ཁྲག (ཞར་བཀོད་གཅིག་ཡོད)

        དེ་ནས་བཟུང༌།སྙིང་གཏམ་དྲོན་མོ་ཞིག་དྲན་གསོའི་ཡུལ་ལ་བཞག
        ཁྲག་རྒྱུན་དངས་མོ་ཞིག་འདང་བརྩེའི་བྲང་ལ་བཞུར།
       རུས་པ་སྲ་མོ་ཞིག་དམ་བཅའི་ཡིད་ལ་བརྡབ།

        ཁྲག   རླབས་མེད་པའི་ལོརྒྱུས་ཀྱི་བཞུར་རྒྱུན་རིང་མོ་དང༌།སྒྲ་མེད་པའི་རྣམ་ཤེས་ཀྱི་ཟུངས་ཁྲག་དྲོན་མོ་རེད།    དེའི་རྐྱེན་པས།ཁྲག་ནི་སྐྱེ་འཆི་དང་མངོན་ལྐོག་གང་རུང་གི་ཁྲག་རེད།
       འཇིག་རྟེན་འདི།  ཁྲག་གི་འཇིག་རྟེནརེད།
       བརྩེ་དུང་དང་སྒྱུ་འཕྲུལ།རྒྱལ་ཕམ་དང་དགའ་སྐྱོ།ཡང་ན།ཉེ་རང་དང་ཆགས་སྡང༌།ཡོད་ཚད་རླབས་ཆེ་བའི་ཁྲག་གི་རོལ་མོ་དང་བཞུར་སྟངས་རེད།
       ཁྱོད་ལ་མཚོན་ན།དུངས་ཞེན་ཅིག་གིས།ཁྲག་ཐིགས་རེརེ་ནི་སྙན་ཚིག་རེ་རེ་ཡིན་ལ།ཁྲག་ཐིགས་རེ་རེ་ནི་སྤོབས་པ་དང་ཞེ་སྡང་རེད་ཨང༌།
      འཇིག་རྟེནའདིར།ཁྲག་ཡོད་པས་ཧམ་སེམས་དང་དབུལ་ཕོངས་ཡོད་ཅིང༌།
      འཇིག་རྟེནའདིར།ཁྲག་ཡོད་པས་མངའ་ཐང་དང་ལྟ་བ་མང༌།
     འཆར་སྒོ་རེ་རེའི་སྣེ་མོ་ནས་སེམས་ཀྱི་རྩིག་ལྡེབས་ངོས་སུ་རོལ་དབྱངས་ཀྱི་རྨ་ཁ་རེ་རེ་འབབ་དུས།   ཁྲག་ནི་བྱི་དོར་དང་སྒྱུ་རྩལ་ལྡན་པའི་སུ་ཞིག་གི་ཕོ་བྲང་གི་རྔམ་བརྗིད་འདེགས་པའི་ཉི་འོད་བཞིན། སྨོན་ལམ་གྱི་སྙིམ་པད་དྲོན་མོ་ན་གཟེར་དང་སྙིང་སྟོབས་ཀྱིས་འབར་བའི་བདེན་ལུགས་གང་རུང་གི་ལྕེ་རེད།
     ཁྲག   ཚེ་སྲོག་གི་དཔལ་འབར་རེད།
     ཁྲག  གཟུགས་ཁམས་ཀྱི་བརླན་གཤེར་རེད།
     ཁྲག  སྙན་ངག་གི་མེ་དཔུང་རེད།
                                                       ༢༠༠༣ལོའི་ཟླ༥པའི་ཚེས་༥ལ་རེབ་གོང་དུ། 
                                                 རྨི་ལམ་རྒྱང་རིང་ན་ཡོད།
      ཁོ་ཚོས་ཅི་ཡང་དྲན་གྱིན་མེད་དེ།
མཛེས་སྡུག་གི་ནོར་འཁྲུལ་དེའི་རྐྱེན་པས། རྨི་ལམ་རྒྱང་རིང་ན་ཡོད།
      གསེར་མདོག་གི་སྟོན་མཇུག་དེར་འདབ་ཆགས་ཚོ་རྒྱང་རིང་དུ་འཕུར་རྗེས། སྡོང་ལོ་རེ་རེ་བཞིན་ཉམ་ཐག་གིས་ས་རུ་ཟགས་ཤིང༌།  སྤྲིན་པ་ཐར་ཐོར་ཀྱང་བྱང་ནས་ལྷོ་རུ་མཆེད། 
     རི་ཚོགས་མང་པོའི་བྲང་གཞུང་གི་ལྷ་་ཆེན་ལགས།  གསོག་གསོབ་དང་འགྲན་རྩོད་ཀྱི་དུས་རབས་འདིའི་ནང༌། ཅི་ཡང་མེད་པའི་སྲང་ལམ་གྱི་སྤྲང་བོ་དག་ལ་གནང་སྦྱིན་བགྱི་རོགས།
