སེམས་ཁྲལ་དང་མྱོང་སྣང་།

   ངའི་སྙིང་དུ་སྡུག་པའི་ཀློག་པ་པོ་ལགས།༼སློབ་ཆེན་པ༽ཞེས་པའི་སྤྱི་མཚན་གྱི་མིང་བརྡ་འདིར་ཁྱོད་ཀྱང་ འདུ་སྲིད་ལ་ང་ཡང་འདུ་སྲིད།ཡིན་ཡང་།འདི་གཙོ་བོ་མ་རེད།གཙོ་བོ་འུ་ཅག་གི་སྤྱོད་ལམ་དང་ཀུན་སྤྱོད་རེད།
སློབ་གྲྭའི་དཔེ་ཀློག་ཁང་ནང་དུ་མི་རིགས་མི་གཅིག་པའི་སློབ་གྲོགས་ཚང་མས་འཇམ་འཇགས་སེར་དཔེ་ ཆར་བལྟས་ཡོད་སྐབས།ཏག་ཏག་སྐབས་དེ་ལ།རྒྱུས་ཡོད་ཀྱི་ཁ་པར་འབོད་བརྡ་ཞིག་གྲགས་བྱུང་།སྐད་ལ་ཉན་མ་ཐག་ཁ་པར་དང་ལེན་བྱེད་མཁན་དེ་ཨ་མདོའི་སློབ་གྲོགས་ཤིག་ཡིན་པ་ཤེས་ཐུབ། ཁོར་འཛེམ་དོགས་ཅི་ཡང་མེད་པར་དཔེ་ཀློག་ཁང་ནང་དུ་སྐད་ཆེན་པོས་ཁ་བརྡ་བྱས་བྱུང་།སྐབས་དེར་དཔེ་ཀློག་ཁང་ནང་གི་སློབ་གྲོགས་རེ་འགས་སུན་སྣང་གིས་མིག་ཟུང་ཆེར་བགྲད་ནས་བོད་ཀྱི་སློབ་གྲོགས་དེར་བལྟས་འདུགསྐབས་དེར་ཚང་མས་ཁོ་བོད་མི་ཞིག་ཡིན་པ་ཤེས་ཡོད་ལ།བོད་ཀྱི་སློབ་ཆེན་པ་ཞིག་ཡིན་པའང་ཤེས་ཡོད།སང་ཉིན་ནམ་ཡང་ན་ཉིན་འགའི་རྗེས་ནས་དཔེ་ཀློག་ཁང་ནང་དུ་ཁམས་པས་སློབ་གྲོགས་ཤིག་གམ་ཡང་ན་དབུས་ གཙང་གི་སློབ་གྲོགས་ཤིག་གིས་འཛེམ་དོགས་ཅི་ཡང་མེད་པར་སྐད་ཆེན་པས་ཁ་པར་དང་ལེན་བྱེད་སྲིད་ཅེས་ བདག་གིས་སྤོབས་པ་གཟེངས་སུ་བསྟད་ནས་སྨྲ་བར་སྤོབས།
    ཏག་ཏག་སློབ་ཁྲིད་གྲོལ་ཏེ་སློབ་གྲོགས་རྣམས་ཕྱིར་མལ་ཁང་དུ་ལོག་སྐབས།ཡང་ན་ཏག་ཏག་སློབ་ཁྲིད་ཚོགས་ཏེ་སློབ་གྲོགས་རྣམས་སློབ་ཁང་དུ་འགྲོ་སྐབས།སློབ་གྲོགས་རྣམས་དོག་དྲགས་པའི་སྲང་ལམ་བརྒྱུད་ནས་གཅིག་རྗེས་གཅིག་གིས་འདེད་ནས་འགྲོ་སྐབས། ལག་ཏུ༼ཚིག་རྒྱན་རིག་པའི་སྒོ་འབྱེད༽ཀྱི་དཔེ་དེབ་བཟུང་བའི་སློབ་གྲོགས་ཤིག་གིས་སྣང་དོགས་ཅི་ཡང་མེད་པར་ལུས་ཀྱི་ཁོང་གསེང་ན་ཡུན་རིང་ལུས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་མ་ལུས་གཅིག་ཏུ་འདུས་ལོས་ཡོད་ སྙམ་པའི་ཁ་ལུད་སེར་ལྡང་ཞིག་ལམ་འགྲམ་དུ་འཕང་བྱུང་།གཡས་གཡོན་གྱི་མི་ཚང་མས་བོད་ཀྱི་བོད་སློབ་ཆེན་པ་དེར་བཅར་འདུག
ནམ་གུང་གི་དུས་ཚོད་གཅིག་གཟར་འདུག
