ཁོར་ཡུག་སྲུང་སྐྱོབ།

སྦྱིན་པ།༼ནུབ་བྱང་མི་རིགས་སློབ་ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-23

   ཁོར་ཡུག་འདི་ནི་ང་རང་ཚོའི་མི་རབས་འདི་དང་མི་རབས་རྗེས་མ་རྣམས་ཀྱི་འཚོ་གནས་དང་བདེ་ཐང་གི་བརྟེན་གཞི་ཡིན་པར་མ་ཟད་སེམས་ཅན་རྣམས་ཀྱི་སྤྱི་མཐུན་གྱི་ལས་ལ་བརྟེན་ནས་གྲུབ་པ་དང་ཐུན་མོང་གིས་བདག་དབང་དང་ལོངས་སུ་སྤྱོད་ཆོག་པའི་ཐོབ་ཐང་ཡང་ཡོད། དེ་དང་ལྷན་དུ་སྲུང་སྐྱོབས་བྱ་རྒྱུའི་འགན་འཁྲི་ཡང་ཡོད་པ་རེད།
   ལྷག་པར་དུ་འཇིག་རྟེན་འདིར་ཚུར་མཐོང་གི་ངོ་བོར་གྲུབ་པ་འགྲོ་བ་མི་ཡི་རིགས་དང་འགྲོ་བ་དུད་འགྲོའི་རིགས་འདི་གཉིས་ཡོད་པའི་ནང་ནས་འགྲོ་བ་མི་ཡི་རིགས་སུ་གྱུར་པ་འདི་ལ་འགན་འཁྲི་ཡོད།  གང་ཡིན་ཟེར་ན།  འགྲོ་བ་དུད་འགྲོའི་རིགས་ནང་བཞིན་མ་ཡིན་པར་འགྲོ་བ་མིའི་རིགས་འདི་ལ་གཞན་དང་མི་འདྲ་བའི་ཁོར་ཡུག་སྲུང་སྐྱོབ་བྱས་ན་བྱེད་ཐུབ་པའི་ནུས་པ་ཡོད། ཡིན་ནའང་། མི་འགས་ཁོར་ཡུག་སྲུང་སྐྱོབས་བྱེད་རྒྱུ་ཕར་ཞོག  ཐབས་སྡུག་གི་ལས་ལ་མ་ཞུགས་ན་ཡང་ཟས་གོསརྙེད་པའི་དུས་སྐབས་འདིར་བག་མེད་ལོག་སྤྱོད་ཀྱིས་བྱ་བར་ཧམ་སེམས་ཆེན་པོས་ཞུགས་ཏེ་ཁོར་ཡུག་གི་མཛེས་རྒྱན་རི་དྭགས་རང་ཉིད་ཀྱི་ཆེས་གཅེས་པར་འཛིན་པའི་ཚེ་སྲོག་དམར་པོ་འཕྲོག་པ་དང་།  དེ་བཞིན་ཡང་རང་གཞན་གྱི་སྤྱི་མཐུན་གྱི་ལས་ལས་གྲུབ་པའི་ཁོར་ཡུག་འདིར་བདག་དབང་བྱེད་ཆོག་པའི་དབང་ཚད་དང་ཚུལ་བཞིན་དུ་ལོངས་སུ་སྤྱོད་ཆོག་པའི་ཐོབ་ཐང་རྣམས་ཁྲེལ་མེད་ཀྱིས་རྡོག་རུལ་དུ་བཏང་སྟེ་གཞན་ཉམ་ཆུང་སྐྱེ་འགྲོ་དག་གི་གཞི་རྩའི་ཐོབ་ཐང་རྣམས་འཕྲོག་པ་དང་། དེ་བཞིན་འདོད་རྔམ་གྱིས་སྤྱིའི་འཚོ་གནས་དང་བདེ་ཐང་ལ་སྣང་མེད་ཀྱིས་ས་བཅུད་ཡུལ་བཅུད་ཐམས་ཅད་ཀྱི་འབྱུང་གནས་གཏེར་ཁ་རྣམས་བསྔོགས་ཏོན་གྱི་ལས་ལ་ཞུགས་ནས་སྤྱིའི་འཚོ་གནས་དང་བདེ་ཐང་གི་གཞི་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བྱས་པ་མ་ཟད། གཏེར་དངོས་དེ་རྣམས་གཙོ་བོ་རང་གཞན་ཕུང་བའི་གཞི་རུ་ཚུར་རྒོར་རྣམས་ཚར་གཅོད་དང་གཞན་ཉམ་ཆུང་ནུས་མེད་རྣམས་དབང་དུ་བསྒྱུར་བའི་ཆེད་དང་།  གང་ལྟར།  རང་རྒྱལ་གཞན་ཕམ་གྱི་བསམ་བློར་བསྟེན་ནས་རང་གཞན་ཕུང་བའི་རྡུར་ཕྲན་མཚོན་ཆ་དང་། མཚོན་ཆ་སྣ་ཚོགས་བཟོ་སྐྲུན་བྱས་ཏེ་སྤྱི་ཚོགས་ཡངས་པོ་ཕུང་ལ་སྦྱོར་བྱེད་ཀྱི་གཞི་རུ་བསྒྱུར་བཞིན་ཡོད་པ་རེད།  དེ་དག་གི་ལྷག་མ་རྣམས་ཀྱིས་འཕྲུལ་འཁོར་དང་བགྱིག་གམ་ལྕགས་ཀྱི་ལོངས་སྤྱོད་དུ་བསྒྱུར་བཞིན་ཡོད་པ་རེད་ལ་འདི་དག་གིས་ཀྱང་རང་རེར་གནས་སྐབས་ཁེ་ཕན་ཡོད་ཀྱང་དོན་དུ་དགེ་སྐྱོན་གང་ཆེ་བཤད་མི་ཐུབ་པ་ཞིག་རེད།  གང་ཡིན་ཞེ་ན།  འདི་དག་གིས་མི་མང་པོ་ཞིག་དུས་མིན་འཆི་རྐྱེན་དུ་བཏང་པ་དང་།  ཁོར་ཡུག་འབག་བཙོག་བཟོ་བའམ་གཟུགས་གཞི་མི་བདེ་བ་སོགས་བྱེད་ཀྱི་ཡོད། དཔེར་ན། བརྙན་འཕྲིན་དང་རྩིས་འཕྲུལ་སོགས་འདི་དག་གི་གློག་འོད་ཀྱིས་མིག་གི་དབང་པོ་མི་གསལ་བར་བྱེད་པ་དང་།    དེ་བཞིན་འཕྲུལ་འཁོར་འདི་དག་གི་སྒྲས་རྣ་བའི་དབང་པོར་སྐྱོན་ཅན་དུ་འགྱུར་བ་དང་།  དེ་མིན་འདི་རྣམས་ཀྱི་དུ་བ་དང་བཟོ་གྲྭ་སོགས་ཀྱི་རྫས་དྲི་ཡིས་གྲོང་ཁྱེར་རྣམས་འབག་བཙོག་ཅན་དང་རྫས་དྲི་ཅན་དུ་བསྒྱུར་སྟབས།  