ཁོ་ཚོ་གདོད་མ་ནས་ཁྱེད་ཀྱི་སྒོ་འགྲམ་གྱི་སློང་མོ་བ་ཡིན།
    གཙང་པོ་ནི་རྒྱང་རིང་དུ་འཐེན་པའི་རྨི་ལམ་གྱི་ཤིང་ཟམ་དང༌།  གཡོར་གྲུ་ནི་རི་བོའི་ཕ་རོལ་དུ་ཆས་པའི་ཤིང་ཟམ་གྱི་འགྲུལ་བཞུད་ཡིན་པས། རྨི་ལམ་རྒྱང་རིང་དུ་ཡོད་པ། ཁོ་ཚོས་ནམ་ཡང་བརྗེད་ཐབས་མེད་པའི་མཐའ་མཇུག་གི་གསོལ་སྟོན་ཞིག་རེད།
    རྒྱུ་རྐྱེན་དེའི་དབང་གིས།  རྨི་ལམ་རྒྱང་རིང་ན་ཡོད།
    སུའང་ཁྲག་དྲོན་དམར་པོ་ལྟ་བུའི་ལྭ་བ་དེའི་ཐུ་འོག་ལས་ཐར་ཐབས་མེད་དེ། མཚན་མོ་རེ་རེར། ཁོ་ཚོ་རི་དྭགས་བཞིན་ཕྱོགས་ཤིང་བྱ་ལོང་བཞིན་འཕུར་བས། ལོ་ཟླ་ནི་འཚོ་བའི་ལྟག་རྒྱབ་ཀྱི་རྔོན་པ་རེད། ཁོ་ཚོ་རྨ་ཁ་གང་ཡང་མེད་པའི་སྨག་རུམ་གྱི་ན་ཟུག་ལས་ཐར་ཐབས་མེད་པའང་རྨི་ལམ་རྒྱང་རིང་ན་ཡོད་པའི་རྐྱེན།
    རྨི་ལམ་རྒྱང་རིང་ན་ཡོད་པས།  བྱ་ཚོགས་རྒྱང་རིང་དུ་འཕུར་་ཞིང༌།
   རྨི་ལམ་རྒྱང་རིང་ན་ཡོད་པས།  གངས་ཐང་འཁྱག་རླུང་གིས་བསྡམས།
   བསམ་གཞིགས་ཀྱི་མེ་དཔུང་རི་ལུང་དུ་འབར་དུས་ལོ་རྒྱུས་ཀྱི་སྙིང་ཀ་ཚ་བེར་བེར།
    རེ་ལྟོས་ཀྱི་མིག་ཞགས་མཚམས་སྤྲིན་བཞིན་འཕྱུར་དུས་ལས་དབང་གི་ངོ་གདོང་ནག་ཐོམ་ཐོམ།
    འབྱོར་ཕྱུག་དང་དབུལ་ཕོངས་ཀྱི། གདུག་རྩུབ་དང་ཕམ་ཉེས་ཀྱི། ཉམ་ཐག་གི་སློང་མོ་བ་ཚོ། དུར་ཁྲོད་ཀྱི་ཀེང་རུས་ལྟ་བུའི་སྐྱ་་ཐོམ་མེའི་གནམ་འོག་ན། སྐྱོ་ངལ་གྱིས་ལམ་ལ་ཆས་པའི་མཁའ་དབྱིངས་ཇི་འདྲའི་དོག་ཨང༌།
    ཀྱེ།  ཞི་བདེའི་སྒེའུ་ཁུང་བརྟོལ་བའི་ཕུག་རོན་དཀར་པོ་ཡ། ཅིའི་ཕྱིར། རྨི་ལམ་རྒྱང་རིང་ན་ཡོད།  འཁྱག་རླུང་བསྣམས་པའི་དུས་ཚིགས་ཀྱི་བསླུ་བྲིད་ཁྲོད། རྒྱང་རིང་གི་རྨི་ལམ་གསེར་མདོག་ཏུ་བསྒྱུར་བའི་གདེང་ཚོད་སུ་ལ་ཡོད།
    སེམས་པ་དམར་པོའི་མཆོད་སྟེགས་ཀྱི་ལྷ་ཆེན་ལགས།རྨི་ལམ་དེའིདབང་གིས།གནང་སྦྱིན་བགྱི་རོགས།གནང་སྦྱིན་བགྱི་རོགས།
   ཁོ་ཚོས་ཅི་ཡང་དྲན་གྱིན་མེད་དེ།
   མཛེས་སྡུག་གི་ནོར་འཁྲུལ་དེའི་རྐྱེན་པས།
    རྨི་ལམ་རྒྱང་རིང་ན་ཡོད།
                      ༢༠༠༣ལོའི་ཟླ་༥པའི་ཚེས་༡ལ་སྔོ་རྒྱའི་འགག་ཏུ།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲག (ཞར་བཀོད་གཅིག་ཡོད)

2010-09-10 ས་དཀྱིལ་ཚེ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།