    ཏག་ཏག་སློབ་གྲོགས་ཚང་མ་གཉིད་ཀྱི་ཞིང་ཁམས་སུ་བདེ་བར་ཞུགས་འདུག་པའི་སྐབས་དེར།མིན།སློབ་གྲོགས་ལ་ལས་དཔེ་ཆར་ལྟ་བཞིན་ཡོད་ཀྱང་སྲིད།སྐབས་དེར་སློབ་གྲོགས་ཤིག་གཅིན་གཏོང་དུ་འགྲོ་དགོས་བྱུང་།གར་ ཡོང་མི་ཤེས་པའི་གླུ་སྐད་རྣར་གཟན་པ་ཞིག་གིས་སློབ་གྲོགས་མང་པོ་ཞིག་གི་རྨི་ལམ་དཀྲོགས་བྱུང་།སློབ་གྲོགས་མང་པོ་ཞིག་བསམ་གཞིག་དཀྲུགས་བྱུང་།གླུ་དབྱངས་ལེན་མཁན་དེའང་བོད་ཀྱི་སློབ་ཆེན་པ་ཞིག་རེད། ངའི་ཉེ་འགྲམ་ན་འདི་དང་འདི་ལྟ་བུའི་དཔེ་གཞི་གསོན་པོ་མང་པོ་ཞིག་ཡོད་མོད་འདིར་མང་བར་དོགས་ནས་མང་པོ་ཞིག་འབྲི་བར་མི་བྱ།
  གོང་བརྗོད་ཀྱི་དཔེ་གཞི་དེ་དག་དང་འབྲེལ་བའི་དཔྱད་པ།
  ལར་འུ་ཅག་གི་སྣང་ངོར་འུ་ཅག་གི་བྱ་སྤྱོད་དེ་མིག་ལ་མཛེས་ཤིང་སྣང་ངོར་འོང་བ་ཞིག་ཏུ་བསམ་བཞིན་ཡོད་ལ།དེ་དག་ཀྱང་འུ་ཚང་གི༼རྟགས༽ཤིག་ཏུའང་རྩི་བཞིན་འདུག ལར་མི་བུ་ཞིག་གི་ཕྱིའི་ཀུན་སྤྱོད་དང་གཤིས་སྤྱོད་དག་ལས་མི་བུ་དེ་ཉིད་ཀྱི་ནང་སེམས་ཀྱི་འཇིག་རྟེན་ཏེ་བསམ་པའི་གོ་རྟོགས་ཤེས་ཐུབ་ལ།ང་ཚོ་རང་བྱུང་གི་མི་ཞིག་ལས་སྤྱི་ཚོགས་ཅན་གྱི་མི་ཞིག་ཏུ་འགྱུར་བཞིན་པའི་གོ་རིམ་ཁྲོད་སྤྱི་ཚོགས་ཀྱི་སྒྲིག་ལུགས་མང་པོ་ཞིག་མི་འདོད་བཞིན་དང་ལེན་བྱེད་དགོས་ཤིང་མི་འདོད་བཞིན་བརྩི་སྲུང་བྱེད་དགོས་པ་རེད།སྒྲིག་ལུགས་མང་པོ་ཞིག་འུ་ཅག་གི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་མཛེས་དཔྱོད་ ཀྱི་མ་ལག་ཅིག་ཏུ་གྲུབ་འདུག
   དཔེར་ན།སློབ་གྲྭའི་ཟ་ཁང་དུ་ཟ་མ་ཉོ་སྐབས་གོ་རིམ་ལྟར་གྲལ་སྒྲིག་དགོས་པ་དང་།གང་འདོད་དུ་ཁ་ལུད་མི་ འཕེན་པ་དང་ཐུན་མོང་ངམ་ཚོགས་པའི་གྲས་སུ་སྐད་ཆེན་པོས་འུར་མི་རྒྱག་པ་སོགས་ཀྱི་སྒྲིག་ལུགས་འདི་དག་ གིས་འུ་ཅག་གི་གདོད་མའི་རང་གཤིས་རྒད་པོ་དེ་འཇུན་ཅི་ཐུབ་བྱེད་བཞིན་ཡོད་ལ། ཡང་ན་དངོས་ཤུགས་གང་རུང་ནས་འུ་ཅག་སྤྱི་ཚོགས་ཅན་གྱི་མི་ཞིག་ཏུ་འགྱུར་བར་རམ་འདེགས་ཀྱི་ནུས་པ་ ཐོན་གྱིན་འདུག  སྤྱི་ཚོགས་ཀྱི་སྒྲིག་ལུགས་དེ་དག་བརྩི་སྲུང་བྱེད་དགོས་མིན་གྱི་ཐད་ནས་འདི་ཞེས་སྒེར་གཅོད་ཀྱི་བསྡོམས་ཚིག་ ཅིག་འཇོག་པར་མི་རུང་ནའང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོས་ཐད་ནས་མནོ་བསམ་ཕྲན་ཙམ་བཏང་ན་གོང་བརྗོད་ཀྱི་བྱ་སྤྱོད་དེ་དག་ལས་ཀྱང་ གནད་དོན་མང་པོ་ཞིག་མཐོང་ཐུབ་པ་སྟེ།འུ་ཅག་ལ་ཐུན་མོང་ངམ་ཚོགས་པའི་འདུ་ཤེས་མེད་པ་ཤེས་ཐུབ་ལ། ཐུན་མོང་ལ་མཐུན་འཇུག་བྱེད་པའི་བསམ་བློ་དང་ཚོགས་པ་ལ་བབ་བསྟུན་བྱེད་པའི་འདུ་ཤེས་མེད་པའང་ཤེས་ཐུབ།ཚོགས་པ་དང་ཐུན་མོང་གི་འདུ་ཤེས་མེད་པའི་རང་བྱུང་གི་སྤྱི་ཚོགས་ཤིག་ལས་མཚར་ལོངས་བྱུང་བའི་འུ་ཅག་གི་བྱ་སྤྱོད་དེ་དག་གཞན་པའི་མིག་ལམ་དུ་ཆེས་དམུ་རྒོད་ཀྱི་གཤིས་སྤྱོད་ཅིག་དང་ཆེས་སྒེར་སེམས་ཀྱི་སྣང་ཚུལ་ཞིག་ཏུ་ངེས་འཛིན་མི་བྱེད་པའི་ངེས་པ་ག་ལ་ཡོད།   སྐབས་འགར་ངས་འུ་ཅག་ནི་གཞན་གྱི་ཕན་གནོད་ལ་བསམ་བློ་མི་གཏོང་བའི་མི་བུ་སྒེར་སེམས་ཅན་དག་ཡིན་པར་འདོད་ལ།གཞན་དག་མིག་ནང་དུ་མི་འཇོག་པའི་མི་བུ་ང་རྒྱལ་ཅན་དག་ཀྱང་ཡིན་པར་འདོད།སློབ་སྦྱོང་གི་ དམུགས་ཡུལ་ནི་མི་བུ་རང་ཉིད་བཙོ་སྦྱངས་དང་༼མི༽ཡང་དག་གམ་༼མི༽ཚུལ་ལྡན་ཞིག་ཏུ་བརྩོན་པ་ཡིན་ན་འུ་ཅག་ལ་ཅི་ཞིག་བྱུང་བ་ཡིན་ནམ།དོན་དམ་དུ་འུ་ཅག་གིས་སློབ་སྦྱོང་ཡང་བྱེད་ཤེས་བཞིན་མེད་པ་འདྲ།
   གོང་བརྗོད་ཀྱི་དཔེར་བརྗོད་དེ་དག་ནི་ལོ་ངོ་བཅུ་གཉིས་ལྷག་ལ་སློབ་གསོ་མྱངས་ཤིང་རང་ཉིད་མཆོག་ཏུ་འཛིན་པར་དགའ་བའི་འུ་ཅག་གི་སྤྱོད་པ་རེད་ཟེར་ན་འགྲེལ་པར་དཀའ་བ་ཞིག་དང་བརྗོད་པར་ནོངས་པ་ཞིག་རེད།ཁ་ཐོར་གྱི་འཚོ་སྡོད་ལ་གོམས་ཤིང་ལུགས་མེད་ཀྱི་འཚོ་ཐབས་ལ་འདྲེས་པའི་འུ་ཅག་གིས་ཀྱང་རང་ཉིད་ཅི་བྱེད་མཁན་ཞིག་ཡིན་པ་དང་རང་ཉིད་གང་ན་ཡོད་པའི་ཐད་ལ་བསམ་བློ་གཏོང་དགོས་སྙམ།                           

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཁྲལ་དང་མྱོང་སྣང་།

2011-07-13 ཉ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།