9.11དོན་རྐྱེན་དང་ཁ་ཆེ་ཐལ་མཐའ་རིང་ལུགས་པ།

དགུ་རོང་སྤུན་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-14

   དེ་རིང་ནི 9.11 དོན་རྐྱེན་བྱུང་ནས་མི་ལོ་བཅུ་འགོར་བའི་ཉིན་མོ་རེད་ལ། ཨ་ལས་ཁ་ཏྲ་རྟེན་གཞི་ཚོགས་པས་བསམ་བཞིན་དུ་བསླངས་པའི་སྤྱི་དམངས་དམར་གསོད་བྱས་པའི་ཉིན་མོ་ཡང་རེད། ད་ལོའི་ལོ་འཁོར་བཅུ་བའི་ཉིན་མོ་འདི་ནི་ཨ་རིའི་རྒྱལ་དམངས་གཉིས་ལ་མཚོན་ན་ཆེས་བརྗེད་དཀའ་བའི་ཉིན་མོ་ཞིག་ཡིན་པ་རེད། ཡང་ཁོ་ཚོའི་སེམས་ནང་གི་གཏེ་བོར་གྱུར་པའི་འཇིགས་སྐུལ་ཚོགས་པ་དང་རྟེནགཞི་ཚོགས་པ་གཉིས་ལ་མཚོན་ནའང་འཁོན་འཛིན་གྱི་མེ་ལྕེ་དྲག་ཏུ་འཕྱུར་བྱེད་ཀྱི་མེ་སོན་ཞིག་ཀྱང་རེད། གང་ཡིན་ཞེ་ན། ད་ལོར་རྟེན་གཞི་ཚོགས་པའི་མགོ་གཙོ་བྷིན་ལ་ཏན་དམར་གསོད་བྱས་རྐྱེན་གྱིས། དེ་རིང་གི་ཉིན་མོ་འདི་ལ་ཨ་རིའི་གྲོང་ཁྱེར་ཆེན་པོ་བཞིའི་ནང་གི་མྱུར་བགྲོད་མེ་འཁོར་ནང་འགད་རྫས་བཞག་སྟེ་འགས་གཏོར་བྱེད་པའི་བྷིན་ལ་ཏན་གྱི་འཆར་བཀོད་ཀྱང་ཁོའི་བེམ་པོའི་མཉམ་དུ་རྒྱ་མཚོའི་ནང་དུ་ཐིམ་སོང་བ་རེད། དེར་བརྟེན། རྟེན་འཇིགས་ཚོགས་པ་གཉིས་ཀྱིས་བྷིན་ལ་ཏན་གྱི་དགོངས་པ་ལག་ལེན་དུ་བསྟར་བའི་ཕྱོགས་ལ་གོམ་པ་ཐུང་ལེན་བྱེད་ཀྱིན་ཡོད་པ་རེད།
   9.11དོན་རྐྱེན་བྱུང་རྗེས་ཤར་ནུབ་གཉིས་ཀྱི་གླིང་མཚམས་སུ་འཁོན་འཛིན་གྱི་གས་སྲུབས་ཆེན་པོ་ཞིག་བྱུང་སྟེ། དཀྱིལ་ཤར་ཡུལ་གྱི་ཁ་ཆེ་ཐལ་མཐའ་རིང་ལུགས་པ་དང་ཨ་རིའི་རྒྱལ་དམངས་གཉིས་ཀྱི་དབར་ལ་དགྲ་འཛིན་གྱི་འདུ་ཤེས་ཆེ་ནས་ཆེ་རུ་འགྱུར་གྱིན་ཡོད་པ་རེད། འདི་ནི་འཛམ་གླིང་འཁྲུག་ཆེན་གསུམ་པའི་ཉེར་བསྡོགས་ཀྱང་ཡིན་སྲིད། ཨ་རི་དང་ཁོའི་ཕྱོགས་མཐུན་རྒྱལ་ཁབ་དག་གིས་མི་ལོ་བཅུའི་རིང་ལ་རྟེན་འཇིགས་གཉིས་ཀྱི་ཚོགས་པ་རྩ་མེད་གཏོང་བའི་ཕྱོགས་ལ་དམག་ཤུགས་དང་དངུལ་ཤུགས་ཆེན་པོ་བཏང་ཡོད་ལ། དེའི་ཁྲོད་དུ་རང་གཞན་གཉིས་ལ་མི་ཤི་རྟ་འགྱེལ་གྱི་གོད་ཆག་ཀྱངཆེན་པོ་ཐེབས་ཡོད། ཨེས་རག་ནང་གི་དམག་འཁྲུག་སྐབས་རྐང་ལག་བཅད་པའི་ཨ་རིའི་དམག་མི930དང་། རྨས་སྐྱོན་བྱུང་བའི་དམག་ནི 