དུ་བ་གྲོང་ཁྱེར་གྱི་བར་སྣང་ལ་འཐིབ་པར་བརྟེན་ཉི་མའི་འོད་ཟེར་བསྒྲིབས་ནས་ཉིན་མཚན་དུས་བཞིར་རྟག་ཏུ་གནམ་གཤིས་ཀྱི་ཁམས་མུན་འཐིབ་འཐིབ་ཅན་དུ་གནས། གལ་སྲིད་ཉི་མ་མཐོང་ནའང་དམར་ལང་ལོང་ཞིག་ལས་ང་རང་ཚོའི་བོད་ཁུལ་གྱི་ནང་བཞིན་དྭངས་ཞིང་གཙང་བའི་སྤྲིན་བྲལ་གྱི་ཉི་མ་སེར་པོ་ནམ་ཡང་འཆར་བའི་དུས་སྐབས་མེད། དེ་བཞིན་་རྡུལ་རྫས་དང་འཕྲུལ་འཁོར་སོགས་ཀྱི་དུ་བས་བར་སྣང་གི་ཁ་དབུགས་འབག་བཙོག་ཅན་དུ་བསྒྱུར་ནས་མི་རྣམས་ལ་མཁའ་དབུགས་ འབག་བཙོག་ཅན་ལས་མཁའ་དབུགས་གཙང་མ་མེད་པར་བརྟེན། དུ་བ་དང་རྫས་ཀྱིས་གཟུགས་ཁམས་བསླད་དེ་ཁྲག་རྩ་རྣམས་གར་པོ་ཆགས་ནས་བཀོལ་སྤྱོད་བྱེད་མི་ཐུབ་པ་དང་།  མདོར་ན། གཟུགས་གཞི་དང་དབུགས་ཀྱི་རྒྱུ་བ་འགྲོ་ལམ་སོགས་དུག་རྫས་ཀྱིས་བསླད་དེ། ལུས་ཁམས་མི་དྭངས་བ་དང་གཟུགས་གཞི་བདེ་ཐང་མེད་པར་འགྱུར་གྱི་ཡོད་པ་རེད། དེ་ཡང་གྲོང་ཁྱེར་ཆེ་ཁག་གི་ནང་དུས་ཚོད་ཁ་ཤས་རིང་འགྲོ་བའི་སྐབས་སུ་ཁ་ལུད་དང་སྣབས་ནག་པོ་ཆགས་ཀྱི་ཡོད་པ་གྲོང་ཁྱེར་ཆེ་ཁག་ལ་རྒྱུས་མངའ་ཡོད་མཁན་དག་གིས་ཤེས་གསལ་ལྟར་རེད། ཡང་དེང་སང་ཚོང་ཟོག་འབྲུ་ནས་འདེབས་པའི་སྐབས་སུ་དང་པོ་ཞིང་སར་སྐྱེ་བྱེད་རྫས་ལུད་གཏོར་བ་དང་བར་དུ་དེ་འབུས་ཟ་མི་འགྲོ་བའི་ཆེད་དུ་འབུ་གསོད་བྱེད་ཀྱི་དུག་རྫས་སོགས་བཏབ་པའི་རྐྱེན་གྱིས་འབྲུ་རིགས་ལ་དེའི་ནུས་པ་ཐེབས་ཏེ་མི་ཡིས་ཟ་སྐབས་དུག་རྫས་དེའི་ནུས་པ་མ་ཡི་གཟུགས་པོར་ཐེབས་ཏེ་གཟུགས་གཞི་བདེ་ཐང་མེད་པར་འགྱུར་གྱི་ཡོད་པ་རེད། དེར་བརྟེན་ང་རང་ཚོའི་ཞིང་སར་དུག་རྫས་ཀྱིས་རྒྱུ་རྐྱེན་མ་བྱས་པར་དྭངས་གཙང་ལྡན་པའི་རང་བྱུང་ཁམས་ཀྱི་ས་བཅུད་ཡུལ་བཅུད་མ་ཉམས་པའི་རྒྱུ་རྐྱེན་ཆུ་ལུད་དྲོད་གཤེར་ལས་བྱུང་བའི་འབྲུ་རིགས་སྔོ་ཚལ་སོགས་ཀྱི་ཟས་ལས་ཁྱད་དུ་འཕགས་པ་ལུས་ཁམས་བདེ་བྱེད་ཀྱི་ཟས་གང་དུ་ཡང་མེད་པ་ཡིན་འདུག