བུད་མེད་ཉོན་མོངས་མང་བ་བདེན་ནམ།

   མཚན་སྙན་ཆེ་བའི་མཁས་པ་སློབ་དཔོན་ཐོགས་མེད་ཀྱིས། བྱང་ས་ལས། བུད་མེད་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པ་དང་པོ་འདས་པ་ཉིད་ནས་བུད་མེད་ཀྱི་དངོས་པོ་སྤངས་པས་ན། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་ནམས་ཀྱང་བུད་མེད་དུ་མི་འགྱུར་བ་དང༌། བུད་མེད་ཐམས་ཅད་ནི་རང་བཞིན་གྱིས་ཉོན་མོངས་པ་མང་བ་དང༌། ཤེས་རབ་འཆལ་བ་ཡིན་ལ། རང་བཞིན་གྱིས་ཉོན་མོངས་པ་མང་བའི་རྒྱུད་དང༌། ཤེས་རབ་འཆལ་པའི་རྒྱུད་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་པའི་ཕྱིར་རོ། །ཞེས་གསུངས་པ་ནི། སངས་རྒྱས་ཀྱིས། མདོ་མཛངས་བླུན་ལས། ངའི་ཆོས་ནི་ནམ་མཁའ་དང་འདྲ་སྟེ། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། ཕྱུག་པོ་དང་། དབུལ་པོ་གང་སུ་ཡང་རུང་མི་ཆུད་པ་མེད་དོ། །ཡིད་བཞིན་དུ་སྤྱོད་དུ་གནང་ངོ་། །ཞེས་གསུངས་པ་དང་འགལ་བར་འདུག་ཅིང་། དོན་བློར་ཡང་ཤོང་དཀའ་བ་ཞིག་སྟེ། བུད་མེད་ཀྱི་རྟེན་ལ་སངས་རྒྱས་མེད་ན། ཆོས་སྐུ་ཡུམ་ཆེན་མོ་གསེར་མདོག་ཕྱག་བཞི་མ་གང་དུ་སྐྱེལ་རྒྱུ་ཡིན། ཡུམ་ཆེན་མོར་བུད་མེད་ཀྱི་ཐ་སྙད་མེད་ན་ནི། ཆོས་སྐུ་རྡོ་རྗེ་འཆང་ལའང་སྐྱེས་པའི་ཐ་སྙད་ཇི་ལྟར་འཇོག །ཡང་ན་ཐམས་ཅད་ཕོ་མིན་མོ་མིན་ཁྱུ་གཅིག་ཏུ་ཁས་ལེན་རྒྱུ་ཡིན་ནམ། བྱང་ཆུབ་སེམས་དཔའ་ནམས་ཀྱང་བུད་མེད་དུ་མི་འགྱུར་ན། རྗེ་བཙུན་སྒྲོལ་མ་གང་དུ་སྐྱེལ། མཐོང་སྒོམ་གྱི་རྟེན་དུ་བུད་མེད་བཤད་པའང་ཅི་ཞིག་ཏུ་འགྱུར། ལྷག་པར་བུད་མེད་ཉོན་མོངས་མང་བ་ནི་དངོས་དོན་དང་མི་མཐུན་པ་སྟེ། རྩ་ཉོན་དྲུག་དང་ཉེ་ཉོན་ཉུ་ཤུ་ཞེས་པའི་སེམས་ཀྱི་འཛིན་སྟངས་དེ་ཚོ། སྐྱེས་ཕོ་མོ་ཚང་མར་ཡོད་ཆ་མཉམ་ལས་བུད་མེད་ལ་སྒེར་ཐོབ་གཅིག་ཀྱང་མེད་ཅིང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཟེར་བའང་སེམས་ཅན་སྤྱིའི་ཉོན་མོངས་ལས་བུད་མེད་ལ་ཐེ་བ་གཅིག་ཀྱང་མེད་ན། ཉོན་མོངས་ཇི་ལྟར་མང་བར་འགྱུར། མངོན་སུམ་དུ་མཐོང་བ་ལྟར་ནའང་བུ་མོ་ལས་བུ་ཉོན་མོངས་ཤུགས་ཆེ་བ་ལྟ་བུ་ཡོད་དེ། འཁྲུགས་པ་རྒྱག་མཁན་ཕལ་ཆེ་བ་ནི་བུ་ཡིན་ཅིང་། སྐྱེས་པས་བུད་མེད་ལ་གཞང་རིན་སྤྲད་པ་ཡོངས་ཁྱབ་དང་། བུད་མེད་ཀྱིས་སྐྱེས་པར་རྒྱོ་རིན་སྤྲད་པ་ནི་ཧ་ཅང་དཀོན། ང་ཚོའི་སྤྱི་ཚོགས་ལ་མཚོན་ནའང་། ཆང་དང་། ཐ་མག །ཉལ་ཐ་སོགས་མ་རབས་བྱ་མཁན་མང་ཆེ་བ་བུ་ཡིན་ཞིང་བུ་མོ་ཧ་ཅང་གིས་ཉུང་། བུད་མེད་ཤེས་རབ་འཆལ་བ་ཟེར་བའང་། བུད་མེད་ཤེས་རབ་ཀྱི་རང་བཞིན་ཟེར་བ་དང་དངོས་འགལ་དུ་འདུག །འདི་དག་ངས་བུད་མེད་ཐོབ་ཐང་གི་སྐད་ཆ་མིན། ང་ཚོའི་ཆོས་འདི་དངོས་དོན་དང་མཐུན་པའི་ལེགས་བཤད་བླ་ན་མེད་པ་ཞིག་ཡིན་རབས་འཛམ་བུའི་གླིང་ལ་བཤད་ཀྱིན་ཡོད་པས། འགལ་བ་འདི་ཚོ་ལ་ཡང་ལན་ཞིག་དགོས་པས་ཡིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུད་མེད་ཉོན་མོངས་མང་བ་བདེན་ནམ།

2011-08-23 མེ་ཏོག་ལྷ་མཛེས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།