3212དང་། འགས་ནད་བྱུང་བའི་དམག་མི5846 བཅས་ལ་བུད་འདུག ཨ་རིའི་རྒྱལ་མིང་འཁོད་པའི་མི4282 དང་། ཨ་རིའི་གསར་འགོད་པ5 བཅས་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། སྤྱི་ཡོངས་ཀྱིས་རྨས་སྐྱོན་ཕོག་པའི་མི30182ལ་བུད་ཡོད་པ་རེད། (2003-2009 བར་གྱི་རྩིས་ཐོ་གཞིར་བཞག་པ་ཡིན།)ཨས་རག་གི་སྤྱི་དམངས་དང་རྟེན་འཇིགས་གཉིས་ཀྱི་རྗེས་འབྲང་པ 150,000 ཤི་སོང་བ་དང་། དེའི་ནང་གི་བརྒྱ་ཆ་བརྒྱད་ཅུ་སྤྱི་དམངས་ཡིན་པ་རེད། (2003-2010བར་གྱི་རྩིས་ཐོ་གཞིར་བཞག་པ་ཡིན།)
  གང་ལྟར་དོན་རྐྱེན་དེ་ལ་བརྟེན་ནས་ཨབ་རྒན་དང་ཨས་རག་གི་དམག་འཁྲུག་བྱུང་ནས་ལོ་བཅུ་འགོར་ཡོད་པ་རེད། ལོ་བཅུའི་ནང་དུ་ཨབ་རྒན་གྱི་རྟེན་འཇིགས་ཚོགས་པ་གཉིས་མཐར་སྤྲད་དེ། ཁོ་ཚོ་ཨས་རག་དང་ཕ་ཁུ་སི་ཐན་གྱི་རྒྱལ་མཚམས་སུ་ཡིབ་སྦས་བྱེད་དགོས་བྱུང་བ་རེད། ཡིན་ནའང་། ཚོགས་པ་ཆུང་ཆུང་དེ་གཉིས་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་དང་འཐབ་ནས་མི་ལོ་བཅུ་འགྲོ་བཞིན་ཡོད་ལ། ད་དུང་ཁོ་ཚོའི་སྟོབས་ཤུགས་སྲ་མཁྲེགས་ཀྱི་ངོ་བོར་འགྱུར་གྱིན་ཡོད་པས། ཨབ་རྒན་སྲིད་གཞུང་དང་རྟེན་འཇིགས་ཚོགས་པ་བཅས་ཀྱི་དབར་དུ“ཞི་མོལ” ཞེས་པའི་སྐད་ཆ་སྙན་མོ་ཞིག་གྲག་མགོ་ཚུགས་ཡོད། ཨ་རིའི་ཕྱོགས་ནས་འཇིགས་སྐུལ་རིང་ལུགས་པ་རྩ་མེད་དུ་གཏོང་བའི་ཐབས་ཤེས་ཡོད་རྒུ་འདོན་བཞིན་ཡོད་ཀྱང་། འཇིགས་སྐུལ་ཚོགས་པའི་ཁོར་ཡུག་སྔར་ལས་ཆེ་རུ་འགྱུར་བཞིན་ཡོད། ཁོར་ཡུག་དེའི་མཐའ་རུ་ཁ་ཆེ་མི་དམངས་ཡོད་པས། ཨ་སྒོར་ཐེར་འབུམ་གྱི་འགྲོ་གྲོན་བཏང་ཡང་ཕན་ཐོགས་བྱུང་མེད། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨབ་རྒན་གྱི་ས་དབྱིབས་དང་མི་ཚོགས་འདུས་སྡོད་བྱེད་པའི་ཁོར་ཡུག་ལ་ཞིབ་འཇུག་བྱས་ཏེ་དམག་ཐབས་བརྒྱག་པ་ལས། ཨབ་རྒན་གྱི་མི་ཚེའི་རིན་ཐང་ལྟ་ཚུལ་ལ་ཞིབ་འཇུག་གཟབ་ནན་བྱས་མེད་པའི་ལྟ་ཚུལ་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་བཞིན་ཡོད།
  མི་རིགས་གང་ཞིག་ཡིན་རུང་དེའི་རིན་ཐང་ལྟ་ཚུལ་ལ་ཕོག་ཐུག་ཡེ་ནས་གཏོང་མི་རུང་བ་ཡིན་སྟབས། ཨབ་རྒན་དུ་ཨར་དམག་ཐོག་མར་སླེབས་སྐབས། ཁོ་ཚོས་རྟེན་འཇིགས་ཚོགས་མི་ཡིན་མིན་གྱི་དཀར་ནག་གི་དབྱེ་འབྱེད་མ་བྱས་པར་ཨབ་རྒན་གྱི་སྤྱི་དམངས་ལ་ཕོག་ཐུག་ཆེན་པོ་བཏང་། རིམ་བཞིན་རྟེན་འཇིགས་ཚོགས་པར་ཞལ་འདེབས་འབུལ་མཁན་མང་དུ་ཕྱིན་ཏེ་རྟེན་འཇིགས་ཚོགས་པ་གཉིས་ཀྱི་སྟོབས་ཤུགས་ཨ་རིའི་དམག་ཤུགས་ཀྱི་འགྲན་དུ་ལངས་ཐུབ་བྱུབ་བ་རེད། ཁ་ཆེ་སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་གལ་ཏེ་ཁོ་ཚོ་ཨ་རིའི་སྟོབས་ཤུགས་ལས་རྒྱལ་དགོས་ན། ཐོག་མར་ཁ་ཆེ་རྒྱལ་ཁབ་ཡུལ་གྱི་མི་གཅིག་སྲིད་དབང་སྒེར་གཅོད་པ་དང་ཁྱིམ་རྒྱུད་སྲིད་དབང་སྒེར་གཅོད་པ་མགོ་རྟིང་བསློགས་ནས། ཁ་ཆེ་མི་མང་གི་མངོན་འདོད་མཚོན་པའི་མི་མང་ལ་དབང་བའི་སྲིད་གཞུང་ཞིག་དགོས་པའི་ལྟ་བ་ཤུགས་གླེང་བྱས། དེའི་རྒྱུ་མཚན་ནི། གོང་དུ་གླེངས་པའི་སྒེར་གཅོད་སྲིད་གཞུང་ནི་དམག་ཤུགས་ཀྱིས་དབང་སྒྱུར་བྱེད་ཀྱིན་ཡོད་སྟབས། ཨ་རིའི་སྲིད་གཞུང་གིས་གོང་གི་སྒེར་གཅོད་དབང་འཛིན་པ་དག་ལ་ཨ་སྒོར་ཐེར་འབུམ་རེ་སྤྲད་དེ། ཡུལ་དེའི་མི་མང་རྣམས་དང་རྨོངས་དད་ཅན་གྱི་ཁ་ཆེ་བ་དག་རྟེན་འཇིགས་ཚོགས་པར་ཕྱོགས་སྐྱོད་བྱ་བར་ཚོད་འཛིན་བྱས་སུ་བཅུག་ཡོད་པས་རེད། དེ་བས། ཨེ་ཇིབ་ཏུ2003དང2004 