རྫ་ཆུ་ཐིགས་པ་གཅིག་དང་ཇ་ཁོ་ཧྥེ།

རྒྱ་ཕྱུག་བསོད་ནམས་ཚེ་བརྟན།༼མཚོ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-01

   འདས་པའི་ལོ་ངོ་གཅིག་ཙམ་གྱི་ཡར་སྔོན་དུ་རང་བྱུང་ཁམས་ཆེན་མོའི་ཕྱིར་རྒོལ་དྲག་པོའི། ཁམས་སྐྱེ་དགུའི་གནས་ས་གཏོར་ཅིང་ཆ་ཡ་བརྡབ་ཏེ།ས་ཡོམ་གྱི་གཡུལ་འགྱེད་ཁྲག་དྲི་དྲོ་བ་ལངས་པ་ནས། འཛམ་གླིང་གི་ཟེ་བ་མཐོ་སྒང་གི་སྤྱི་གཙུག་ཏུ་གྱུར་བའི་དག་ཞིང་འདིར། ཕ་འབོད་མ་འབོད་གྱི་སྡུག་ངུ་དང། ཡུགས་ཕོ་ཡུགས་མོས་ཆགས་ཀྲུམ་ཆོར་བའི་བརྩེ་དུང་གི་གོང་བུ་ཞིག་ལ་འཐམ་ནས་ངུ་ཤུམ་རྒྱག་པ་བསམ་ན། གློ་རྡོག་ཏུ་བྲང་ཁོག་འཇགས་ཐབས་བྲལ་བའི་ཟུག་གཟེར་ཞིག་གིས་རྐང་འཁྱོམ་རྒྱག་ལ། ངའི་སྤྱི་གཙུག་ལ་སྤར་བའི་མཆོད་རྐོང་འོག་གི་འགྲོ་བ་གང་རུང་ཞིག་རྡུལ་དུ་འཐིམ་པའི་དངངས་འདར་ཡང་སྐྱེས་ཀི།
  ས་ཡོམ་འཇགས་པ་ནས། ཁམས་སྐྱེ་དགུ་རུ་གནོད་སེལ་རྒུད་སྐྱོབ་ཀྱི་མཐོ་རླབས་འཁྱུར་ཞིང། ཡོད་པའི་རྒྱུ་ཤུགས་དང་མེད་པའི་སེམས་ཤུགས་བཏོན་ཏེ་སྡུག་བསྔལ་ལས་སྐྱོབ་གང་ཐུབ་བྱས་ཡོད་ལ། ཕྲན་གྱིས་འདིར་གླིང་བར་བྱ་བ་ནི་རྒུད་སྐྱོབ་ཟུར་ངོས་ཀྱི་སློབ་མ་དག་ཡིན། ཐོས་ཚོད་དང་མཐོང་ཚོད་ལ་གནས་སྤོས་སློབ་མར་གཙོ་བོ་བོད་ཁུལ་དང་ནང་ལོགས་གཉིས་སུ་དབྱེ་ན་གླེང་བྱ་ནི་ཕྱི་མ་ཡིན།
  ཡུལ་ཤུལ་གྱི་གནས་སྤོས་སློབ་གྲོགས་ཚོ།ང་ཡང་ཁྱོད་ཚོ་འདྲ་བའི་བོད་རིགས་ཀྱི་སློབ་འབྲིང་སློབ་མ་ཞིག་ཡིན་ལ། རྣ་ལ་ཐོས་ཚོད་དང་ཁ་ལ་ཡོང་ཚོད་ཐམས་ཅད་སྣག་རིས་སུ་ཕབ་རྒྱུ་དེ་ཙམ་མི་དགའ་ཡང། ཁ་སང་རེ་རེ་བཞིན་རྒུད་སྐྱོབ་ཀྱི་གཤོག་འོག་ནས་ནང་ལོགས་སུ་གཤར་བ་དྲན་ན། ངས་ནི་གང་ལྟར་གདོང་སྨུག་པོ་ཅན་གྱི་རྗེས་རབས་དང་ཀ་ཕྲེང་སུམ་བཅུའི་བརྗོད་པ་གཅིག་ཏུ་ཁེལ་བའི་ཁྱེད་ཚོར་སེམས་གཏམ་ཞིག་རང་ཤུགས་སུ་བརྗོད་འདོད།    