དེང་གྲོང་ཁྱེར་གྱི་མི་དག་གི་ཟས་དང་ཁ་དབུགས་ཡུལ་ཁམས་དུག་རྫས་ཀྱིས་བསླད་དེ་གཟུགས་ཁམས་དྭངས་གཙང་དང་བདེ་ཐང་མེད་པར་འགྱུར་གྱི་ཡོད་ལ་དེ་དང་ལྷན་དུ་གཞན་གྱི་རྒྱུ་ནོར་སྣ་ཚོགས་སྣང་ངོར་གྱུར་ཏེ་གཞན་ལ་འགྲན་སེམས་དང་ཕྲག་དོག་འདོད་རྔམ་ཆེས་ཆེར་འཕེལ་བར་བརྟེན་ལུས་ཡང་དེ་དག་གིས་དབང་བསྒྱུར་ནས། བྱིན་པ་མེད་པའི་མངོན་འདོད་སྒྲུབ་པའི་ཆེད་དུ་རྟག་ཏུ་ལུས་པོ་བཀོལ་སྤྱོད་ཚད་མེད་བཏང་ནས། ཉིན་མཚན་ཀུན་ཏུ་ལུས་སེམས་བདེ་བར་གནས་པའི་དུས་སྐབས་མེད་པ་མ་ཟད་མི་ཚེ་ཧྲིལ་བོ་བསྒྲུབ་བྱ་སྒྲུབ་ཚུལ་མ་ཤེས་པའི་དབང་གིས་སོས་དལ་བག་ཕེབས་དང་བདེ་གནས་སམ་བདེ་སྐྱིད་ལྡན་པའི་དུས་སྐབས་མེད། འདི་དག་ནི་དཔལ་འབྱོར་གྱིས་མིར་ཞབས་ཞུ་མ་སྒྲུབ་པར་མིས་དཔལ་འབྱོར་ལ་ཞབས་ཞུ་བསྒྲུབས་པ་དང་། ད་དུང་འདི་ནི་མིས་དཔལ་འབྱོར་བྲན་དུ་མ་བཀོལ་བར་དཔལ་འབྱོར་གྱིས་མི་ བྲན་དུ་བཀོལ་བ་རེད།  གང་ལྟར།  ང་རང་ཚོས་བྱ་བ་བསྒྲུབ་བྱའི་དམིགས་འདུན་ནམ་ལངས་ཕྱོགས་ནི་རང་གཞན་འདི་ཕྱིའི་བདེ་སྐྱིད་ཀྱི་ཆེད་ཁོ་ན་ཡིན། གལ་སྲིད་རང་གཞན་འདི་ཕྱིའི་བདེ་སྐྱིད་ཀྱིི་རྒྱུ་རུ་མི་འགྱུར་བའི་བྱ་དངོས་དེ་དག་ནི་དགོས་མེད་དོར་བྱའི་བྱ་དངོས་སུ་འདོད། དེར་བརྟེན་དེ་འདྲའི་གནས་སྟངས་སུ་གྱུར་པའི་མི་ལུས་ལས་ཀྱང་དུད་འགྲོ་འགའི་ལུས་རྟེན་མཆོག་ཏུ་གྱུར་པར་སེམས།  རྒྱུ་མཚན་གང་ཡིན་ཟེར་ན།  དྭངས་གཙང་གི་ནམ་མཁའ་ནས་བག་ཡངས་སུ་བསྐྱོད་མཁན་བྱ་རིགས་དང་། ས་བཅུད་ཡུལ་བཅུད་མ་ཉམས་པའི་མཛེས་སྡུག་གི་སྐྱེད་ཚལ་དུ་གནས་པའི་རི་དྭགས་ཀྱི་རིགས་དག་གིས་རང་བྱུང་ཁམས་ལས་སྐྱེས་པའི་མཛེས་སྡུག་རྣམ་པར་བཀྲ་བའི་དྭངས་གཙང་བཅུད་ལྡན་གྱིི་རྩྭ་སྔོ་ཁ་ཟས་བྱེད་པ་དང་། ལྷུང་ལྷུང་དལ་གྱིས་འབབ་པའི་རྫ་ཆབ་བསིལ་མའི་བཏུང་བ་བྱེད་པ་དང་། རྫས་སྦྱོར་གཞན་གྱིས་མ་བསླད་པར་རང་ཉིད་ཀྱི་གཟུགས་ཕུང་ལས་རང་བཞིན་གྱིས་བྱུང་བའི་གཙང་ཞིང་དྭངས་ལ་བབ་ཆགས་ཚུལ་ལྡན་གྱི་དྲོ་འཇམ་ལྡན་པའི་སྒྲོ་དང་སྤུ་གོས་སུ་གྱོན་པ་དང་།  བརྟན་ཞིང་གཙང་ལ་མཁོ་སྤྱོད་ལྡན་པ་ཅ་ཅོ་དང་འདུ་འཛི་བྲལ་ཞིང་ཞི་འཇམ་བག་ཕེབས་ལྡན་པའི་རང་བྱུང་ཁམས་ཀྱི་ཁོར་ཡུག་གནས་མལ་བྱས་ཏེ།  ཡངས་ཞིང་རྒྱ་ཆེ་བའི་རང་བྱུང་ཁམས་དང་རང་བྱུང་ཁམས་ལས་བྱུང་བའི་ལོངས་སུ་སྤྱོད་བྱ་རྣམས་དུས་དང་རྣམ་པ་ཀུན་དུ་རང་གཞན་འཚོ་གནས་དང་བདེ་ཐང་གི་རྟེན་གཞི་ཁོར་ཡུག་གཏོར་བརླག་ཏུ་མི་བཏང་བར།  ཚུལ་བཞིན་དུ་ལོངས་སུ་སྤྱོད་མཁན་འདི་དག་རྣམས་ནི་ཡངས་ཤིང་རྒྱ་ཆེ་བའི་མཛེས་སྡུག་རྣམ་པར་བཀྲ་བའི་དྭངས་གཙང་ལྡན་པའི་རང་བྱུང་ཁོར་ཡུག་གི་ལོངས་སྤྱོད་ཚུལ་བཞིན་དུ་བྱས་པ་ལ་བརྟེན་ནས།  བྱིན་པ་མེད་པའི་མངོན་འདོན་དང་ཕྲག་དོག་འགྲན་རྩོད་མེད་པར་བརྟེན་ལུས་སེམས་བག་ཕེབས་བདེ་གནས་ཀྱི་ངང་དུ་གནས། དེར་བརྟེན་གོང་གི་གནས་སྟངས་བཞིན་དུ་གནས་པའི་མི་ལས་ཀྱང་འདི་འདྲའི་བཞིན་དུ་གནས་པའི་དུད་འགྲོའི་རིགས་རྣམས་མཆོག་ཏུ་གྱུར་པར་སེམས།
    དེང་སང་འགའ་ཤས་ཀྱིས་དུག་རྫས་དང་རྫས་སྦྱོར་སྣ་ཚོགས་ཀྱིས་གྲུབ་པའི་ཡུལ་ཁམས་དང་མཁའ་དབུགས་ཁ་ཟས་གོས་སློགའཕྲུལ་འཁོར་སྣ་ཚོགས་དང་བྱིན་པ་མེད་པའི་མངོན་འདོད་དང་འུར་ཟིང་ཆེས་ཆེར་ལྡན་པའི་གྲོང་ཁྱེར་དག་ལ་ཡིད་སྨོན་ཆེན་པོ་བྱེད་པ་དང་། ད་དུང་དེ་འདྲའི་གྲོང་ཁྱེར་དག་ནི་ཤེས་འཇོན་ལྡན་པ་དང་མདུན་སྐྱོད་ཀྱི་གོམ་སྟབས་མགྱོགས་པའི་བླ་ན་མེད་པའི་སྔོན་ཐོན་ཅན་དུ་འཛིན་བཞིན་ཡོད། ལྷག་པར་དུ་རང་རིགས་བོད་མི་