སུ་བོད་པའི་དེང་རབས་རི་མོ་བ་དག་གིས་བྲིས་ལ་བརྗོད་བྱ་བོད་པའི་འཚོ་བ་ཡིན་པའི་སྣུམ་ཚོན་རི་མོ་དང་དཔར་རིས་བརྩམས་ཆོས་མང་ཙམ་བཀལ་ཡོད་པ་མ་ཟད།   དེ་རུ་ལས་ཀ་བྱེད་པའི་བོད་མོ་ཚོས་བོད་སྐད་རྐྱང་རྐྱང་བཤད་པས་མགྲོན་པོ་ཚོའི་སྣང་བ་སྤྲོ་བོ་ཡོང་ཐུབ།  
      ཟ་ཁང་དེ་དག་ལ་ཁྱད་ཆོས་ཤིག་ཡོད་པ་ནི།    ནང་ལོགས་ཀྱི་མེ་ཁོག་ཟ་མ་ལྟར་ཟ་ཁང་གི་ནང་ཧྲིལ་བོར་ཚལ་རིགས་དང་ཤའི་དྲི་མས་ཁྱབ་ཏེ་རང་གི་གོན་པ་དག་ལའང་ཟས་དྲི་བྲོ་མི་སྲིད་ལ།   དེ་རུ་ཨ་རག་དཀར་པོ་འཐུང་པའི་ཟི་ཁྲོན་གྱི་རྒྱ་མི་ལྟར་ཁྱོད་རྒྱལ་ང་ཕམ་གྱི་འཛུབ་མོའི་རིགས་འཕྲུལ་གྱིས་མི་ཞིག་གི་ངོ་གདོང་དང་སྐེ་དམར་བོར་གྱུར་ནས་སྐད་མཐོན་པོས་འཛིང་ཀ་བཀྱེད་པ་དེའང་མེད་པར།  རང་རང་ས་ནས་ཟ་མ་ཟོས་རྗེས་ལོག་འགྲོ་བའི་གོམས་སྲོལ་བཟང་བོ་དང༌།   ཁྱོད་རང་དཔེ་ཆར་བལྟ་བར་དགའ་ན་མི་གཞན་པས"ག་རེ།  ཁྱོད་ཀྱིས་ཅི་ཞིག་བལྟ་བཞིན་ཡོད།"ཞེས་མདུན་གྱི་དེབ་དེ་འཕྲོག་འགྲོ་བའི་སྣང་བ་དེའང་ཡོད་མི་སྲིད།   གལ་ཏེ་ཁྱོད་ལ་ལག་དེབ་རྩིས་འཁོར་ཡོད་ན།  དེ་རུ་སྐུད་མེད་དྲ་བ་གང་འདོད་དུ་བཀོལ་ཆོག་པ་མ་ཟད།  དུས་ཚོད་ཅི་ཙམ་ལ་བསྡད་ཀྱང་སྤྱིན་བདག་དང་ཞབས་ཞུ་མ་ཚོའི་རྣམ་འགྱུར་ནི་རྩིས་མ་རྒྱབ་གོང་དང་གཅིག་འདྲ་རེད།  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སའི་ཇ་ཁང་དང་ཟ་ཁང་འདི་དག

2010-11-09 ཨ་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།