སྤྱིར་ན། ཐེངས་འདིའི་ས་ཡོམ་གནམ་འཁྱོམ་གྱིས་ང་ཚོས་གཞིས་མཁར་སྐྱ་བོ་དེ་ལྷག་ཏུ་མགོ་ཆག་སྣ་རལ་ཏུ་བཏང། གདུང་རྒྱུད་གཅིག་པའི་ང་ང་ཚོའི་ཅིས་ཀྱང་དྲོད་ཁུལ་ལྡན་པའི་ཁྱིམ་གཞིས་ཤིག་འཛུགས་བསྐྲུན་བྱེད་ངེས་ལ། ཕ་མེས་ཀྱི་བླ་རྡོ་སྨུག་པོ་སླར་ཡང་བང་འཛོད་དུ་བཞུག་ངེས། གོ་རིམ་འདིའི་ཁྲོད་དུ། རྒྱལ་ཁབ་ཀྱིས་ཁྱོད་ཚོ་ནང་ལོགས་སུ་སློབ་སྤྱོང་ལ་བཏང་བ་ཐོས་ཤིང། འགྲུལ་བཞུད་པ་ཁྱོད་ཚོ་བདེ་ལེགས་ངང་སློབ་ར་སོ་སོ་རུ་འབྱོར་བའང་ཐོས་བྱུང། གོ་སྐབས་འདི་ནི་སྤྱོད་ཤེས་བཞག་ན། ཁྱོད་ཚོ་ནི་ལས་སྣང་དག་པའི་བོད་གྱི་སློབ་མ་སྐོར་ཞིག་སྟེ། སྔོན་གྱི་ཚ་རུང་བ་སོགས་ཀྱི་གསར་གཏོད་གྱི་གྲུབ་འབྲས་དེ་ཁྱོབ་ཚོས་ཀྱང་ཁྱེར་ཡོང་ངེས་ལ། རྒྱལ་ཁམས་པ་དགེ་ཆོས་ཀྱི་མཐོང་རྒྱ་དེའང་ཁྱོད་ཚོས་རེག་ངེས། ཡིན་ནའང། ལྡོག་བཞག་ན། འདི་ནི་རྫ་ཆུ་ཐིག་པ་གཅིག་ཇ་ཁོ་ཧྥེ་གང་དང་འདྲེས་བ་དང་འདྲཞིང། ངོ་བོ་འགྱུར་བ་སྔ་མ་རེད། མེས་བོ་གཏོར་བ་སྔ་མ་རེད་ལ། ཕངས་སེམས་ཆེ་བ་སྔ་མ་རེད་པས། གསར་སྐྱེས་ཀྱི་ལྗང་བུ་ཕྲ་མོའི་རང་ལྕོགས་མ་ཐུབ་པར་ཙད་གྱིས་སྐམ་པ་རེད། སད་གྱིས་བཅོམ་པ་རེད། ཆུ་ཡིས་བསྡུབ་པ་རེད།
  གལ་སྲིད། རྫ་ཆུ་ཐིགས་པ་གཅིག་པོ་དེ་ཇ་ཁོ་ཧྥེ་གང་དུ་འདེས་བཞག་ན། ང་ཚོའི་ངེས་པར་དུ་ཡ་ཧུ་ད་པའི་གཏམ་རྒྱུད་ཅིག་ལ་ཕྱིར་རྟོག་བྱེད་དགོས་ཏེ། གྲུ་ལམ་གསར་བ་བཏོད་པ་ནས་འཛམ་གླིང་གི་མནར་གཅོད་སྡུག་ལས། དྲག་ལས་ཀྱི་ལྕགས་ནག་ནར་མོ་དེ་ཡ་ཧུ་ད་པའི་སྟེང་ལ་བབས་ཤིང། ཁ་ཐོར་ཁ་བྲལ་བཏང། དེ་ལས་ཀྱང་འཇིགས་ཡེར་བ་ནི་མ་ཡུམ་གྱི་ལུས་དྲི་ལྷུག་ལྷུག་ཏུ་མཆེད་པའི་སྐད་ཡིག་གི་འདུག་སྤོས་ལོ་ངོ་སྟོང་ལྷག་ལ་མི་སེར་སྤེལ་ཡུལ་གྱི་་བྱེ་འོག་ཏུ་ནུབ་པ་དེ་རེད། ཤེས་རིག་གི་གཟི་འོད་ལྷེམ་ལྷེམ་དུ་འབར་བའི་གསུང་རབ་ཀྱི་ཞགས་སྒྲོན་རེ་རེ་བཞིན་བཙན་བདག་གད་གི་ཕུ་རྒྱགས་འོག་གཟུམས་པ་དེ་