ལོར་མི་གཅིག་དབང་སྤྱོད་རིང་ལུགས་མགོ་རྟིང་སློག་པའི་སྦྱོར་བ་བརྩམས་ཏེ། སྲིད་དོན་དཔྱད་བརྗོད་པ་ཨ་མན་ནོར་གྱིས་ཨེ་ཇིབ་ལ་ཁྲིམས་ཀྱིས་སྐྱོང་པའི་ལམ་ལུགས་དང་། རང་དབང་། དམངས་གཙོའི་ལམ་ལུགས་གཞིར་བྱས་པའི་སྲིད་ལུགས་དང་། ད་ལྟའི་དམག་ཤུགས་དབང་འཛིན་ཚོགས་པའི་ཁ་གཏད་དུ་དམངས་གཙོ་ཚོགས་པ་ཞིག་ངེས་པར་དུ་མཁོ་བའི་གཏམ་གྱི་མེ་ལྕེ་རྒོད་པོ་དྲག་ཏུ་འཕྱུར། ཡིན་ནའང་། སྐབས་དེར་ཨ་རིས་ཨས་རག་ལ་བཙན་འཛུལ་བྱེད་པའི་སྐབས་སུ་ཁེལ་ཡོད་པས། ཨ་རིས་ཨེ་ཇིབ་ཀྱི་སྲིད་དབང་ལ་འགྱུར་ལྡོག་བྱུང་སྟེ་ཟིང་ཟིང་དུ་གྱུར་ཚེ། ཨས་རག་ལ་བཙན་འཛུལ་བྱེད་པར་དཀའ་ལས་ཁག་པོ་ཡིན་པར་འདོད་དེ། ཨེ་ཇིབ་ཀྱི་དམག་ཤུགས་དབང་འཛིན་ཚོགས་པར་ཨ་སྒོར་དུང་ཕྱུར་མང་པོའི་ལྐོག་ངན་སྤྲད། གང་ཡིན་ཞེ་ན། ཨ་རི་ཨེ་ཇིབ་ཀྱི་དམག་ཤུགས་དབང་འཛིན་ཚོགས་པའི་རྒྱབ་རོགས་ལ་མ་བརྟེན་ན། ཨེ་ཇིབ་སྤྱི་དམངས་རྣམས་ཀྱིས་ཁ་ཆེ་ཆོས་ལུགས་ལ་དད་པ་ཤུགས་དྲག་པོ་བྱེད་པས་འཇིགས་སྐུལ་རིང་ལུགས་པའི་ཕྱོགས་སུ་ལང་པའི་ཉེན་ཁ་ཡོད་པ་རེད། དེར་བརྟེན་ཨ་རིས་ཐབས་ཤེས་ཟུང་དུ་སྦྲེལ་ཏེ་ཨེ་ཇིབ་ཀྱི་རང་དབང་ལས་འགུལ་ལ་གནོན་ཤུགས་སྤྲད་འདུག ཡིན་ནའང་། “2011 ལོའི་ཨེ་ཇིབ་ཀྱི་གསར་བརྗེའི་ལས་འགུལ”རྩོམ་སྐབས་ཨ་རིས་དངོས་ཤུགས་གང་རུང་ནས་རྒྱབ་རོགས་ཤུགས་ཆེན་མཛད། དེ་ཡང་ཨེ་ཇིབ་ནི་ཨེས་རན་ལྟ་བུར་མི་འགྱུར་བའི་སླད་དང་། དོན་གྱི་དམངས་གཙོའི་ལམ་དུ་འཁྲིད་པའི་སྦྱོར་བ་ཞིག་རེད།
  ཨེ་ཇིབ་དང་ཁྲོ་ནེའི་ཞིས་ཡ། ཡེས་མན། སོ་རེ་ཡ། ལེས་བྷས་ཡ་བཅས་སུ་རང་དབང་དམངས་གཙོའི་སྐད་འབོད་དང་ལས་འགུལ་སྤེལ་ཏེ། རྒྱལ་ཁའི་ཕྱོགས་སུ་སྐྱོད་ཀྱིན་འདུག་མོད། ཨེ་ཇིབ་ཀྱི་གསར་བརྗེའི་རྒྱལ་ཁ་དེ་དྲང་ལྡོག་གང་གི་ཕྱོགས་སུ་འགྲོ་བར་ཚོད་དཔག་བྱེད་དཀའ་བའི་གནས་སུ་གྱུར་འདུག