མགོ་ལོག་འགྲིམ་པའི་ཟིན་ཐོ་ལས། དྲུག་པ།

    ཉིན་དྲུག་པ།
   གནམ་ཐིངས། ཚད་པ་ཆེ།
    དེ་རིང་ནི་ཚོགས་འདུ་དངོས་ཡིན་པས། སྔ་དྲོ་མཁས་པ་མང་པོས་གསུང་བཤད་གནང་། དེའི་རྗེས་སུ་མགོ་ལོག་ཁུལ་གྱི་མི་རིགས་གཞན་པའི་ལས་བྱེད་པར་བོད་ཡིག་བསླབས་པའི་གོ་རིམ་ཁྲོད་སྦྱང་འབྲས་བཟང་བ་དག་ལ་གཟེངས་བསྟོད་ཀྱི་བྱ་དགའ་གནང་སོང་། འབྲེལ་ཡོད་ཀྱི་མི་ཚོས་བཤད་ན། མི་རིགས་གཞན་པའི་ལས་བྱེད་པ་ཚོར་བོད་ཡིག་བསླབས་ནས་ལོ་ངོ་མང་པོ་ཕྱིན་ཡོད་ཅིང་། དེ་ནི་ཡིག་ཆ་ཙམ་དང་གནས་སྐབས་ཀྱི་སྲིད་ཇུས་ཙམ་ལས་འགོངས་ནས། མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་བྱ་བ་གལ་ཆེན་ཞིག་དུ་གྱུར་ཡོད་ཟེར། ཁོ་ཚོས་ལོ་རེར་ཡིག་ཚད་ཁ་ཤས་གཏོང་བ་དང་། ཡིག་ཚད་ལའང་ངག་རྒྱུགས་དང་བྲི་རྒྱུགས་གཉིས་ཀྱི་ལམ་ནས་གཏོང་སྲོལ་ཡོད་ཟེར། དེའི་ནང་ན་ཁུལ་གླུ་གར་ཁང་གི་རྒྱ་མོ་སྦྱང་འབྲས་བཟང་བ་ཞིག་ཡོད་པ་དེས་བོད་སྐད་ཆུ་རྒྱུགས་པ་ལྟར་འཆད་ཐུབ་པས་རྟ་རྒྱུགས་རྒྱལ་འཇོག་ཅེས་པའི་ཟློས་གར་ཆེན་མོ་ཞིག་ལས་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོའི་འཁྲབ་སྟོན་པ་ཆགས་འདུག
    ཉིན་གུང་གྲོང་གི་མཐའི་སྤང་ཁུད་ཅིག་དུ་ཕུབས་ཡོད་པའི་སྲིད་པའི་སྦྲ་རྒན་བཀྲ་ཤིས་གཡང་འཁྱིལ་ཞེས་པའི་སྦྲ་ཆེན་པོ་རིང་ཚད་ལ་གཞུ་འདོམས་ཉི་ཤུ་ལྷག་ཡོད་པ་ཞིག་དུ་གསོལ་ཚིགས་བཤམས་ཡོད་པས། ཚོགས་ཕེབས་པ་ཚང་མ་གནས་དེར་ཕེབས། དེ་ནི་སྡེ་བ་ཁ་ཤས་ཀྱི་འབྲོག་པ་མང་པོས་མཉམ་པོར་བཟོས་པའི་སྦྲ་ཞིག་ཡིན་འདུག་ལ། ཁོ་ཚོའི་སྡེ་དཔོན་ཞིག་གིས་ལས་ཀ་འདིར་འགོ་ཁྲིད་ནས། འདི་ལས་བྱུང་བའི་ཡོང་སྒོ་ཕྱིར་མང་ཚོགས་ལ་སྤྲོད་ཀྱིན་འདུག སྦྲའི་ནང་དུ་དེང་གི་བཟའ་བ་དང་བཏུང་བའི་རིགས་བཤམས་པ་མ་ཟད། འབྲོག་པ་རང་གི་ཟ་མའང་གྱ་ནོམས་པ་བཤམས་ཡོད་པས་ཚོགས་མི་ཀུན་སྤྲོ་བོ་བྱུང་སོང་། སྦྲ་དཀྱིལ་དུ་རྒྱུགས་ཐབ་ཆེན་པོ་དུས་གཅིག་དུ་བ་མ་དང་རྫ་མ་མང་པོ་རུ་ཇ་སོགས་སྐོལ་ཆོག་པ་ཞིག་ཡོད་ལ། ཐབ་རྩ་དག་དུ་འབྲོག་པའི་ཅ་ལག་རྙིང་བ་མང་པོ་བསྒྲིགས་ཡོད་པས། ཟས་ཀྱིས་འགྲངས་རྗེས་ཚང་མས་དེ་དག་འདྲ་པར་ལེན་པ་དང་ཞིབ་མོར་བལྟ་བ་སོགས་བྱེད་ལ་བྲེལ།
    ཕྱི་དྲོའི་བཞུགས་མོལ་ཚོགས་འདུ་གྲོལ་རྗེས། མཚན་མོ་ཁུལ་གྱི་ཟློས་གར་ཁང་དུ་འགྲོ་སོང་ས་ཡ་གཉིས་ལ་ཉེ་པ་ཞིག་བཏང་ནས་བསྒྲིགས་པའི་ཟློས་གར་ཆེན་མོ་གླིང་གི་རྟ་རྒྱུགས་རྒྱལ་འཇོག་ལ་བལྟ་བར་ཕྱིན་པ་ཡིན། རིང་ཚད་ཆུ་ཚོད་གཉིས་ཡོད་པའི་ཟློས་གར་དེ་ནི་གཞི་རྒྱ་ཆེ་ཞིང་འཁྲབ་པ་ཞིབ་ལ་ཆས་དང་རྣམ་པ་སོགས་ནི་སྒྲུང་ལས་བྱུང་བ་བཞིན་ཨེ་ཡོང་ཡོང་བྱས་འདུག་ལ། ད་དུང་སྒྲུང་དངོས་ཀྱི་བྱུང་རིམ་ཁྲོད་ཡོད་པའི་རྟེན་འབྲེལ་གྱི་ཚན་པ་དག་ཀྱང་མ་ལུས་པར་བཀོད་པས། སྒྲུང་ལ་བྱང་ཆ་ཆེ་བའི་མང་ཚོགས་དག་དགའ་བ་མ་ཟད། ཟློས་གར་ལ་སྤྲོ་བ་ཆེ་ཞིང་འཇུག་སྒོ་ཡང་བའི་ཆེད་མཁས་པ་དག་གིས་ཀྱང་གདེང་འཇོགས་མཐོན་པོ་ཐོབ་འདུག
    ཟློས་གར་ཁྲོད་དུ་ངས་སྔ་དྲོ་གཟིགས་བཟོས་ཐོབ་སའི་རྒྱ་མོ་དེ་མཐོང་བྱུང་། དེ་རིང་སྔ་དྲོ་གཞན་གྱིས་དེ་ནི་རྒྱ་མོ་རེད་ཅེས་པའི་གསལ་བཏབས་མེད་ན་ང་ལ་ནི་མོ་བོད་ངོ་མ་ཞིག་ཡིན་པ་ལས་གཞན་པའི་ཚོར་བ་གང་ཡང་སྐྱེས་མ་སོང་། ཆ་ལུགས་དག་ལུས་ལ་འཕྲོད་ཅིང་། སྒྲུང་གི་ཚིག་དག་གསལ་ཞིང་དག་པའི་སྒོ་ནས་དབྱངས་རྟ་ལ་དྲངས་ཡོང་བས་སེམས་སྤྲོ་ཆི་ལེར་བཏང་སོང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགོ་ལོག་འགྲིམ་པའི་ཟིན་ཐོ་ལས། དྲུག་པ།

2011-09-13 གཡག་བུ་དཔལ་རྩལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།