འགའ་དང་གཞན་གང་ཟག་འགས་གཟུགས་གཞི་བདེ་གནས་མེད་པ་བྱེད་པ་དང་ཁོར་ཡུག་གཏོར་བརླག་བཏང་བྱེད་རིགས་ཀྱི་ཕྱིའི་དངོས་པོའི་དཔལ་འབྱོར་ཞན་ཡང་། ཕ་མེས་ཡང་མེས་ནས་དམ་པའི་ལྷ་ཆོས་ལ་གོམས་པའི་སྟོབས་ཀྱིས་ནང་སེམས་ཉིད་ལོངས་སྤྱོད་ཀྱིས་ཕྱུག་པའི་བོད་འདི་ཆེས་མུན་ནག་དང་རྗེས་ལུས་སུ་འཛིན་པ་དང་། ནང་སེམས་ཉིད་ཀྱི་ལོངས་སྤྱོད་བྱམས་བརྩེ་བཟོད་པ་ཆོག་ཤེས་ཆོས་ཉིད་ཇི་ལྟ་བཞིན་རྟོགས་བྱེད་ཀྱི་ཤེས་རབ་སོགས་ཀྱིས་དབུར་ཞིང་། རང་གཞན་འདི་ཕྱིའི་བདེ་སྐྱིད་སྒྲུབ་བྱེད་ཀྱི་གཞི་ལུས་སེམས་བདེ་གནས་དང་སྒྲུབ་བྱ་བསྒྲུབས་པའི་ནུས་པ་མེད་པར་གཏང་བྱེད་སོགས། ང་རང་ཚོའི་མི་རབས་འདི་དང་མི་རབས་རྗེས་མ་རྣམས་ཀྱི་འཚོ་གནས་དང་བདེ་ཐང་གི་རྟེན་གཞི་སྤྱི་མཐུན་གྱི་ལས་ལས་གྲུབ་པའི་རང་བྱུང་ཁམས་ཀྱི་ཁོར་ཡུག་འདིར་གཏོར་བརླག་གཏོང་བྱེད་ཀྱི་རིགས་སོགས་ཀྱི་ཕྱིའི་དངོས་པོ་དཔལ་འབྱོར་གྱིས་ཕྱུག་པའི་ཡུལ་ལུང་དག་ལ་ཡིད་སྨོན་ཆེན་པོ་བྱེད་པ་དང་། དེ་དག་གིས་སྤྱི་ཚོགས་ནི་གཟི་བརྗིད་དང་འོད་སྟོང་ལྡན་པའི་མདུན་སྐྱོད་ཀྱི་གོམ་སྟབས་སྔོན་དུ་སྒྱུར་མཁན་གྱི་སྔོན་ཐོན་རང་བཞིན་ཅན་དུ་འཛིན་བཞིན་ཡོད་པ་རེད། ད་དུང་མུ་མཐུད་དུ་དེ་བཞིན་དུ་འཛིན་པ་ཡིན་ན། དེང་སང་འགྲུལ་བསྐྱེལ་དང་བརྡ་འཕྲིན་སོགས་ཀྱི་དངོས་པོ་ཆེས་དར་ཁྱབ་ཆེ་བའི་སྟབས་ཀྱིས་འཛམ་གླིང་གོ་ལ་ཟླུམ་པོ་འདིའི་ཐོག་ཤར་ཕྱོགས་དང་ནུབ་ཕྱོགས་སོགས་ཕྱོགས་ཀུན་ཏུ་ཕན་ཚུན་འགྲོ་བསྐྱོད་དང་འགྲོགས་འབྲེལ་བྱེད་པར་སྟབས་བདེ་དང་ཕན་ཚུན་བར་ཐག་ཇེ་ཉེ་རུ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་ནས་ཕྱོགས་ཚང་མས་སྤྱིའི་སྐད་ཡིག