ཨེ་ཇིབ་ཀྱི“མོ་སི་ལམ་ཕུ་ནུ་ཚོགས་པས” སྣེ་ཁྲིད་པའི་གསར་བརྗེ་ད་ལྟ་ཐལ་མཐར་ལྟུང་བའི་ཉེན་ཁ་སླེབས་ཡོད། ཁོ་ཚོའི་སྲིད་གཞུང་དེ་དབང་དབྱེ་སུམ་ཚིགས་ཅན་དུ་འགྲོ་ཐུབ་མིན་བཤད་ཁག་པོའི་གནས་སུ་ལྷུང་འདུག དེའི་གནད་ཀྱི་གཙོ་བོ་ནི། ཁོ་བ་ཚོའི་དམིགས་ཡུལ་གཙོ་བོ་ཁ་ཆེ་ཆོས་ལུགས་འཛམ་གླིང་ཅན་དུ་གཏོང་བ་ལས། འགྲོ་བ་མི་ཡོངས་ལ་ཁྱབ་པའི་རང་དབང་དང་། འདྲ་མཉམ། ཐོབ་ཐང་ལ་གཙི་འཇོག་གནང་སྟེ། སྤྱི་དམངས་ཚད་ལྡན་ཞིག་བཅའ་བའི་རེ་འདོད་བརྒྱ་ལམ་ཙམ་ན་རེ་གཉིས་ལས་ཟད་པས། ད་ལྟ་རྒྱལ་ཚོགས་གཙོས་པའི་ཨ་རིའི་སྲིད་གཞུང་སེམས་ཁྲལ་ལངས་ཏེ་ལེས་བྷེ་ཡའི་མ་འོངས་སྲིད་སྐྱོང་གི་ཁྲིམས་སྲོལ་ལ་དོ་སྣང་བྱེད་ཀྱིན་ཡོད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྒྲོག་གིན་ཡོད་ལ། ཨ་རི་ལ་སེམས་འཚབ་འཕར་མ་ཞིག་ཀྱང་འབྱུང་གིན་ཡོད། དེ་བས་ན། དཀྱིལ་ཤར་ཡུལ་གྱི་ད་ལྟའི་ལས་འགུལ་གྱི་ངོ་བོ་ཅི་འདྲ་ཞིག་ཏུ་འགྱུར་མིན་མི་ལོ་ལྔའི་རྗེས་སུ་མ་གཏོགས་གདེང་ཚོད་ཡོད་པ་ཞིག་བཤད་ཐུབ་ཀྱིན་ཡོད་ས་མ་རེད།
  ཨ་རིའི་ནང་དུ་ཁ་ཆེ་མི་གྲངས་བྱེ་བ་དྲུག་དང་ས་ཡ་གཉིས་ལ་སླེབས་ཡོད་པ་དང་2001ལོར་གསར་དུ་སྐྱེས་པའི་ཁ་ཆེའི་བྱིས་པའི་མིང་གི་གྲས་སུ་ཨོ་ས་མ་བཅུག་ཡོད་པ་བརྒྱ་ཆ36 ལ་སླེབས་ཡོད་པ་དང་། 2002-2009ལོའི་དབར་དུ་བརྒྱ་ཆ་55 ལ་ཐོན་ཡོད། དེ་ནི་ཨ་རིའི་སྲིད་གཞུང་གིས9.11དོན་རྐྱེན་རྗེས་ནས་ཨ་རིའི་ནང་གི་ཁ་ཆེ་བ་རྣམས་ལ་མི་སེར་གྱི་ཐོབ་ཐང་ལག་དེབ་སྤྲོད་པའི་ཁྲིམས་གཞི་ལ་བཅོས་སྒྱུར་བྱས་པས། ཁ་ཆེ་བ་མང་པོ་ཞིག་ལ་ཨ་རིའི་མི་སེར་གྱི་སྤ་སེ་ཐོབ་ཀྱིན་མེད་པའི་ན་ཟུག་ལ་རག་ལས་ཡོད་རབས་བརྗོད་ཀྱིན་འདུག