ཁྱོད། སྨད་འཚོང་མར་ཨེ་དོ།

ཚེ་དབང་རྣམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-12

                                                        ༡
         སྨད་འཚོང་མ་ཏག་ཏག་སྨད་འཚོང་མ་ཡིན་པས།  རླབས་ཆེན་ཏུ་བརྩིས་ན་རེད།
                                                     ༢
       གློག་དམར་བོ་དེ་སྨད་འཚོང་མའི་གཡོ་འཛུམ་བཞིན་འཚེར་ཡང་། སྨག་སྟུག་པོ་དེ་སྨད་འཚོང་མའི་སྒོར་མོ་བཞིན་མཐུག  མུན་པ་ཆེས་ནག་དུས་ཀྱི་མཚན་གུང་རེ་རེར།  འཇིག་རྟེན་ན་འོད་སྣང་ཞིག་ཡོད་ས་ནི་ཏག་ཏག་སྨད་འཚོང་མའི་སྒོ་འགྲམ་ཡིན་ལ། ལྷགས་རླུང་ཆེས་རྒོད་དུས་ཀྱི་མཚན་གུང་རེ་རེར།   འཇིག་རྟེན་འདིར་ཆེས་དྲོད་ཁོལ་འཛོམས་སའང་སྨད་འཚོང་མའི་ཤག་ཆུང་རེད། སྨད་འཚོང་མས་ཆེས་ལྕི་བའི་མུན་ནག་གི་ཉལ་གོས་དེ་གོན་ནས། འཇིག་རྟེན་འདིའི་འདོད་ཆགས་ཡོད་ཚད་འཁུར་ཡོད་ལ། འཁོར་བ་འདིའི་སྐྱོ་སྡུག་མ་ལུས་བསྒོམས་ཡོད།  མུན་སྨག་མཐུག་ས་ནས།  སྨད་འཚོང་མ་བྱིས་པ་ལྟ་བུའི་སྐྱེས་པ་ཚོའི་ཡུམ་ཆེན་རེད་ལ།  གྲང་ངར་རྩུབ་ས་ནས།   སྨད་འཚོང་མ་བརྩེ་དུང་འཚོལ་མཁན་ཚོའི་མཐའ་མའི་གནས་མལ་རེད།
                                               ༣
     ཡོད་ཚད་ཁེར་རྐྱང་གིས་བགམས་ཚར་ལ།  ཐམས་ཅད་མུན་སྨག་གིས་མིད་ཚར་བའི་མཚན་ལྗོངས་རེར།  འཇིག་རྟེན་འདིར་ཆེས་རང་དབང་གི་མི་ནི་སྨད་འཚོང་མ་དང་ཁོ་མོའི་སྐུ་མགྲོན་ཚོ་རེད། སྨད་འཚོང་མའི་ཐུ་འོག་ནས་འདོད་ཆགས་ཀྱི་ཆུ་འཁོལ་གདུ་ཐེངས་རེ་ནི།  ཁོ་ཚོས་སེམས་གཏིང་གི་ཨག་རྒྱངས་དངོས་མ་དེ་སྒོར་ཕུད་ཐེངས་རེ་ཡིན་ལ། སྨད་འཚོང་མའི་ཁ་ནས་བརྩེ་དུང་གི་ཁ་གཡང་འབོད་ཐེངས་རེ་ནི།  ཁོ་ཚོས་དཔའ་སྤོབས་ཀྱི་དར་ཤིང་ཀེར་དུ་སློང་ཐེངས་རེ་ཡིན།
                                              ༤
       བུད་མེད་ཚོའི་ཁྲོད་དུ།   སྨད་འཚོང་མ་ད་གཟོད་བུད་མེད་དངོས་མ་ཞིག་རེད་ལ།  དོ་དགོང་གི་མིའི་རིགས་ཀྱི་ཁྲོད་ནས།  སྨད་འཚོང་མ་ད་གཟོད་ཆེས་རླབས་ཆེན་གྱི་མི་དེ་རེད།
སྨད་འཚོང་མའི་འཇིག་རྟེན་དུ།  སྐྱེས་པ་ཚོའི་བརྩེ་དུང་ད་གཟོད་རང་དབང་ཡིན་ལ།  སྨད་འཚོང་མའི་མདུན་དུ། སྐྱེས་པ་ཚོ་ད་གཟོད་རྒན་གཞོན་མཐོ་དམའ་མེད་པར་འདྲ་མཉམ་ཡིན།  ཏག་ཏག་སྨད་འཚོང་གི་དུས་མཚམས་འདིར། སྐྱེས་པ་ཚོ་ད་གཟོད་ཤོག་སྒོར་གྱི་བྲན་ལས་ཐར་ཞིང་གསར་ཚུགས་སྤྱོམ་བཞིན་ཡོད།
སྨག་ནག་ས་འདི་རུ།  ཏག་ཏག་སྨད་འཚོང་མ་གཅིག་པུ་དྲང་བདེན་གཉན་པོ་ཞིག་དང་།  འདྲ་མཉམ་བཙན་པོ་ཞིག  བརྩེ་དུང་ཟབ་མོ་ཞིག་བདག་པོ་དེ་རེད། 
                                          ༥