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ལ། སྐད་ཡིག་ནི་ཕྱོགས་ཕན་ཚུན་མི་དང་མིའི་བར་འབྲེལ་བ་བྱེད་པར་མེད་དུ་མི་རུང་བའི་དགོས་གལ་ཆེ་བའི་ཕྱོགས་ཕན་ཚུན་གྱི་རིག་གཞུང་ལ་འཇུག་བྱེད་ཡིན། དེར་བརྟེན་ངའི་བསམ་པ་ལ་འགྲུལ་བསྐྱེལ་དང་བརྡ་འཕྲིན་སོགས་ཀྱི་དངོས་པོ་ཆེས་དར་བའི་དུས་སྐབས་འདི་ད་དུང་གང་འཚམ་ཞིག་གི་རིང་ལ་གནས་ཀྱི་རེད་ལ། དུས་སྐབས་འདིར་གནས་པའི་ཕྱོགས་ཡོངས་ཀྱི་སྤྱི་ཚོགས་རྣམས་ཀྱིས་སྤྱི་ལ་ཁྱབ་པའི་སྐད་ཡིག་ཚད་དང་ལྡན་པ་ཞིག་ཡོང་བའི་འདོད་མོས་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། དེང་སང་ཡང་སྤྱི་ལ་ཁྱབ་པའི་སྐད་ཡིག་ལ་འདོད་མོས་ཆེན་པོ་ཡོད་པ་རེད་ལ་དེང་སང་ཆེས་ཁྱབ་ཆེ་བའི་སྐད་ཡིག་ནི་དབྱིན་ཇི་དང་སི་པེ་ནི་ཆེ་ཧྥི་རན་ཆེ་སོགས་ཡིན། དེའི་ནང་ནས་ཀྱང་དབྱིན་ཡིག་འདི་ཆེས་ཁྱབ་ཆེ་བའི་སྐད་ཞིག་རེད། དབྱིན་ཡིག་འདི་དེང་སང་ཡང་རྒྱལ་ཁབ་རྣམས་ཀྱི་སློབ་གྲྭ་ཡིས་དང་པོར་རང་ཉིད་ཀྱི་སྐད་ཡིག་དང་དེ་ནས་དབྱིན་ཇིའི་སྐད་ཡིག་སློབས་སྦྱོང་བྱེད་ཀྱིས་ཡོད་པ་རེད། དེར་བརྟེན་དེང་སང་རྒྱལ་ཁབ་ཚང་མས་སྒོ་རྟགས་དང་ལག་འཁྱེར་སོགས་ལ་དང་པོ་རང་ཉིད་ཀྱི་ཡི་གེ་དང་གཉིས་པར་དབྱིན་ཡིག་བེད་སྤྱོད་ཀྱིན་ཡོད། གལ་སྲིད་དབྱིན་ཇིའི་སྐད་ཡིག་ཤེས་ཀྱི་ཡོད་ན་གྲོང་ཁྱེར་ཆེ་ཁག་གང་དུ་ཕྱིན་པ་ཡིན་ན་ཡང་སྐད་ཡིག་གི་དཀའ་ངལ་འཕྲད་ཀྱི་མེད་པ་མ་ཟད་དེང་སང་རྒྱལ་ཁབ་འགའི་ནང་སོ་སོའི་སྐད་ཡིག་ལས་ཀྱང་དབྱིན་ཇིའི་སྐད་ཡིག་མཁོ་སྤྱོད་ཆེ་རུ་ཡོད། དེར་བརྟེན་ད་དུང་མ་འོངས་པར་འགྲུལ་བསྐྱེལ་དང་བརྡ་འཕྲིན་སོགས་ཆེས་དར་བའི་དུས་སྐབས་འདིར་གནས་པའི་རིང་གོ་ལའི་སྤྱི་ཚོགས་འདིར་སྤྱི་ལ་ཁྱབ་པའི་སྐད་ཡིག་ཚད་དང་ལྡན་པ་ཞིག་ཡོང་གི་རེད་བསམ་གྱི་འདུག་ཡིན་ནའང་གོང་གི་གོ་ལྡོག་གི་ལྟ་བ་སྟེ་ད་དུང་མུ་མཐུད་དུ་དེ་བཞིན་དུ་འཛིན་པ་ཡིན་ན་བྱིན་པ་མེད་པའི་འདོད་རྔམས་ཆེན་པོས་གཏེར་ཁ་རྣམས་བསྔོགས་བཏོན་གྱི་ལས་ལ་ཞུགས་ནས་གཏེར་དངོས་རྣམས་ཕན་ཚུན་འགྲན་བརྩོད་ཀྱི་སྒོ་ནས་རང་གཞན་ཕུང་བྱེད་ཀྱི་གཞི་རུ་བཟོ་བསྐྲུན་བྱས་ཏེ། འགྲུལ་བསྐྱེལ་དང་བརྡ་འཕྲིན་སོགས་བཟོ་བྱེད་ཀྱི་རྒྱུ་ཆ་རྫོགས་ཏེ་སྤྱི་ཚོགས་ཕན་ཚུན་བར་གྱི་འབྲེལ་ལམ་སོགས་བར་ཐག་ཇེ་རིང་དུ་ཕྱིན་ཏེ་སྐད་ཡིག་སོགས་གཅིག་གྱུར་མེད་པར་འགྱུར་བ་མ་ཟད།   རྟེན་གཞི་ཁོར་ཡུག་གི་གཏེར་དངོས་རྣམས་བཏོན་ཟིན་པ་ལ་བརྟེན་ནས་འབྱུང་བཞིའི་ཁམས་མི་མཉམ་པས་ཕྱི་ནང་འབྱུང་བཞི་འཁྲུགས་པ་སོགས་ཀྱིས་དུས་མིན་འཆི་རྐྱེན་དང་ནད་ཡམས་མུ་གེ་སོགས་ཀྱིས་འཇིག་རྟེན་འདི་ཡི་སྐྱེ་འགྲོ་རྣམས་སྐད་ཅིག་ཙམ་ལ་ཡང་ལུས་སེམས་ལ་བདེ་སྐྱིད་འཆར་བའི་དུས་སྐབས་མེད་པའི་གཞི་ཆེས་མུན་ནག་ཅན་གྱི་ཁོར་ཡུག་ཅིག་ཏུ་འགྱུར་འགྲོ་རེད་བསམ་གྱིན་འདུག
       མདོར་ན། ང་རང་ཚོའི་ད་ལྟའི་སྐྱེ་འགྲོ་འདི་དང་འབྱུང་འགྱུར་གྱི་སྐྱེ་འགྲོ་རྣམས་ལ་བསམ་ཤེས་ཀྱིས་ཁོར་ཡུག་གཅེས་སྐྱོང་ལེགས་པོར་བྱས་ཏེ་གྲོན་ཆུང་གིས་འཚོ་གནས་ཚུལ་བཞིན་དུ་བྱེད་པ་དང་བྱམས་བརྩེ་དང་མ་བྲལ་བའི་རྣམ་དཔྱོད་ལྡན་པའི་སྤྱི་ཚོགས་གང་དུ་གནས་པ་དེ་ནི་ཀུན་ལ་ཕན་པ་དང་ཀུན་གྱི་མིག་དཔེ་འོས་པ་ཞིག་ཏུ་འདོད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁོར་ཡུག་སྲུང་སྐྱོབ།

2011-08-23 སྦྱིན་པ།༼ནུབ་བྱང་མི་རིགས་སློབ་ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།