ད་ཆ་ཨ་རིའི་སྲིད་གཞུང་ཆེས་ཡིད་རྟོན་བྱེད་དཀའ་བ་ཞིག་ནི་ཨ་རིའི་རྒྱལ་ནང་གི་ཁ་ཆེ་བ་རྣམས་ཡིན་པ་རེད། ཨ་རིའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་སྐབས། འཇིགས་སྐུལ་རིང་ལུགས་པས་དམག་འཐབ་རྒྱུན་སྐྱོང་རྒྱུ་ནི་གོ་སྐབས་ཆེན་པ་ཞིག་ཡིན་པར་མ་ཟད། རྒྱ་ནག་ཏུ་མཚོན་ན་ཡང་ཨ་རིའི་ཁ་གཏད་དུ་ལང་བར་གོ་སྐབས་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།
   གང་ལྟར། དམངས་གཙོའི་སྲིད་ལུགས་ཀྱིས་ཆོས་ལུགས་ལ་གོ་ཐོབ་ཆེན་པོ་སྤྲད་ཡོད་ཀྱང་། ཆོས་ལུགས་ཀྱིས་དམངས་གཙོའི་སྲིད་ལུགས་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་ནི་མངོན་གསལ་རེད། དེ་བས། མི་རིགས་དང་རྒྱལ་ཁབ་གང་ཞིག་ཏུ་དམངས་གཙོའི་ལམ་བཟང་དུ་འགྲོ་དགོས་ན། ཐོག་མའི་འཇུག་སྒོ་ནི་ཡོངས་ཁྱབ་རིན་ཐང་ལ་བློ་སྦྱོང་བསྟེན་རྒྱུ་ལས། ཐལ་མཐར་ལྟུང་བའི་ཆོས་ལུགས་ཀྱི་འཇུག་སྒོར་འཛུལ་མི་རུང་བར་འདོད། གང་ལྟར། རང་དབང་དམངས་གཙོའི་ངོ་བོ་དེ་མི་ཤི་རྟ་འགྱེལ་གྱི་གོད་ཆག་ཁྲོད་ནས་གསལ་སྣང་ཅན་དུ་མངོན་དགོས་པ་ནི་ཆོས་ཉིད་ཡིན་ཀྱང་། ཡོངས་ཀྱིས་བཀུར་ཞིང་ཡོངས་ལ་ཁྱབ་པའི་རིན་ཐང་སྟེ། རང་དབང་དང་། འདྲ་མཉམ། རྩིས་ཐང་བཅས་ཀྱི་རྩ་སྒྲོམ་ལ་སྒོ་བསྟུན་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཏུ་འདོད། དེས་ན་དུས་དང་རྣམ་པ་ཀུན་ཏུ་ཡུལ་དེའི་ཤེས་ཡོན་པ་དག་གིས་ཡོངས་ཁྱབ་རིན་ཐང་གི་ཤེས་བྱའི་སྤྱི་ཁོག་སྤྱི་དམངས་ལ་གསེད་དགྲོལ་བྱ་རྒྱུ་ནི་ལས་ཀྱི་གལ་བོ་ཆེ་ཡིན་པས། དེ་རིང་གི་སྣང་ཚུལ་འབྲི་སྐབས་སྐད་ཆ་འདི་འདྲ་ཞིག་ཀྱང་ཁ་ནས་ཤོར་ཐལ།

རྩོམ་ཁུངས། རང་གྲོལ་སྨྱུག་གསར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

9.11དོན་རྐྱེན་དང་ཁ་ཆེ་ཐལ་མཐའ་རིང་ལུགས་པ།

2011-09-14 དགུ་རོང་སྤུན་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།