        སྨད་འཚོང་མས་འཚོང་བཞིན་པ་ནི་ལུས་ཏག་ཏག་རེད་ལ།   དེ་བས་ཀྱང་ལུས་པོའི་སྨད་ཀྱི་ཆ་ཙམ་རེད། སྨད་འཚོང་མས་ཁྱོད་ལ་བརྩེ་དུང་ངོ་མ་ཞིག་བཙོངས་མྱོང་མེད་ལ། ཁྱོས་ཀྱང་སྨད་འཚོང་མའི་བརྩེ་དུང་ངོ་མ་ཞིག་ཉོ་ཐུབ་མེད།  དེ་བཞིན་རྡོ་ཁང་གྲུ་བཞི་དེའི་མངའ་ཁོངས། མལ་ཁྲི་གྲལ་དག་དེའི་དྲོད་ཁོལ། སྒོ་གློག་དམར་པོ་དེའི་དཀར་ངོགས། ཡོད་ཚད་སྒྱུ་མ་ཙམ། ཐམས་ཅད་རྨི་ལམ་ཙམ།  ཁྱོད་ལ་ཐོབ་མྱོང་ཡོད་པ་ལས་དབང་མྱོང་མེད།  ཁྱོད་རང་ཆགས་མྱོང་ཡོད་པ་ལས་འཁྱེར་ཐུབ་མེད།  རྒྱུ་མཚན། དེ་ནི་ཏག་ཏག་སྨད་འཚོང་མས་དབང་བསྒྱུར་བའི་སྨད་འཚོང་གི་རྒྱལ་ཁམས་དེ་རེད། དེ་རུ་སྨད་འཚོང་མ་གཅིག་པུས་རང་བདག་བྱས་ཡོད་ལ།  སྨད་འཚོང་རྐྱང་རྐྱང་གིས་ཁ་ལོ་སྒྱུར་བཞིན་ཡོད།
དེ་རུ་སྨད་འཚོང་མ་གནམ་ཡིན།  དེ་རུ་སྨད་འཚོང་མ་ཐོག་ཡིན། གསར་བུ་མདོ་མེད་ཅིག་ལ་རིན་མེད་དུ་བརྩེ་ཞིང་དཔོན་པོ་རྒྱུ་ཅན་ཞིག་ལ་མཐོང་ཆུང་གིས་གྱེས་ཀྱང་ཆོག   ཕོ་གསར་བསམ་མེད་ཅིག་ལ་ཅི་འདོད་ཀྱིས་སྤྱད་ནས་གསར་རྒོད་ཡ་མེད་ཅིག་ནི་གང་བྱུང་གིས་གཡུགས་ཀྱང་ཆོག   དབུལ་བོ་སྣོད་བཟེད་ཅིག་ལ་འདོད་ཆགས་ཀྱིས་རོལ་ཅིང་ཕྱུག་པོ་གཏེར་བདག་ཅིག་ལ་མིག་བལྟས་ཤིག་མ་བགྱིས་ཀྱང་ཁོ་མོ་ཚོའི་རང་དབང་རེད།  ཁོ་མོ་ཚའི་འདྲ་མཉམ་རེད།
                                            ༥
         འོན་ཏེ།  ང་ཚོས་འཚོང་བཞིན་པ་ནི་ལུས་ཡིན་པ་མ་ཟད། སེམས་ཀྱང་རེད།  སེམས་ཀྱི་བརྩེ་དུང་།  སེམས་ཀྱི་ལ་རྒྱ།  སེམས་ཀྱི་བསམ་བློ།  དེ་བས་ཀྱང་དྲང་བདེན་དང་འདྲ་མཉམ་སོགས།  བཙོང་མི་འོས་པ་མང་བོ་ཞིག་གཞི་ནས་བཙོངས་ཚར་བས། དུས་འདིར་ང་ཚོར་ཅི་ཞིག་ལྷག་ཡོད།  དུས་འདིར་ང་ཚོས་ཅི་ཞིག་རྙེད་ཡོད། སྨད་འཚོང་མའི་མདུན་དུ།  ང་ཚོ་ཇི་འདྲའི་ཉམ་ཆུང་ཨང་། ཉམ་ཆུང་། ང་ཚོིའི་ཁ་གཏད་དུ།  སྨད་འཚོང་མ་ཇི་འདྲའི་རླབས་ཆེ་ཨང་།  རླབས་ཆེ། སྨད་འཚོང་མའི་སྙིང་སྟོབས་ལ་སློབ་སྦྱོང་བྱ་འོས་ཤིང་། སྨད་འཚོང་མའི་རང་དབང་ལ་དེ་བས་ཀྱང་དད་པ་བྱ་འོས། དེ་བས།  མུན་ནག་ས་འདི་ནས།  སྨད་འཚོང་མའི་གློག་ངོགས་འཚོལ་བར་འགྲོ་ཞིང་།  སྨད་འཚོང་མའི་དྲོད་ཁོལ་མྱོང་བར་འགྲོ། དེ་བས་ཀྱང་།  སྨད་འཚོང་མའི་རང་དབང་ལ་རྩེ་བར་འགྲོ  སྨད་འཚོང་མའི་འདྲ་མཉམ་ལ་རོལ་བར་འགྲོ  སྨད་འཚོང་མའི་བདེན་ལུགས་ལ་སྤྱོད་པར་འགྲོ 
                                              ༧
   དཔའ་སྤོབས་ཀྱི་ལན་ཞིག་ལྡོན་དང་། ངའི་སྤུན་ཟླ། ཁྱོད།   སྨད་འཚོང་མར་ཨེ་དོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད། སྨད་འཚོང་མར་ཨེ་དོ།

2010-09-12 ཚེ་དབང་རྣམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།