རབ་བྱུང་བའི་རྟ་རྒྱུགས།

༄༅།།ལུང་གི་ཆོས་དང་རྟོགས་པའི་ཆོས་གཉིས་འཛིན་སྤེལ་བྱེད་པ་ནི་རབ་ཏུ་བྱུང་བ་དག་གི་ཕྲག་སྟེང་དུ་བབ་པའི་འགན་འཁྲི་དང་།  བྱ་བ་ཉུང་བ་དང་སྤྱོད་པ་གཙང་བ་ནི་རབ་ཏུ་བྱུང་བ་དག་གི་འགྲོ་སྟངས་དང་།  སྲོག་ཆགས་གྲོག་སྦུར་ཡན་ལ་སྡུག་བསྔལ་ཏོག་ཙམ་ཡང་མི་བྱེད་པ་ནི་རབ་བྱུང་པ་དག་གི་རྩ་བའི་དམ་ཚིག་བཅས་མ་ཡིན་ནམ། རྟ་རྒྱུགས་པ་ནི་གཟེངས་དངུལ་ཐོབ་པའི་ཆེད་ཡིན་པས།  རྟའི་བདག་པོ་ལ་ང་རྒྱལ་ཁྱོད་ཕམ་གྱི་འདོད་ཧེབ་དང།  ཞེ་སྡང་།  ཕྲག་དོག་བཅས་མེ་འབར་འབར་དང་ཆུ་ཁོལ་ཁོལ་བྱེད་ཀྱིན་ཡོད་པ་བལྟས་པ་ཙམ་གྱིས་རྟོགས་ཐུབ་ལ།  ཞོར་དུ་རྟ་ལ་སྡུག་བསྔལ་སྣ་དགུ་གཏོང་གིན་ཡོད་པ་སྨོས་མེད་ལགས།
   མགོ་ལོག་ནས།  རབ་བྱུང་བས་སྣེ་ཁྲིད་ཀྱི་འོག་ནས་ལོ་འདི་དག་ལ་རྟ་རྒྱུགས་ཀྱི་ཆོ་ག་ཐེངས་དུ་མར་སྤེལ་བ་དང་།  ཁོ་ཚོས་དད་ལྡན་པའི་ལག་ནས་བླངས་བའི་དཀོར་ནོར་རྣམས་ཀྱང་རྟ་རྒྱུགས་འགྲན་སྡུར་གྱི་གཟེངས་དངུལ་དུ་གནང་གི་འདུག
   ཀྱེ་མ།  ཡོད་ཚད་ལྡོག་ཏེ་འགྲོ་བའི་དུས་རབས་ཀྱི་ཁུག་པ་ནས་འདི་ལྟར་ཡིད་སྐྱོ་བའི་སྣང་བརྙན་གཅིག་རེ་གཉིས་རེ་བྱས་ཏེ་མཐོང་ཡོང་དུས།  ཞུ་བའི་བདག་ཉིད་ཅན་གྱི་སྟོན་པ་དེས་མི་མངོན་དབྱིངས་ནས་ཅི་ཞིག་དགོངས་སྲིད།
                                                                                                                                     ༢༠༡༡ ༨ ༢༤མགོ་ལོག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རབ་བྱུང་བའི་རྟ་རྒྱུགས།

2011-08-31 ཞོགས་རླུང་། ཀློག་གྲངས། མཆན ཡོད།

༄༅།།ལུང་གི་ཆོས་དང་རྟོགས་པའི་ཆོས་གཉིས་འཛིན་སྤེལ་བྱེད་པ་ནི་རབ་ཏུ་བྱུང་བ་དག་གི་ཕྲག་སྟེང་དུ་བབ་པའི་འགན་འཁྲི་དང་།  བྱ་བ་ཉུང་བ་དང་སྤྱོད་པ་གཙང་བ་ནི་རབ་ཏུ་བྱུང་བ་དག་གི་འགྲོ་སྟངས་དང་།  སྲོག་ཆགས་གྲོག་སྦུར་ཡན་ལ་སྡུག་བསྔལ་ཏོག་ཙམ་ཡང་མི་བྱེད་པ་ནི་རབ་བྱུང་པ་དག་གི་རྩ་བའི་དམ་ཚིག་བཅས་མ་ཡིན་ནམ། རྟ་རྒྱུགས་པ་ནི་གཟེངས་དངུལ་ཐོབ་པའི་ཆེད་ཡིན་པས།  རྟའི་བདག་པོ་ལ་ང་རྒྱལ་ཁྱོད་ཕམ་གྱི་འདོད་ཧེབ་དང།  ཞེ་སྡང་།  ཕྲག་དོག་བཅས་མེ་འབར་འབར་དང་ཆུ་ཁོལ་ཁོལ་བྱེད་ཀྱིན་ཡོད་པ་བལྟས་པ་ཙམ་གྱིས་རྟོགས་ཐུབ་ལ།  ཞོར་དུ་རྟ་ལ་སྡུག་བསྔལ་སྣ་དགུ་གཏོང་གིན་ཡོད་པ་སྨོས་མེད་ལགས།
   མགོ་ལོག་ནས།  རབ་བྱུང་བས་སྣེ་ཁྲིད་ཀྱི་འོག་ནས་ལོ་འདི་དག་ལ་རྟ་རྒྱུགས་ཀྱི་ཆོ་ག་ཐེངས་དུ་མར་སྤེལ་བ་དང་།  ཁོ་ཚོས་དད་ལྡན་པའི་ལག་ནས་བླངས་བའི་དཀོར་ནོར་རྣམས་ཀྱང་རྟ་རྒྱུགས་འགྲན་སྡུར་གྱི་གཟེངས་དངུལ་དུ་གནང་གི་འདུག
   ཀྱེ་མ།  ཡོད་ཚད་ལྡོག་ཏེ་འགྲོ་བའི་དུས་རབས་ཀྱི་ཁུག་པ་ནས་འདི་ལྟར་ཡིད་སྐྱོ་བའི་སྣང་བརྙན་གཅིག་རེ་གཉིས་རེ་བྱས་ཏེ་མཐོང་ཡོང་དུས།  ཞུ་བའི་བདག་ཉིད་ཅན་གྱི་སྟོན་པ་དེས་མི་མངོན་དབྱིངས་ནས་ཅི་ཞིག་དགོངས་སྲིད།
                                                                                                                                     ༢༠༡༡ ༨ ༢༤མགོ་ལོག་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།