རེད།ཡིན་ནའང། འུ་ཚོ་བོད་གྱི་གཏམ་དཔེ་ལ། “ཨ་མའི་བུ་ལ་སྙིང་རུས་ཡོད་ན། དགའ་ལྡན་གསེར་ཁྲུར་བདག་པོ་མེད། ” ཅེས་པ་བཞིན་ཡ་ཧུ་ད་པའི་ཕོ་ཁྱོ་ག་ཞིག་གི་སྙིང་རུས་ལས་ལོ་ངོ་སྟོང་ལ་གཏན་དུ་གཟིམས་པའི་ཧེབ་རེ་སྐད་དེ་{དམ་པའི་གསུང་རབ} གཅིག་ལས་འདས་ལོག་བྱུང་བའི་གཏམ་རྒྱུད་ཀྱང་ཐོས་རྒྱུ་ཡོད་བཞག་ན། འཇིགས་ཡེར་བའི་འདས་སོང་རེ་རེ་ང་ཚོའི་ཕྱིར་ལྡོག་ཐུབ་ཅིང། སྐྱི་ཡེར་བའི་ལས་དབང་རེ་རེ་ང་ཚོའི་བསྒྱུར་བཅོས་གཏོང་ཐུབ།
  གང་ལྟར། ས་ཡོམ་ནི་ཅིའི་ཀྱང་གཡོ་འཁྱོམ་བརྒྱབ་སོང་ལ། ཁྱོད་ཚོའང་རེ་རེ་བཞིན་འགྲུལ་བཞུད་ཀྱི་ལམ་ཏུ་ཆས་པས། ཕྱིར་ལྡོག་ག་ལ་ཡོད།
  ཕོ་ཁྱོ་གའི་རྒྱལ་ཁམས་འགྲིམ་དགོས་པ་བཞིན། ཡོད་ཚད་ལ་འཁང་ར་ལེ་ལེན་འདབ་མི་རུང་ཞིང། མིག་ཆུ་ནི་དེ་བས་ཀྱང།
  གང་ལྟར། ངས་ཁྱོད་ཚོའི་ཕ་མེས་ཀྱི་བླ་རྡོ་གདགས་རྒྱུ་བརྗིད་མེད་པར་ཡིད་ཆེས་ཡོད་ལ། ངས་ཁྱོད་ཚོའི་ཀ་ཕྲེང་སུམ་བཅུའི་ཕྲེང་བརྒྱུས་བའི་སྐད་ཡིག་གི་ཀློག་དེབ་དེའིང་བརྗིད་མེད་ཅིང༌། མཚམས་སྤྲིན་གྱི་གཤོག་འོག་དེ་ན་བོད་སྐད་རྒྱག་བཞིན་ཡོད་པར་ཡང་ཡིད་ཆེས་ཡོད།
  མཇུག་མཐར། རྫ་ཆུ་ཐིགས་པ་གཅིག་དང་འདྲ་བའི་ངའི་ཡུལ་ཤུལ་གྱི་གནས་སྤོས་སློབ་གྲོགས་ཚོ། དགའ་བདེ་དང་ཡོ་ལང་ཅི་ཡིས་བརྟས་ཀྱང༌།ཁྱེད་ཚོའི་རང་ཉིད་གྱི་གདོང་གཤིས་མཁྲེགས་པོར་སྲུང་འཛིན་གྱི་སྲབ་བསྐྱོན་དགོས་ཤིང༌། ཁེ་ཕན་དང་ལོངས་སྤྱོད་གང་གིས་བརྒྱན་ཀྱང༌། ཁྱེད་ཚོའི་རང་ཉིད་གྱི་ཕ་སྐད་གཙང་མར་བདག་པོ་རྒྱག་དགོས་ལ། མཆུ་ཡི་རླངས་པ་རེ་རེ་ནས་ཆུ་ཐིགས་བཞིན་ཟགས་པས་སྨོན་འདུན་ཡང་ཞུས་པ་ལེགས་སོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྫ་ཆུ་ཐིགས་པ་གཅིག་དང་ཇ་ཁོ་ཧྥེ།

2011-06-01 རྒྱ་ཕྱུག་བསོད་ནམས་ཚེ་བརྟན།༼མཚོ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།